Search:
TermEnglish DefinitionTibetan Definition
step-up transformer ཝོལ་ཚད་སྤར་ཆས། phys. A transformer in which the output (secondary) voltage is greater than its input (primary) voltage is called a step-up transformer. ནང་འཇུག་(གཙོ་བོ་)ཝོལ་ཚད་ལས་ཕྱིར་འདོན་(ཕལ་བ་)ཝོལ་ཚད་ཆེ་བའི་ཝོལ་ཚད་སྒྱུར་ཆས་ལ་ཝོལ་ཚད་སྤར་ཆས་ཟེར།
step-down transformer ཝོལ་ཚད་གཅོག་ཆས། phys. A transformer in which the output (secondary) voltage is less than its input (primary) voltage is called a step-down transformer. ནང་འཇུག་(གཙོ་བོ་)ཝོལ་ཚད་ལས་ཕྱིར་འདོན་(ཕལ་བ་)ཝོལ་ཚད་ཆུང་བའི་ཝོལ་ཚད་སྒྱུར་ཆས་ལ་ཝོལ་ཚད་གཅོག་ཆས་ཟེར།
STEM education ཚན་འཕྲུལ་བཟོ་རྩིས་ཤེས་ཡོན། སི་ཊེམ་ཤེས་ཡོན། edu.
STEM disciplines ཚན་འཕྲུལ་བཟོ་རྩིས་རིག་ཚན། སི་ཊེམ་རིག་ཚན། edu. [ཚན་རིག་དང་། འཕྲུལ་རིག བཟོ་རིག ཨང་རྩིས་བཅས་འདུས་པའི་རིག་ཚན།]
stem cell གཞུང་རྐང་ཕྲ་ཕུང་། biol. An unspecialized cell that has the potential to develop into one or more different types of specialized cells, such as blood cells or nerve cells. Embryos have stem cells that can develop into almost any kind of body cell. ཁྲག་གི་ཕྲ་ཕུང་ངམ་དབང་རྩའི་ཕྲ་ཕུང་ལྟ་བུའི་ཆེད་ལས་ཅན་གྱི་ཕྲ་ཕུང་གི་རིགས་མི་འདྲ་བ་གཅིག་གམ་དུ་མར་འཚར་འཕེལ་བྱེད་པའི་ནུས་པ་དང་ལྡན་ཞིང་ཆེད་ལས་ཅན་མིན་པའི་ཕྲ་ཕུང་ཞིག་ལ་ཟེར། སྦྲུམ་སྲིང་གི་ནང་དུ་ལུས་ཀྱི་ཕྲ་ཕུང་གི་རིགས་གང་ཡང་རུང་བ་ཞིག་ལ་འཚར་འཕེལ་བྱུང་ཐུབ་པའི་གཞུང་རྐང་ཕྲ་ཕུང་ཡོད།
stellate cell སྐར་གཟུགས་ཕྲ་ཕུང་། neurosci. Generally, any cell with a starlike shape; specifically, such a cell in the cerebral cortex, particularly the fourth layer, and in the molecular layer of the cerebellum. སྤྱིར་སྐར་མ་འདྲ་བའི་དབྱིབས་ཅན་གྱི་ཕྲ་ཕུང་གང་ཡང་རུང་བ་ཞིག་དང། བྱེ་བྲག་ཏུ་ཀླད་ཆེན་ཀླད་ཤུན་གྱི་རིམ་པ་བཞི་པ་དང། ཀླད་སྙིང་གི་འདུས་རྡུལ་རིམ་པའི་ནང་དུ་ཡོད་པའི་ཕྲ་ཕུང་ཞིག
stellar parallax སྐར་མའི་མཐོང་ཁྱད། phys.
steering wheel ཁ་སྒྱུར་འཁོར་ལོ། phys.
steel དྭངས་ལྕགས། phys. A strong metal that is a mixture of iron and carbon, used for making things that need a strong structure, especially vehicles and buildings. ལྕགས་དང་ནག་རྫས་བསྲེས་ནས་བཟོས་པའི་ལྕགས་རིགས་མཁྲེགས་པོ་ཞིག སྒྲོམ་བརྟན་པོ་ཞིག་མཁོ་བའི་ཅ་དངོས་བཟོ་བར་སྤྱོད། ལྷག་པར་དུ། འགྲུལ་འཁོར་དང་ཁང་བརྩེགས་བཟོ་བར་སྤྱོད།
steam-heating system རླངས་དྲོད་མ་ལག phys. A system in which heat is transferred from a boiler or other source of heat to the radiators by means of steam at, above, or below atmospheric pressure. རླུང་ཁམས་ཀྱི་གནོན་ཤུགས་དང་ཚད་མཉམ་པའམ་མཐོ་དམའ་གང་རུང་གི་སྐབས་སུ། རླངས་ཐབ་བམ་དྲོད་ཀྱི་འབྱུང་ཁུངས་གཞན་ཞིག་ནས་ཚ་རླངས་ལ་བརྟེན་ཏེ་དྲོད་འགྱེད་འཕྲུལ་ཆས་སུ་དྲོད་ནུས་འདྲེན་པའི་མ་ལག་ཅིག་ལ་གོ
steam ཚ་རླངས། phys. The vapour into which water is converted when heated, forming a white mist of minute water droplets in the air. ཆུ་ཚ་པོ་བཟོ་བའི་སྐབས་སུ་རླངས་གཟུགས་སུ་འགྱུར་བ་དེ་ལ་གོ་ཞིང་། རླུང་ཁམས་སུ་ཆུ་རྡུལ་ཕྲ་མོའི་རླངས་ཟིལ་དཀར་པོ་ཞིག་འགྲུབ་པར་བྱེད།
STD འཁྲིག་སྤྱོད་འགོས་ནད། biol.
statistics མཐའ་རྩིས། math. The branch of mathematics concerned with the inferences that can be drawn from numerical data on the basis of probability. སྲིད་ཕྱོད་གཞིར་བཞག་པའི་གྲངས་ཐོ་ལ་བརྟེན་ནས་བྱུང་བའི་རྗེས་དཔག་ལ་འབྲེལ་བ་ཡོད་པའི་ཨང་རྩིས་ཀྱི་ཡན་ལག་ཅིག
Statistically Significant མཐའ་རྩིས་ཀྱི་ཆ་ནས་གལ་གནད་ཅན། Res.
Statistical Power མཐའ་རྩིས་ཀྱི་སྟོབས། Res.