Waveform རླབས་རིས། རླབས་གཟུགས། | phys. | |
wave-particle duality རླབས་རྡུལ་གཉིས་གཤིས། | phys The exhibition of both wavelike and particlelike properties by a single entity. For example, electrons undergo diffraction and can interfere with each other as waves, but they also act as pointlike masses and electric charges. | ཆོས་ཤིག་གིས་རླབས་དང་འདྲ་བ་དང་རྡུལ་དང་འདྲ་བའི་ཁྱད་ཆོས་གཉིས་ཀ་སྟོན་པ། དཔེར་ན། གློག་རྡུལ་གྱིས་སྐོར་འཕྲོ་བྱེད་ཅིང་ཕན་ཚུན་ལ་རླབས་ལྟར་ཐེ་ཞུགས་བྱེད་པ་མ་ཟད། ཚེག་ལྟ་བུའི་གདོས་ཚད་དང་གློག་ཁུར་བཞིན་དུ་ཡང་བྱ་བ་བྱེད་དོ། |
wave speed རླབས་ཀྱི་མགྱོགས་ཚད། | phys Speed with which waves pass a particular point. Wave speed = frequency X wavelength | ཚེག་ངེས་ཅན་ཞིག་བརྒྱུད་སྐབས་ཀྱི་རླབས་ཀྱི་མགྱོགས་ཚད། རླབས་ཀྱི་མགྱོགས་ཚད། = ཟློས་ཕྱོད། X རླབས་ཐག |
wave function རླབས་རྩིས། | phys. | |
wave རླབས། | phys. A “wiggle in space and time”; a disturbance that repeats regularly in space and time and that is transmitted progressively from one place to the next with no net transport of matter. | “མཁའ་དུས་ཀྱི་ནང་དུ་གཡུག་གཡུག་བྱེད་པ་” ཞིག་སྟེ། མཁའ་དུས་ཀྱི་ནང་དུ་ཆ་མཚུངས་པའི་སྒོ་ནས་བསྐྱར་ཟློས་བྱེད་ཅིང་གནས་གཅིག་ནས་གཞན་ལ་བེམ་རྫས་ཀྱི་སྐྱེལ་འདྲེན་ཁ་གཙང་མེད་པའི་སྒོ་ནས་མདུན་སྐྱོད་བྱེད་པའི་འཁྲུག་འཁྱོམ་ཞིག |
watt ཝཊ། | phys The SI unit of power, defined as a power of one joule per second. In electrical contexts it is equal to the rate of energy transformation by an electric current of one ampere flowing through a conductor the ends of which are maintained at a potential difference of one volt. The unit is named after James Watt (1736-1819). | སྟོབས་ཀྱི་རྒྱལ་སྤྱིའི་ཚད་ལྡན་བརྩི་གཞི། སྐར་ཆ་རེའི་ནང་དུ་ནུས་པ་འཇུལ་རེ་སྤྲོད་ཐུབ་པའི་སྟོབས་ཀྱི་ཚད། གློག་ནུས་ཀྱི་སྐབས་སུ། ཝཊ་གཅིག་གི་ཚད་ནི་སྣེ་མོ་གཉིས་བར་གྱི་ཝོལ་ཚད་གཅིག་ཡིན་པའི་ཁྲིད་གཟུགས་ཤིག་ཏུ་གློག་རྒྱུན་ཨེམ་པིར་གཅིག་གིས་ནུས་པ་དབོར་འདྲེན་བྱས་པའི་ཕྱོད་ལ་ཟེར། བརྩི་གཞི་འདིའི་མིང་ནི་ཇྰེམྶ་ཝཊ་(༡༧༣༦ ནས་ ༡༨༡༩)ཡི་མིང་ལ་བརྟེན་ནས་བཏགས། |
watermelon ཆུ་མེ་ལོན། ཆུ་ག་གོན། | biol. The large fruit of a plant of the gourd family, with smooth green skin, red pulp, and watery juice. | ཀ་བེད་ཀྱི་རིགས་སུ་གཏོགས་ཤིང་། པགས་པ་ལྗང་ཁུ་དང་། ནང་ཤ་དམར་པོ། ཆུ་འཛིར་འཛིར་གྱི་ཉིང་ཁུ་དང་ལྡན་པའི་ཤིང་ཏོག་ཆེན་པོ་ཞིག |
waterbed ཆུ་ཁྲི། | phys. | |
water wheel ཆུ་འཁོར། | phys. A large wheel driven by flowing water, used to work machinery or to raise water to a higher level. | འཕྲུལ་ཆས་སྒུལ་དུ་འཇུག་པའམ་ཆུ་མཐོ་སར་འདེགས་པའི་ཕྱིར་དུ་རྒྱུག་ཆུ་ལ་བརྟེན་ནས་འཁོར་བའི་འཁོར་ལོ་ཆེན་པོ་ཞིག |
water vapor ཆུའི་རླངས་པ། | phys. Water in a gaseous state, especially when diffused as a vapor in the atmosphere and at a temperature below boiling point. | རླངས་གཟུགས་སུ་ཡོད་པའི་ཆུ་སྟེ། བྱེ་བྲག་ཏུ་ཁོལ་བའི་དྲོད་ཚད་ལས་དམའ་བའི་སྐབས་སུ་རླུང་ཁམས་སུ་ཁྱབ་པའི་རླངས་པ་ལ་གོ |
water turbine ཆུ་སྒུལ་གཤོག་འཁོར། | phys. A device or machine that generates rotary mechanical power from the energy of a stream of water. | ཆུ་རྒྱུན་གྱི་ནུས་པ་ལ་བརྟེན་ནས་འཁོར་འགུལ་གྱི་སྟོབས་སྐྲུན་བྱེད་ཀྱི་ཡོ་ཆས་སམ་འཕྲུལ་ཆས་ཤིག |
water solution ཆུའི་བཞུ་ཁུ། | biol. | |
Water skier ཆུ་ཤུད་རྒྱག་མཁན། | phys. | |
Water mold ཆུའི་ཧམ་སྤུ། | biol. | |
water electricity ཆུ་གློག | phys. | |