structural connectivity ཆགས་བཀོད་འབྲེལ་མཐུད། | neurosci. | |
Stroop task སི་ཊུབ་བྱེད་སྒོ། | neurosci. | |
Stroop effect སི་ཊུབ་ནུས་འབྲས། | neurosci. | |
strong interaction སྦྲེལ་སྦྱོར་དྲག་པོ། | phys. See strong force. | དྲག་ཤུགས་ལ་གཟིགས། |
strong force དྲག་ཤུགས། | phys. Force that attracts nucleons to each other within the nucleus; a force that is very strong at close distances but decreases rapidly as the distance increases. Also called strong interaction. | ལྟེ་རྡུལ་དུ་ལྟེ་ཆ་ཕན་ཚུན་འཐེན་རེས་བྱེད་པའི་ཤུགས་ཤིག་སྟེ། ཐག་ཉེ་བའི་སྐབས་སུ་ཤུགས་ཚད་ཧ་ཅང་ཆེ་ལ་ཐག་ཇེ་རིང་དུ་འགྲོ་སྐབས་ཤུགས་ཚད་མགྱོགས་པོའི་ངང་ཇེ་ཞན་དུ་འགྲོ་བའི་ཤུགས་ཤིག དྲག་པོའི་སྦྲེལ་སྦྱོར་ཞེས་ཀྱང་ཟེར། |
strong correlation ལྟོས་འབྲེལ་ཟབ་པོ། | phil. | |
Stromatolite བརྩེགས་རྡོ། | biol. | |
Stroma སི་ཏྲོ་མ། | biol. | |
stroke གྲིབ། | biol. A sudden change in the blood supply to a part of the brain, which can result in a loss of some mental or physical abilities, or death. | ཀླད་པའི་ཆ་ཤས་ཤིག་ཏུ་ཁྲག་མཁོ་སྤྲོད་བྱེད་ཚད་ལ་གློ་བུར་དུ་ཕྱིན་པའི་འགྱུར་བ་ཞིག་སྟེ། འདི་ཡིས་ལུས་དང་སེམས་ཀྱི་ནུས་པ་ཁ་ཤས་ཉམས་འགྲོ་བའམ། ཡང་ན་འཆི་སྐྱོན་འབྱུང་བའི་རྐྱེན་བྱེད་ཐུབ། |
stroboscopic study འཚེར་འོད་དབྱེ་ཞིབ། | phys. | |
stroboscope འཚེར་འོད་དཔྱད་ཆས། | phys. An instrument for studying periodic motion or determining speeds of rotation by shining a bright light at intervals so that a moving or rotating object appears stationary. | དུས་མཚམས་ངེས་ཅན་ཞིག་ལ་འོད་གསལ་པོ་རེ་འཕྲོ་རུ་བཅུག་པ་ལ་བརྟེན་ནས་འགུལ་སྐྱོད་བྱེད་ཀྱིན་པའམ་རང་སྐོར་བྱེད་ཀྱིན་པའི་དངོས་གཟུགས་འགུལ་མེད་དུ་མངོན་པའི་ཐབས་སྤྱད་དེ། དུས་མཚམས་ཅན་གྱི་འགུལ་སྐྱོད་དམ་རང་འཁོར་གྱི་མགྱོགས་ཚད་ཞིབ་འཇུག་བྱེད་པར་སྤྱོད་པའི་ཡོ་ཆས་ཤིག |
strobe light འཚེར་འོད། | phys. A light that quickly flashes on and off. | མགྱོགས་པོར་འཚེར་ཞིང་ཤི་འགྲོ་བའི་འོད་ཅིག |
strip ཤན། | A long, narrow piece of cloth, paper, plastic, or some other material. | རས་ཆའམ། ཤོག་བུའམ། འགྱིག་ཤོག་གམ། ཡང་ན་རྒྱུ་ཆ་གཞན་གྱི་དུམ་བུ་དོག་ཅིང་རིང་བ་ཞིག |
string theory ཕྲ་སྐུད་རྣམ་གཞག། | phys. A theory in physics in which tiny stringlike objects have modes of vibration that correspond to elementary particles. Such objects exist in a spacetime that has more dimensions than the familiar three dimensions of space, some of which are thought to be exceedingly small. String theory seeks to unify gravity with quantum theory. | ཕྲ་སྐུད་དང་འདྲ་བའི་དངོས་པོ་ལ་རྩ་རྡུལ་དང་མཚུངས་པའི་འདར་འགུལ་གྱི་གཤིས་ལུགས་ཤིག་ཡོད་པར་བརྗོད་པའི་དངོས་ཁམས་ཚན་རིག་གི་རྣམ་གཞག་ཅིག དངོས་པོ་འདི་ལྟ་བུ་ནི་རྒྱུས་མངའ་ཆེ་བའི་ཕྱོགས་ཆ་གསུམ་ལྡན་གྱི་བར་སྣང་ལས་ཕྱོགས་ཆ་མང་བའི་མཁའ་དུས་ཀྱི་ནང་དུ་གནས་བ་དང་། ཕྱོགས་ཆ་འགའ་ནི་ཧ་ཅང་ཕྲ་བར་འདོད། ཕྲ་སྐུད་རྣམ་གཞག་གིས་འཐེན་ཤུགས་ཀྱི་རྣམ་གཞག་དང་ཚད་རྡུལ་རྣམ་གཞག་གཉིས་ཟླ་སྒྲིལ་བར་འབད། |
striatum ལྷན་ཤུན། | neurosci. The part of the corpus striatum consisting of the caudate nucleus and putamen. | ལུག་རུ་གོང་བུ་དང་ཀླད་རྫས་ཚི་གུ་མ་གཉིས་ཡོད་སའི་སྐྱི་ཁུག་ལྷན་ཤུན་གྱི་ཆ་ཤས་ལ་གོ |