Search:
TermEnglish DefinitionTibetan Definition
Schemas འཆར་བཀོད། neurosci.
Schachter-Singer theory ཤེཀ་ཊར་དང་སིང་གྷར་གྱི་རྣམ་གཞག neurosci.
Scenario བྱུང་བ། འཁྲབ་ཚན། གནས་སྟངས། SEE Learning
Scavenger རོ་གཟན། biol.
scatterplot ཐོར་རིས། Res.
scattering འཐོར་འགྲེམས། phys. Emission in random directions of light that encounters particles that are small compared to the wavelength of light; more often at short wavelengths (blue) than at long wavelengths (red). འོད་ཟེར་ཞིག་འོད་ཀྱི་རླབས་ཐག་ལས་ཆུང་བའི་རྡུལ་ལ་ཐུག་སྐབས་འོད་ཟེར་དེ་ཕྱོགས་ངེས་མེད་དུ་འཕྲོ་བ་ལ་གོ ཕལ་ཆེ་བར་རླབས་ཐག་རིང་པོ་ལས་ (དམར་པོ་) རླབས་ཐག་ཐུང་ཐུང་ (སྔོན་པོ་) གི་སྐབས་སུ་ཐོར་འགྲེམས་མང་བ་བྱེད།
scatter ཐོར་འཕྲོ། phys.
scatter graph ཐོར་རིས། math. A graph showing data for two or more variables as coordinates in a Cartesian system of two or more axes, often appearing as scattered or clustered dots. འགྱུར་གྲངས་གཉིས་སམ་དུ་མ་དང་འབྲེལ་བའི་གྲངས་ཐོ་རྣམས་ཁར་ཊིའི་ལུགས་ཀྱི་སྲོག་ཤིང་གཉིས་སམ་དུ་མ་ཡོད་པའི་ངོས་སུ་འབྲེལ་གནས་ཀྱི་ངོ་བོར་མཚོན་པར་བྱས་པའི་དཔེ་རིས་ལ་གོ་ཞིང་། ཕལ་ཆེ་བ་ཁ་ཐོར་བའམ་ཚང་ཚིང་གི་ཚེག་གི་རྣམ་པར་མངོན་གྱི་ཡོད།
scanpath མིག་གི་བཤེར་ལམ། biol.
scanning tunneling microscope (STM) བཤེར་འབིགས་ཕྲ་ཤེལ། phys. A microscope that makes use of the phenomenon of tunneling electrons to map the positions of individual atoms in a surface or to move atoms around on a surface. འབིགས་བྱེད་གློག་རྡུལ་གྱི་མངོན་ཚུལ་སྤྱད་དེ་ངོས་ཤིག་ན་ཡོད་པའི་རྡུལ་ཕྲན་རེ་རེའི་གནས་ས་ས་ཁྲར་འགོད་པ་འམ། ངོས་ཤིག་གི་སྟེང་དུ་རྡུལ་ཕྲན་གནས་སྤོ་བྱེད་པའི་ཕྲ་ཤེལ་ཞིག
scanning electron microscope (SEM) བཤེར་ཕབ་གློག་རྡུལ་ཕྲ་ཤེལ། phys. An electron microscope in which a beam of focused electrons moves across the object with the secondary electrons produced by the object and the electrons scattered by the object being collected to form a three-dimensional image on a display screen —called also scanning microscope. སྣེ་གཅིག་ཏུ་འདུས་པའི་གློག་རྡུལ་གྱི་འཕྲོ་ཟེར་ཞིག་དངོས་གཟུགས་ཤིག་གི་ངོས་ནས་འགུལ་སྐྱོད་བྱེད་པ་དང་། དངོས་གཟུགས་དེ་ནས་ཐོན་པའི་གློག་རྡུལ་དང་། དངོས་གཟུགས་དེ་ཡིས་གཏོར་བའི་གློག་རྡུལ་རྣམས་ཕྱོགས་བསྡུས་བྱས་ཏེ་བརྙན་ཡོལ་ངོས་སུ་ཕྱོགས་ངོས་གསུམ་ལྡན་གྱི་སྣང་བརྙན་ཞིག་བསྐྲུན་པའི་གློག་རྡུལ་ཕྲ་ཤེལ་ཞིག འདི་ལ་བཤེར་ཕབ་ཕྲ་ཤེལ་ཞེས་ཀྱང་ཟེར།
scanner བཤེར་ཕབ་འཕྲུལ་ཆས། phys. 1. A machine that examines the body through the use of radiation, ultrasound, or magnetic resonance imaging, as a diagnostic aid. 2. A device that scans documents and converts them into digital data. ༡. འགྱེད་འཕྲོ་དང་། བརྒལ་སྒྲའི་རླབས། ཡང་ན། ཁབ་ལེན་མཉམ་འདར་གློག་པར་ལྟ་བུ་ནད་བརྟག་ཡོ་ཆས་སུ་སྤྱད་དེ་ལུས་པོ་ལ་བརྟག་དཔྱད་བྱེད་པའི་འཕྲུལ་ཆས་ཤིག ༢. ཡིག་ཚགས་བཤེར་ཕབ་བྱས་ཏེ་གྲངས་འཛིན་གྲངས་ཐོ་རུ་བསྒྱུར་བར་བྱེད་པའི་ཡོ་ཆས་ཤིག
scan བཤེར་ཕབ། phys. To move a finely focused beam of light or electrons in a systematic pattern over a surface in order to reproduce or sense and subsequently transmit an image. བརྙན་པར་ཞིག་བསྐྱར་བསྐྲུན་བྱེད་པའམ་ཡང་ན་ཚོར་རེག་བྱས་རྗེས་རིམ་གྱིས་བརྙན་པར་ཞིག་བསྐྲུན་པའི་ཆེད་དུ་ཕྱི་ངོས་ཤིག་ཏུ་ཧ་ཅང་རྣོ་བའི་འོད་ཟེར་ཞིག་གམ་གློག་རྡུལ་གྱི་ཟེར་མདའ་ཞིག་གོ་རིམ་ལྡན་པའི་སྒོ་ནས་འགུལ་བ།
scalp མགོ་ལྤགས། biol. The skin covering the top of the human head. མིའི་མགོ་སྟེང་དུ་གཡོགས་པའི་པགས་པ་ལ་གོ
scaling ཚད་འབྲས་རིག་པ། phys. Study of how size affects the relationship among weight, strength, and surface area. ཆེ་ཆུང་གི་ཚད་ཀྱིས་ལྗིད་ཚད་དང་། ཤུགས་ཚད། ཕྱི་ངོས་རྒྱ་ཁྱོན་བཅས་ལ་ཤུགས་རྐྱེན་གང་འདྲ་སྤྲོད་མིན་ལ་སློབ་སྦྱོང་བྱེད་པའི་རིག་པ།