Search:
TermEnglish DefinitionTibetan Definition
Sixth mass extinction སྡེབ་སྟོང་དྲུག་པ། biol.
situated conceptualization སྐབས་འབྲེལ་རྟོག་བསྐྱེད། neurosci.
Sirius སི་རི་ཡ་སི། phys. A star in the constellation Canis Major, the brightest star in the sky, approximately 8.6 light years distant from Earth. Also called Dog Star. ཁྱི་ཆེན་སྐར་ཚོམ་ནང་གི་སྐར་མ་ཞིག་སྟེ། སའི་གོ་ལ་ནས་ཧ་ལམ་འོད་ལོ་ 8.6 གི་སར་ཡོད་ཅིང་། ནམ་མཁའི་མཐོངས་ཀྱི་སྐར་མ་བཀྲག་མདངས་ཆེ་ཤོས་དེ་ཡིན། འདི་ལ་ཁྱི་སྐར་ཞེས་ཀྱང་བརྗོད།
Sirenia མཚོ་གླང་། biol.
Sinodelphys ཁུག་ལྡན་མེས་པོ། biol. [ཁུག་ལྡན་སྲོག་ཆགས་ཀྱི་མེས་པོ།]
sinoatrial node འགྲོས་མདུད། biol. A small body of specialized muscle tissue in the wall of the right atrium of the heart that acts as a pacemaker by producing a contractile signal at regular intervals. སྙིང་གི་སྦུབས་སྟོད་གཡས་པའི་ཤུན་པའི་ནང་དུ་ཡོད་ཅིང་ཆེད་ལས་ཅན་གྱི་ཤ་སྒྲིམ་ཕུང་གྲུབ་རྡོག་རྡོག་ཆུང་ངུ་ཞིག་ལ་གོ་ཞིང་། དེ་ཡིས་དུས་མཚམས་ངེས་ཅན་ལ་སྡུད་འཁུམ་གྱི་བརྡ་འཕྲིན་སྐྱེད་སྐྲུན་བྱས་ཏེ་སྐུལ་ཆས་ཀྱི་བྱེད་ལས་སྒྲུབ་ཀྱི་ཡོད། [སྦུབས་སྟོད་ཀྱི་འགྲོས་སྐྱེད་པར་བྱེད་པའི་མདུད་པ་ཡིན་པས་ན།]
singularity རྐྱང་ཉིད། phys. A mathematical point at which space and time are infinitely distorted. Calculations predict that every black hole must contain a singularity: matter falling into a black hole will ultimately be compressed to infinite densities at a single point, and in such conditions our laws of physics, including quantum mechanics, must break down. ནམ་མཁའ་དང་དུས་ཚོད་གཉིས་ཀར་ཚད་མེད་པའི་ཡོ་འཁྱོག་འབྱུང་སའི་ཨང་རྩིས་ཀྱི་ཚེག་ཅིག་ལ་གོ་ཞིང་། རྩིས་རྒྱག་གཞིར་བཞག་ན་བུ་ག་ནག་པོ་རེ་རེ་ལ་རྐྱང་ཉིད་གཅིག་ངེས་པར་དུ་དགོས་པར་སྔོན་དཔགས་བྱེད་དེ། བུ་ག་ནག་པོའི་ནང་དུ་ལྷུང་བའི་བེམ་རྫས་རྣམས་བཙིར་ཏེ་སྟུག་ཚད་ཚད་མེད་པའི་ཚེག་གཅིག་ཏུ་འགྱུར་བ་དང་། གནས་སྟངས་འདི་ལྟ་བུའི་སྐབས་སུ་ཚད་རྡུལ་འགུལ་རིག་ཐེ་བའི་ང་ཚོའི་དངོས་ཁམས་ཀྱི་གཏན་ཁྲིམས་རྣམས་བེད་མེད་དུ་འགྱུར་གྱི་ཡོད།
single-stranded molecule ཉག་རྐྱང་འདུས་རྡུལ། biol.
single-stranded ཉག་མ་གཅིག་རྐྱང་གི། biol.
Single unit recording གཞི་རྐྱང་བསྡུ་གཉེར། neurosci.
Single nucleotide polymorphisms (SNPs) ཉིང་རྡུལ་གྲུབ་ཆ་རྐྱང་པའི་གཟུགས་འགྱུར་རང་གཤིས། biol.
single bond ཆིག་ལྡན་འཆིང་བ། chem. A chemical bond in which one pair of electrons is shared between two atoms. རྡུལ་ཕྲན་གཉིས་ཀྱིས་གློག་རྡུལ་ཆ་གཅིག་མཉམ་སྤྱོད་བྱས་པ་ལས་གྲུབ་པའི་རྫས་སྦྱོར་འཆིང་བ་ཞིག
sine wave སཱ་ཡིན་རླབས། phys. The simplest of waves with only one frequency and the shape of a sine curve. ཟློས་ཕྱོད་གཅིག་ཁོ་ན་ལྡན་ཞིང་སཱ་ཡིན་གུག་རིས་ཀྱི་དབྱིབས་ཡོད་པའི་རླབས་སྟབས་བདེ་ཤོས།
sine curve སཱ་ཡིན་གུག་རིས། phys. Curve whose shape represents the crests and troughs of a wave, as traced out by a pendulum that drops a trail of sand while swinging at right angles to and over a moving conveyor belt. འགུལ་སྐྱོད་གཏོང་བཞིན་པའི་འདྲེན་ཐག་ཅིག་གི་སྟེང་དུ་དྲང་འཕྱང་དུ་ཕར་གཡུག་ཚུར་གཡུག་བྱེད་བཞིན་པའི་དཔྱང་རྡོ་ལས་བྱེ་མ་གཏོར་བ་ལ་བརྟེན་ནས་གྲུབ་པའི་དབྱིབས་དང་མཚུངས་པའི་རླབས་ཤིག་གི་ཟེ་དང་གཤོང་མཚོན་པར་བྱེད་པའི་གུག་དབྱིབས་ཀྱི་བཟོ་དབྱིབས།
simultaneity དུས་མཉམ་རང་བཞིན། phys. Occurring at the same time. In special relativity, two events that are simultaneous in one frame of reference need not be simultaneous in a frame moving relative to the first frame. དུས་མཉམ་དུ་བྱུང་བ། དམིགས་བསལ་ལྟོས་གྲུབ་རྣམ་གཞག་གི་སྐབས་སུ། ལྟོས་གཞི་གཅིག་ཏུ་དུས་མཉམ་ཡིན་པའི་བྱུང་བ་གཉིས་ནི་ལྟོས་གཞི་དང་པོ་འདི་ལ་ལྟོས་ཏེ་འགུལ་སྐྱོད་བྱེད་ཀྱིན་པའི་ལྟོས་གཞི་གཞན་ཞིག་ཏུ་དུས་མཉམ་ཡིན་དགོས་པའི་ངེས་པ་མེད།