Search:
TermEnglish DefinitionTibetan Definition
sterol ཞག་རྡེ། chem. Any of a group of naturally occurring unsaturated steroid alcohols, typically waxy solids. རང་བྱུང་དུ་སིམ་སྦྱོར་མ་ཟིན་པའི་རྣམ་པར་འབྱུང་བའི་ཞག་རྡེ་འདུས་རྫས་ཀྱི་ཆང་བཅུད་ཀྱི་སྡེ་ཚན་གང་ཡང་རུང་བ་ཞིག་སྟེ། ཁྱད་པར་དུ་སྤྲ་ཚིལ་འདྲ་བའི་མཁྲེགས་གཟུགས་སུ་ཡོད།
Steroidogenesis ཞག་རྡེ་འགྲུབ་རིམ། biol.
steroid hormone ཞག་རྡེ་རྨེན་རྫས། biol. Steroid hormone, any of a group of hormones that belong to the class of chemical compounds known as steroids; they are secreted by three “steroid glands”—the adrenal cortex, testes, and ovaries—and during pregnancy by the placenta. All steroid hormones are derived from cholesterol. ཞག་འདུས་རྨེན་རྫས་ནི་ཞག་རྡེ་འདུས་རྫས་སུ་འབོད་པའི་རྫས་སྦྱོར་འདུས་རྫས་ཀྱི་སྡེ་རུ་གཏོགས་པའི་རྨེན་རྫས་ཀྱི་སྡེ་ཚན་གང་ཡང་རུང་བ་ཞིག་ལ་ཟེར་ཞིང་། “ཞག་འདུས་རྨེན་བུ་” གསུམ་སྟེ། མཁལ་མའི་ཕྱི་ཤུན་དང། རླིག་འབྲས། བསམ་སེའུ་བཅས་ཀྱིས་གློད་འདོན་པ་དང་། སྦྲུམ་མའི་གནས་སྐབས་སུ་ཤ་མས་ཀྱང་གློད་འདོན་བྱེད། ཞག་འདུས་རྨེན་རྫས་ཐམས་ཅད་ནི་མཁྲིས་ཞག་ལས་དབྱུང་བ་ཡིན།
steroid ཞག་རྡེ་འདུས་རྫས། chem. Steroids are a type of lipid that contains four rings of carbon atoms. Steroids can act as hormones in the body. ཞག་རྡེ་འདུས་རྫས་ནི་ཁར་སྦོན་རྡུལ་ཕྲན་གྱི་ཨ་ལོང་བཞི་དང་ལྡན་པའི་ལི་ཚིལ་གྱི་རིགས་ཤིག་ཡིན་པ་དང་། འདི་ཡིས་ལུས་པོའི་ནང་དུ་རྨེན་རྫས་ལྟ་བུའི་བྱེད་ལས་ཀྱང་སྤེལ་ཐུབ།
sterilize ༡ རབས་གཅོད་པ། ༢ དུག་སེལ་བྱེད་པ། biol. 1. To eliminate the ability of a person or animal to produce offspring, as by altering or removing the reproductive organs. 2. Make (something) free from bacteria or other living microorganisms. ༡ སྐྱེད་འཕེལ་དབང་པོ་མེད་པར་བཟོ་བའམ་སྐྱེད་འཕེལ་དབང་པོ་ལ་འགྱུར་བ་བཏང་སྟེ་མི་ཞིག་གམ་སྲོག་ཆགས་ཤིག་གི་རྒྱུད་འཛར་སྐྱེད་འཕེལ་བྱེད་པའི་ནུས་པ་མེད་པར་བཟོ་བ། ༢ (དངོས་པོ་ཞིག་)སྲིན་བུའམ་སྲོག་ལྡན་ཕྲ་དངོས་གཞན་ལས་ཐར་དུ་འཇུག་པ།
sterilization ༡ རབས་གཅོད། ༢ དུག་སེལ། biol. 1. The process of making a person or animal unable to produce children, as by removing the sex organs. 2.The process of making something free from bacteria or other living microorganisms: disinfection and sterilization of surgical equipment. ༡ མཚན་མའི་དབང་པོ་མེད་པར་བཟོ་བ་ལྟ་བུ་ལ་བརྟེན་ནས་མིའམ་སྲོག་ཆགས་ཤིག་གི་རྒྱུད་འཛད་སྐྱེད་འཕེལ་གྱི་ནུས་པ་མེད་པར་བཟོ་བའི་རྒྱུད་རིམ། ༢ དངོས་པོ་ཞིག་སྲིན་བུའམ་སྲོག་ལྡན་ཕྲ་དངོས་གཞན་དང་ཁ་བྲལ་བར་བཟོ་བའི་རྒྱུད་རིམ། དཔེར་ན། གཤག་བཅོས་ཡོ་ཆས་གཉན་དུག་དག་སེལ་དང་དུག་སེལ་བྱེད་པ་ལྟ་བུ།
sterile རབས་ཆད། biol. Unable to produce offspring; infertile. རྒྱུད་འཛར་ཕྱི་མ་སྐྱེད་འཕེལ་བྱེད་མི་ཐུབ་པ་སྟེ། སྐྱེད་འཕེལ་གྱི་ནུས་པ་མེད་པ།
Stereotyping network རིགས་མཚུངས་ལྟ་ཚུལ་གྱི་དྲ་བ། phil.
Stereotype རིགས་མཚུངས་ལྟ་ཚུལ། མགོ་མཚུངས་ལྟ་ཚུལ། neurosci.
Stereoscope འབུར་རིས་བལྟ་ཆས། phys.
stereopsis ཧྲིལ་མཐོང་། neurosci.
stereophonic sound བརྡ་མང་གི་སྒྲ phys.
stereography འབུར་རིས་རིག་པ། འབུར་རིས་བཟོ་སྐྲུན། phys.
stereogram འབུར་རིས། phys.
Stereocilia ཧྲིངས་སྤུ། neurosci. [སྲ་ཧྲིངས་རྫི་སྤུ།]