Search:
TermEnglish DefinitionTibetan Definition
algal bloom ཆུ་བལ་དྲག་མཆེད། biol. An unusual concentration of algae in or on a body of water, especially as a result of pollution from the runoff of fertilizers, industrial wastes, and so on. ཆུའི་ངོས་སམ་ཆུའི་ནང་དུ་རྒྱུན་ལྡན་མིན་པའི་ཆུ་བལ་གྱི་འདུས་ཚད་འཕེལ་བ་ལ་གོ་ཞིང་། བྱེ་བྲག་ཏུ་རྫས་ལུད་དང་བཟོ་གྲྭའི་སྙིགས་རོ་ཆུའི་ནང་དུ་བཞུར་བའི་འབགས་བཙོག་ལ་བརྟེན་ནས་བྱུང་བ་ཞིག་ལ་གོ
algae (alga) ཆུ་བལ། biol. A simple, non-flowering, and typically aquatic plant of a large group that includes the seaweeds and many single-celled forms. Algae contain chlorophyll but lack true stems, roots, leaves, and vascular tissue. མཚོ་རྩྭ་དང་ཕྲ་ཕུང་གཅིག་ལྡན་གྱི་རྩི་ཤིང་གང་མང་ཚུད་པའི་སྟབས་བདེ་ཞིང་མེ་ཏོག་མེད་ལ་སྡེ་ཚན་མང་བའི་སྤྱིར་བཏང་གི་མཚོ་སྐྱེས་རྩི་ཤིང་ལ་གོ ཆུ་བལ་ལ་ལྗང་རྫས་ཡོད་མོད། གཞུང་རྟ་ངོ་མ་དང་།རྩ་བ། ལོ་མ། སྦུ་གུའི་ཕུང་གྲུབ་བཅས་མེད།
Alexia ཀློག་ནུས་འཆོལ་ཉེས། ཀློག་ནུས་འཆོལ་སྐྱོན། neurosci.
alertness གྲུང་ཆ། neurosci. The quality of being alert. གྲུང་པོར་གནས་པའི་སྤུས་ཀ་ལ་གོ
aldosterone hormone ཨལ་ཌོ་སི་ཊི་རོན་རྨེན་རྫས། biol. One of the STEROID hormones produced by the outer part of the adrenal gland. Aldosterone is concerned with the control of salt and water loss in the urine. མཁལ་རྨེན་གྱི་ཕྱིའི་ཆ་ཤས་ཀྱིས་སྐྱེད་སྐྲུན་བྱས་པའི་ཞག་འདུས་རྨེན་རྫས་ཤིག་ཡིན་པ་དང་། འདི་ནི་གཅིན་པའི་ནང་གི་ཚྭ་དང་ཆུའི་བརླག་ཚད་ལ་སྟངས་འཛིན་བྱེད་པ་དང་འབྲེལ་བ་ཡོད་པ་ཡིན།
aldosterone ཨལ་ཌོ་སི་ཊི་རོན་རྨེན་རྫས། biol. One of the STEROID hormones produced by the outer part of the adrenal gland. Aldosterone is concerned with the control of salt and water loss in the urine. མཁལ་རྨེན་གྱི་ཕྱིའི་ཆ་ཤས་ཀྱིས་སྐྱེད་སྐྲུན་བྱས་པའི་ཞག་འདུས་རྨེན་རྫས་ཤིག་ཡིན་པ་དང་། འདི་ནི་གཅིན་པའི་ནང་གི་ཚྭ་དང་ཆུའི་བརླག་ཚད་ལ་སྟངས་འཛིན་བྱེད་པར་འབྲེལ་བ་ཡོད།
aldolase ཨལ་ཌོ་སྨིན་རྫས། biol. Any of a class of enzymes that reversibly catalyze the cleavage of carbon-carbon bonds, especially the cleavage of sugars into three-carbon fragments during glycolysis. ཁར་སྦོན་དང་ཁར་སྦོན་གྱི་འཆིང་བའི་སྲུབས་འགྱུར་ཏེ་བྱེ་བྲག་ཏུ་མངར་རྫས་ཞིག་འགྱུར་གྱི་སྐབས་སུ་ཁར་སྦོན་གསུམ་ལྡན་གྱི་དུམ་བུ་ལ་འབྱུང་བའི་སྲུབས་འགྱུར་བཟློག་པར་སྐུལ་རྫས་ཀྱི་ནུས་པ་འདོན་པའི་སྨིན་རྫས་ཀྱི་སྡེ་ཚན་གང་རུང་ཞིག
aldehyde ཨལ་ཌི་ཧ་ཡི་ཌི། chem. An organic compound containing the group —CHO, formed by the oxidation of alcohols. ཆང་རག་དང་འཚོ་རླུང་སྡེབ་སྦྱོར་བྱས་པ་ལས་གྲུབ་པའི་སྐྱེ་ལྡན་གྱི་འདུས་རྡུལ་ཞིག་སྟེ། རྫས་ཀྱི་ཚན་པ་ CHO དང་ལྡན།
alcoholic fermentation ཆང་རྫས་ཕབས་སྦྱོར། biol. The type of fermentation occurring in yeast, in which glucose is broken down to produce ethanol and carbon dioxide ཕབས་ཀྱི་ནང་དུ་བྱུང་བའི་ཕབས་སྦྱོར་གྱི་རིགས་ཏེ། མངར་བཅུད་ཆ་གསེས་བྱས་ཏེ་འབྲུ་ཆང་དང་ཁར་སྦོན་འཚོ་རླུང་གཉིས་ལྡན་སྐྲུན་པར་བྱེད།
alcohol ཆང་རག (མྱོས་རྫས་ཤིག) biol. A colourless volatile flammable liquid which is produced by the natural fermentation of sugars and is the intoxicating constituent of wine, beer, spirits, and other drinks, and is also used as an industrial solvent and as fuel. ཀ་ར་ལ་རང་བྱུང་གི་ཕབས་སྦྱོར་བྱུང་དུ་བཅུག་པ་ལ་བརྟེན་ནས་བཟོས་ཤིང་། རྒུན་ཆང་དང་། སྦི་རག ཨ་རག་གི་དྭངས་མ་ལ་སོགས་པའི་བཏུང་བའི་རིགས་ཀྱི་མྱོས་བྱེད་ཀྱི་གྲུབ་ཆ་ཡིན་པའི་དྭངས་ཤིང་རླངས་འགྱུར་བྱེད་སླ་ལ། མེ་འབར་སླ་བའི་གཤེར་གཟུགས་ཤིག་སྟེ། བཟོ་གྲྭའི་ནང་དུ་བཞུ་བྱེད་གཤེར་ཁུ་དང་བུད་རྫས་སུ་སྤྱོད།
alchemist གསེར་སྦྱོར་མཁན། phys. Practitioner of the early form of chemistry called alchemy, which was associated with magic. The goal of alchemy was to change base metals to gold and to discover a potion that could produce eternal youth. སྒྱུ་འཕྲུལ་དང་འབྲེལ་བའི་གསེར་འགྱུར་རྩི་སྦྱོར་དུ་འབོད་པའི་གནའ་བོའི་རྫས་འགྱུར་རིག་པ་ཉམས་ལེན་བྱེད་མཁན། གསེར་འགྱུར་རྩི་སྦྱོར་གྱི་དམིགས་ཡུལ་ནི་སྤྱིར་བཏང་གི་ལྕགས་རིགས་གསེར་དུ་བསྒྱུར་བ་དང་འཆི་འཇིག་བྲལ་བའི་ལང་ཚོ་བསྐྲུན་ཐུབ་པའི་བདུད་རྩི་གསར་གཏོད་བྱ་རྒྱུ་དེ་རེད།
albumen སྒོང་སྤྲི། སྒོང་དཀྲིས། སོན་དཀྲིས། biol. The white of an egg, which consists mainly of albumin dissolved in water. སྒོ་ངའི་ནང་གི་དཀར་མདོག་ཅན་གྱི་ཆ་ཤས་དེ་ལ་གོ་ཞིང་། དེ་ནི་གཙོ་བོ་ཆུའི་ནང་དུ་སྒོང་སྤྲི་བཞུ་བ་ལས་གྲུབ།
Albino zebra རྐྱང་ཁྲ་སྐྱ་བོ། Biol.
Albinism པགས་ཁྲ། Biol.
Albedo ལྡོག་འཕྲོའི་ཚད་གཞི། phys.