alanine ཨེ་ལ་ནིན། | chem. An amino acid which is a constituent of most proteins. | སྤྲི་རྫས་ཕལ་ཆེ་བའི་གྲུབ་ཆ་ཡིན་པའི་ཨེ་མི་ནོ་སྐྱུར་རྫས་ཤིག |
akinesia འགུལ་སྐྱོད་མེད་པ། | biol. Partial or complete loss of motor control; a term usually used to refer to voluntary muscle movements only. | འགུལ་སྐྱོད་དང་འབྲེལ་བའི་སྟངས་འཛིན་གྱི་ནུས་པ་ཆ་ཙམ་མམ་ཡོངས་རྫོགས་བརླག་པ་ལ་ཟེར། བརྡ་ཆད་འདི་ནི་རང་འགུལ་གྱི་ཤ་གནད་འགུལ་བསྐྱོད་ཁོ་ནར་སྤྱོད། |
airpuff startle stimulus ཕུ་འདྲོག་སློང་རྐྱེན། | neurosci. | |
Airplane cabin གནམ་གྲུའི་ཤག་ཁུང་། གནམ་གྲུའི་དོས་ཁུང་། | phys. | |
airfoil རླུང་གཤོག | phys. A part or surface, such as a wing, propeller blade, or rudder, that interacts with a flow of air to provide stability, rotation, lift, or thrust. | རླུང་གི་རྒྱུ་བ་དང་འཕྲད་པ་ལ་བརྟེན་ནས་བརྟན་ཆའམ། འཁོར་འགུལ། འདེགས་འགྱོག ཡང་ན་འབུད་ཤུགས་མཁོ་སྤྲོད་བྱེད་མཁན་གྱི་གཤོག་པའམ། འབུད་བྱེད་གཤོག་འཁོར་རམ། སྐྱ་གཤོག་ལྟ་བུའི་ངོས་སམ་ཆ་ཤས་ལ་གོ |
airbag རླུང་རྐྱལ། | phys. A safety device in a motor vehicle consisting of a bag which instantly inflates in front of the driver or front-seat passenger on collision. | སྣུམ་འཁོར་རྡུང་ཁ་རྒྱག་པའི་སྐབས་སུ་སྐད་ཅིག་ཉིད་ལ་རླུང་གིས་ཁེངས་ཏེ་ཁ་ལོ་བ་དང་དེའི་འགྲམ་གྱི་འགྲུལ་བ་སྲུང་སྐྱོབ་བྱེད་པའི་ཁུག་མ་ཅན་གྱི་ཉེན་སྲུང་ཡོ་ཆས་ཤིག |
air track རླུང་ལམ། | phys. An air track is an experimental apparatus that allows the study of motion with minimal interference by frictional forces. | རླུང་ལམ་ནི་བརྡར་ཤུགས་ཀྱི་ཐེ་ཞུགས་ཧ་ཅང་ཆུང་ཆུང་ཡིན་པའི་སྐབས་སུ་འགུལ་སྐྱོད་ལ་བརྟག་དཔྱད་བྱེད་དུ་འཇུག་པའི་བརྟག་དཔྱད་ཀྱི་ཡོ་ཆས་ཤིག |
air sac རླུང་རྐྱལ། | biol. A thin-walled structure in the tracheal system of some species of fast-flying insects, increasing the efficiency of respiration and aiding in flight. | འཕུར་མགྱོགས་པའི་འབུ་སྲིན་གྱི་ཉེ་རིགས་འགའི་གློ་སྦུབས་མ་ལག་ནང་གི་ཤུན་པ་སྲབ་མོའི་བཀོད་པ་ཞིག དེ་ཡིས་དབུགས་འབྱིན་རྔུབ་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང། འཕུར་རྩལ་ལའང་ཕན་གྲོགས་བྱེད། |
air resistance རླུང་གི་འགོག་ཤུགས། | phys. Friction, or drag, that acts on something moving through air. | མཁའ་རླུང་དུ་རྒྱུ་བའི་དངོས་པོ་ལ་མཁའ་རླུང་གིས་ཐེབས་པའི་གཙུབ་བརྡར་ཤུགས་སམ་འགོག་ཤུགས། |
air quality index (AQI) མཁའ་རླུང་སྤུས་ཚད་སྟོན་གྲངས། | phys. A numerical index used to describe the extent to which harmful pollutants (e.g., carbon monoxide, sulfur dioxide) are present in the atmosphere at any given time. The higher the index value, the higher the level of pollutants and thus the greater the likelihood of health effects. | དུས་ཚོད་ངེས་ཅན་ཞིག་གི་སྐབས་སུ་རླུང་ཁམས་སུ་ཡོད་པའི་འབག་རྫས་ (ཁར་སྦོན་འཚོ་རླུང་གཅིག་ལྡན་དང་། མུ་ཟི་འཚོ་རླུང་གཉིས་ལྡན་ལྟ་བུ་) ཀྱི་ཁྱབ་ཚད་ཅི་ཙམ་ཡིན་མིན་སྟོན་པའི་མཚོན་གྲངས་ཤིག སྟོན་གྲངས་ཅི་ཙམ་གྱིས་མཐོ་བ་ཡོད་ན་འབག་རྫས་དེ་ཙམ་གྱིས་མང་བ་དང་། འཕྲོད་བསྟེན་ལ་གནོད་པའི་སྲིད་ཕྱོད་ཀྱང་དེ་ཙམ་གྱིས་ཆེ་བ་ཡོད། |
air pollutant མཁའ་རླུང་འབག་རྫས། | biol. A substance whose presence in the air constitutes pollution | རླུང་ཁམས་སུ་ཁྱབ་སྟེ་འབག་བཙོག་བཟོ་མཁན་གྱི་རྫས། |
Air mass གཞི་སྙོམས་རླུང་ཁམས། | phys. | [དྲོད་ཚད་དང་བཞའ་ཚན་གྱི་གཞི་སྙོམས་པའི་རླུང་ཁམས།] |
air foil རླུང་གཤོག | phys. A body (as an airplane wing or propeller blade) designed to provide a desired reaction force when in motion relative to the surrounding air. | མཐའ་འཁོར་གྱི་རླུང་ལ་ལྟོས་ཏེ་འགུལ་སྐྱོད་བྱེད་བཞིན་པའི་སྐབས་སུ་དགོས་མཁོ་དང་འཚམས་པའི་ཡ་ལན་གྱི་ཤུགས་ཤིག་མཁོ་སྤྲོད་བྱེད་པའི་ཆེད་དུ་བཟོ་བཀོད་བྱས་པའི་དངོས་གཟུགས་ (གནམ་གྲུའི་གཤོག་པ་དང་འཕུལ་འདེད་རླུང་འཁོར་གྱི་རླུང་གཤོག་ལྟ་བུ་) ཤིག |
air conditioner རླུང་དྲོད་སྙོམ་ཆས། གྲང་གློག ཚ་གློག | phys. An apparatus for controlling, especially lowering, the temperature and humidity of an enclosed space. | ཕྱོགས་ཡོངས་ནས་བཏུམ་པའི་བར་སྟོང་ཞིག་གི་ནང་རོལ་གྱི་དྲོད་ཚད་དང་བཞའ་ཚན་ལ་སྟངས་འཛིན་བྱེད་པ་དང་། ལྷག་པར་དུ་དེ་དག་ཇེ་དམའ་རུ་གཏོང་བྱེད་དུ་སྤྱོད་པའི་ཡོ་ཆས་ཤིག |
air column རླུང་གཞུང་། | phys. | |