speedometer མགྱོགས་ཚད་བརྩི་ཆས། | phys. A device in a vehicle that shows how fast the vehicle is moving. | འགྲུལ་འཁོར་ཞིག་ཅི་ཙམ་མགྱོགས་པོ་བགྲོད་ཀྱིན་པ་སྟོན་བྱེད་ཀྱི་ཡོ་ཆས་ཤིག |
speed of sound སྒྲའི་མགྱོགས་ཚད། | phys. The speed at which sound waves are propagated through a material medium. | རྒྱུད་ལམ་ཞིག་བརྒྱུད་ནས་སྒྲ་རླབས་ཁྱབ་པའི་མགྱོགས་ཚད། |
speed of light འོད་ཀྱི་མགྱོགས་ཚད། | phys. The speed at which electromagnetic radiation travels. | གློག་ཁབ་ལེན་གྱི་འགྱེད་འཕྲོ་བགྲོད་པའི་མགྱོགས་ཚད། |
speed མགྱོགས་ཚད། | phys. How fast something moves; the distance an object travels per unit of time; the magnitude of velocity. Speed=distance/time | དངོས་པོ་ཞིག་ཇི་ཙམ་མགྱོགས་པོར་འགུལ་བའི་ཚད། དུས་ཀྱི་བརྩི་གཞི་རེའི་ནང་དུ་བགྲོད་པའི་ལམ་ཐག མྱུར་ཚད་ཀྱི་འབོར་ཚད། མགྱོགས་ཚད། = ལམ་ཐག / དུས། |
specular reflection ཆིག་འཕྲོ། | phys. Specular reflection is the type of reflection observed when light is reflected off a shiny, glossy or mirror-like surface, where light from a single incoming direction is reflected into a single outgoing direction. | ཆིག་འཕྲོ་ཞེས་པ་ནི་བཀྲག་མདངས་ཅན་ནམ། འཚེར་མདངས་ཅན། ཡང་ན་མེ་ལོང་ལྟ་བུའི་ངོས་ནས་འོད་ལྡོག་འཕྲོ་བྱུང་སྐབས་སུ་མངོན་པའི་ལྡོག་འཕྲོའི་རིགས་ཤིག་ལ་གོ་ཞིང་། ཆིག་འཕྲོའི་སྐབས་སུ་ཁ་ཕྱོགས་གཅིག་ཁོ་ན་ནས་ཡོང་བའི་འོད་དེ་ཁ་ཕྱོགས་གཅིག་ཁོ་ན་རུ་ལྡོག་འཕྲོ་བྱེད་པ་ཡིན། |
spectrum of arousal སད་ལྡང་ཚད་རིམ། | neurosci. | |
spectrum (spectra) འོད་ཤལ། | phys. For sunlight and other white light, the spread of colors seen when the light is passed through a prism or diffraction grating. The colors of the spectrum, in order from lowest frequency (longest wavelength) to highest frequency (shortest wavelength), are red, orange, yellow, green, blue, indigo, violet. See also absorption spectrum, electromagnetic spectrum, emission spectrum, and prism. | ཉི་འོད་དམ་འོད་དཀར་གཞན་འཇའ་ཤེལ་ལམ་སྐོར་འཕྲོའི་འོད་དྲ་བརྒྱུད་ནས་འགྲོ་སྐབས་སུ་མཐོང་བའི་འོད་ཀྱི་ཁ་དོག་བཀྲམ་པ་དེ་ལ་གོ འོད་ཤལ་གྱི་ཁ་དོག་རྣམས་ཟློས་ཕྱོད་དམའ་ཤོས་ (རླབས་ཐག་རིང་ཤོས་) ནས་ཟློས་ཕྱོད་མཐོ་ཤོས་ (རླབས་ཐག་ཐུང་ཤོས་) སུ་སྒྲིག་ན་དམར་པོ་དང་། ལི་ཁྲི། སེར་པོ། ལྗང་ཁུ། སྔོན་པོ། མཐིང་མདོག མུ་མེན་མདོག་བཅས་ཡིན། ཐིམ་པའི་འོད་ཤལ་དང་། གློག་ཁབ་ལེན་གྱི་འོད་ཤལ། ཕྱིར་འཕྲོའི་འོད་ཤལ། འཇའ་ཤེལ་བཅས་ལ་ཡང་གཟིགས་རོགས། |
spectrum འོད་ཤལ། | phys. | |
spectroscopy འོད་ཤལ་བརྟག་ཐབས། | phys. The study of methods of producing and analyzing spectra using spectroscopes, spectrometers, spectrographs, and spectrophotometers. | འོད་འབྱེད་མེ་ལོང་དང་། འོད་ཤལ་བརྟག་ཆས། འོད་ཤལ་པར་ཆས། འོད་ཤལ་ཟེར་བརྟག་བཅས་སྤྱད་དེ་འོད་ཤལ་བསྐྲུན་པ་དང་དེ་ལ་དབྱེ་ཞིབ་བྱེད་པའི་ཐབས་ལམ་གྱི་རིག་པ། |
spectroscope འོད་ཤལ་བལྟ་ཆས། | phys. An optical instrument that separates light into its constituent frequencies or wavelengths in the form of spectral lines. A spectrometer is an instrument that can also measure the frequencies or wavelengths. | འོད་ཟེར་དེ་རང་གི་གྲུབ་ཆའི་ཟློས་ཕྱོད་དམ་རླབས་ཐག་ཏུ་ཤལ་ཐིག་གི་རྣམ་པར་ཁ་འཕྲལ་བར་བྱེད་པའི་འོད་རིག་ཡོ་ཆས་ཤིག འོད་ཤལ་བརྟག་ཆས་ནི་ཟློས་ཕྱོད་དམ་རླབས་ཐག་འཇལ་ཐུབ་པའི་ཡོ་ཆས་གཞན་ཞིག་ཡིན་ནོ། |
spectrophotometer འོད་ཤལ་ཟེར་བརྟག | phys. An apparatus for measuring the intensity of light in a part of the spectrum, especially as transmitted or emitted by particular substances. | དངོས་རྫས་དམིགས་བསལ་བ་ཞིག་ནས་འཕྲོས་ཡོང་བའམ་འགྱེད་འཕྲོ་བྱས་ཡོང་བའི་འོད་ཤལ་གྱི་ཆ་ཤས་ཤིག་གི་འོད་ཀྱི་བཀྲག་ཤུགས་ཚད་འཇལ་བྱེད་ཀྱི་ལག་ཆ་ཞིག |
spectrometer འོད་ཤལ་བརྟག་ཆས། | phys. Any of various instruments for producing a spectrum and measuring the wavelengths, energies, etc., involved. | འོད་ཤལ་བསྐྲུན་ཏེ་དེ་དང་འབྲེལ་བའི་རླབས་ཐག་དང་ནུས་པ་སོགས་ཚད་འཇལ་བྱེད་ཀྱི་ཡོ་ཆས། |
spectral type ཤལ་རིགས། | phys. | |
spectral line ཤལ་ཐིག | phys. Colored lines that form when light is passed through a slit and then through a prism or diffraction grating, usually in a spectroscope. The pattern of lines is unique for each element. | སྤྱིར་བཏང་འོད་ཤལ་བརྟག་ཆས་སུ་འོད་ཟེར་གཤགས་ཁ་ཞིག་བརྒྱུད་ནས་བགྲོད་དུ་བཅུག་རྗེས་འཇའ་ཤེལ་ལམ་སྐོར་འཕྲོའི་འོད་དྲ་ཞིག་བརྒྱུད་ནས་རྒྱུ་རུ་འཇུག་སྐབས་སུ་གྲུབ་པའི་ཚོན་ཁྲ་ཅན་གྱི་ཐིག རྩ་རྫས་རེ་རེའི་ཐིག་གི་བཀོད་རིས་ནི་མི་འདྲ་བ་ཡིན། |
specific immunity response ངེས་ཅན་ནད་འགོག་ཡ་ལན། | biol. | |