Search:
TermEnglish DefinitionTibetan Definition
Spinocerebellar ཀླད་སྙིང་རྒྱུངས་པའི། neurosci.
spinning top འཕང་འཁོར། phys.
spine neck ཚིགས་ཡུ། biol.
spine head ཚིགས་ཏོག biol.
spindle pole འཕང་སྣེ། biol.
spindle neuron འཕང་མ་ཕྲ་གཟུགས། neurosci. A large neuron tapered at both ends that is only found in humans and great apes and so is thought to be a relatively recent evolutionary addition to the nervous system. Spindle neurons are confined to the anterior cingulate cortex, a region of the brain that plays a role in emotion, decision-making, and autonomic functions of the brain such as the regulation of the heart rate and blood pressure. Spindle neurons are typically lost in the course of Alzheimer disease. མི་དང་མི་རྒོད་ཆེན་མོ་ཁོ་ནའི་ནང་དུ་ཡོད་པའི་དབང་རྩ་ཕྲ་གཟུགས་ཆེ་ཞིང་སྣེ་གཉིས་ཇེ་ཕྲར་ཕྱིན་པ་ཞིག་ལ་གོ་ཞིང་། ལྟོས་བཅས་ཀྱིས་ཉེ་དུས་སུ་འཕེལ་འགྱུར་ལ་བརྟེན་ནས་དབང་རྩ་མ་ལག་ལ་ཁ་སྣོན་བྱས་པ་ཞིག་ཡིན་པར་འདོད། འཕང་མ་ཕྲ་གཟུགས་ནི་སེམས་མྱོང་དང་། ཐག་གཅོད་བྱ་བ། སྙིང་གི་འཕར་ལྡིང་དང་ཁྲག་ཤེད་ལྟ་བུའི་ཀླད་པའི་རང་སྐྱོང་གི་བྱེད་ལས་དང་འབྲེལ་བ་ཡོད་པའི་མདུན་ངོས་འཆིང་ཐག་ཀླད་ཤུན་གྱི་ནང་དུ་ཡོད་པ་ཡིན། སྤྱིར་བཏང་ཨལ་རྫི་མར་ན་ཚ་ཡོད་མཁན་གྱི་ནད་པའི་ནང་དུ་འཕང་མ་ཕྲ་གཟུགས་མེད།
spindle fiber འཕང་ཚི། biol. Spindle fibers are the microtubules, centrosomes, and related structures that form during cell division. འཕང་ཚི་ནི་ཕྲ་ཕུང་འབྱེད་རིམ་གྱི་སྐབས་སུ་གྲུབ་པའི་སྦུག་ཕྲན་དང། དཀྱིལ་ཕུང་། འབྲེལ་ཡོད་ཆགས་བཀོད་རྣམས་ལ་གོ
spindle cell འཕང་གཟུགས་ཕྲ་ཕུང་། biol. A spindle-shaped cell characteristic of certain tumors. སྐྲན་ངེས་ཅན་ཁག་ཅིག་གི་ཐུན་མིན་ཁྱད་ཆོས་ཡིན་ཞིང་འཕང་མའི་དབྱིབས་སུ་ཡོད་པའི་ཕྲ་ཕུང་ཞིག
spindle འཕང་། biol. A cytoplasmic network composed of microtubules along which the chromosomes are distributed during mitosis and meiosis. སྦུག་ཕྲན་གྱིས་གྲུབ་པའི་ཕྲ་ཚིའི་དྲ་བ་ཞིག་ལ་གོ་ཞིང་། གཟུགས་ཕུང་གཉིས་འགྱེ་དང་སྐྱེ་ཕུང་བཞི་གྱེས་ཀྱི་སྐབས་སུ་འདིའི་རྒྱུད་དུ་ཚོས་གཟུགས་རྣམས་བགོ་འགྲེམས་བྱེད་པ་ཡིན།
spinal nerves རྒྱུངས་པའི་དབང་རྩ། neurosci.
spinal cord རྒྱུངས་པ། neurosci. The cylindrical bundle of nerve fibers and associated tissue which is enclosed in the spine and connects nearly all parts of the body to the brain, with which it forms the central nervous system. སྒལ་རུས་ཀྱི་ནང་དུ་ཡོད་པའི་མདོང་དབྱིབས་ཀྱི་དབང་རྩའི་ཉག་མ་ཆུན་པོ་དང་འབྲེལ་ཡོད་ཕུང་གྲུབ་རྣམས་ལ་གོ་ཞིང་། ལུས་པོའི་ཆ་ཤས་ཕལ་ཆེ་བ་ཀླད་པར་སྦྲེལ་མཐུད་བྱེད་ཅིང་། ཀླད་པ་དང་མཉམ་དུ་དབང་རྩ་ལྟེ་བའི་མ་ལག་གྲུབ་ཀྱི་ཡོད།
spinal bifida occulta སྒལ་ཚིགས་མི་མངོན་འགྱེད་ནད། biol.
spinal accessory nerve རྒྱུངས་ལག་དབང་རྩ། neurosci. The eleventh cranial nerve which supplies the muscles in the neck and shoulders མཇིང་པའི་ཤ་སྒྲིམ་དང་ཕྲག་པའི་ཤ་སྒྲིམ་གཉིས་ལ་དབང་རྩའི་བརྡ་འཕྲིན་སྐྱེལ་མཁན་གྱི་ཐོད་རུས་དབང་རྩ་བཅུ་གཅིག་པ་དེ་ལ་གོ
spina bifida སྒལ་ཚིགས་འགྱེད་ནད། biol. Spina bifida is part of a group of birth defects called neural tube defects. The neural tube is the embryonic structure that eventually develops into the baby's brain and spinal cord and the tissues that enclose them. སྒལ་ཚིགས་འགྱེད་ནད་ནི་སྐྱེ་དུས་ནས་ཡོད་པའི་དབང་རྩའི་སྦུ་གུའི་ཉེས་སྐྱོན་གྱི་སྡེ་ཚན་ནང་གི་གཅིག་ལ་གོ དབང་རྩའི་སྦུ་གུ་ནི་རིམ་གྱིས་ཕྲུ་གུའི་ཀླད་པ་དང་རྒྱུངས་པ། དེའི་མཐའ་སྐོར་གྱི་ཕུང་གྲུབ་ལ་འཚར་འཕེལ་འབྱུང་བའི་སྦྲུམ་སྲིང་གི་ཆགས་བཀོད་དེ་ཡིན།
spin cycle འཁོར་ཐེབས། phys.