alpha ray ཨལ་ཕ་འཕྲོ་ཟེར། | phys. Stream of alpha particles (helium nuclei) ejected by certain radioactive nuclei. | འགྱེད་འཕྲོའི་རང་བཞིན་ཅན་གྱི་ལྟེ་རྡུལ་ངེས་ཅན་ཞིག་ནས་མཆེད་ཡོང་བའི་ཨལ་ཕ་རྡུལ་ (ཧི་ལི་ཡམ་གྱི་ལྟེ་རྡུལ་) གྱི་རྒྱུན། |
alpha particle ཨལ་ཕ་རྡུལ། | phys. Nucleus of a helium atom, which consists of two neutrons and two protons, ejected by certain radioactive nuclei. | འགྱེད་འཕྲོའི་རང་བཞིན་ཅན་གྱི་ལྟེ་རྡུལ་ངེས་ཅན་ཞིག་ནས་མཆེད་ཡོང་བའི་བར་རྡུལ་གཉིས་དང་ཕོ་རྡུལ་གཉིས་ཅན་གྱི་ཧི་ལི་ཡམ་རྡུལ་ཕྲན་གྱི་ལྟེ་རྡུལ། |
alpha motor neuron འགུལ་སྐྱོད་དབང་རྩ་ཕྲ་གཟུགས་ཨལ་ཕ། ཨལ་ཕ་འགུལ་སྐྱོད་དབང་རྩ་ཕྲ་གཟུགས། | neurosci. A motor neuron with cell body in either the ventral horn of the spinal cord or one of the motor nuclei of the cranial nerves. | རྒྱུངས་པའི་འོག་རྭའམ་ཐོད་རུས་དབང་རྩའི་འགུལ་སྐྱོད་ཚོམ་བུ་ཞིག་ཏུ་ཕྲ་ཕུང་ལུས་དང་བཅས་པའི་སྒོ་ནས་ཡོད་པའི་འགུལ་སྐྱོད་དབང་རྩ་ཕྲ་གཟུགས་ཤིག |
alpha helix ཨལ་ཕ་གཅུས་གཟུགས། | biol. A secondary structure of proteins, characterized by a single, spiral chain of amino acids stabilized by hydrogen bonds. | ཡང་རླུང་འཆིང་སྦྱོར་གྱིས་བརྟན་པོར་བཟོས་བའི་ཨེ་མི་ནོ་སྐྱུར་རྫས་ཀྱི་གཅུས་འཁོར་ཕྲེང་བ་རྐྱང་པ་ཞིག་དང་ལྡན་པའི་སྤྲི་དཀར་གྱི་བཀོད་རིམ་གཉིས་པ་ཞིག་ལ་ཟེར། |
Alpha Centauri system ཨལ་ཕ་སེན་ཊོར་མ་ལག | phys. A triple star system in the constellation Centaurus that is the third brightest star in the night sky, with an apparent magnitude of -0.27, and the star nearest to Earth, at a distance of about 4.2 light-years. The two brighter stars, Alpha Centauri A and B, form a binary star system, which is orbited by Proxima Centauri, a smaller, dimmer star. | སྐར་ཚོམ་སེན་ཊོར་ནང་གི་སྐར་མ་གསུམ་ལྡན་གྱི་མ་ལག་ཅིག་ལ་གོ་བ་དང་། ནམ་མཁའི་མཐོངས་ཀྱི་སྐར་མ་བཀྲག་མདངས་ཆེ་ཤོས་གསུམ་པ་དེ་ཡིན་ཞིང་། མངོན་ཚད་ནི་ -027 ཡིན་པ་དང་། སའི་གོ་ལ་དང་ཉེ་ཤོས་ཀྱི་སྐར་མ་དེ་ཡིན་ཞིང་རྒྱང་ཐག་འོད་ལོ་ 4.2 ཡི་ས་ན་ཡོད། བཀྲག་མདངས་ཆེ་བའི་སྐར་མ་ཨལ་ཕ་སེན་ཊོར་ཨེ་དང་སྦི་གཉིས་ཀྱིས་ཟུང་སྐར་ཞིག་གྲུབ་པ་དང་། བཀྲག་མདངས་ཆུང་བའི་ཉེ་སྐར་སེན་ཊོར་གྱིས་ཟུང་སྐར་དེ་ལ་སྐོར་བ་བྱེད། |
Alpha Centauri A, B, C ཨལ་ཕ་སེན་ཊོར་ཨེ། སྦི། སི། | phys. A triple-star system that is the brightest celestial object in the constellation Centaurus. | སྐར་ཚོམ་སེན་ཊོར་ནང་གི་བཀྲག་མདངས་ཆེ་ཤོས་ཡིན་པའི་སྐར་མ་གསུམ་ལྡན་གྱི་མ་ལག་ཅིག |
alloy བསྲེས་ལྕགས། | phys. Solid mixture composed of two or more metals or of a metal and a nonmetal. | ལྕགས་རིགས་གཉིས་སམ་དུ་མ་བསྲེས་ནས་གྲུབ་པའམ་ལྕགས་རིགས་ཤིག་དང་ལྕགས་རིགས་མིན་པ་ཞིག་བསྲེས་ནས་གྲུབ་པའི་སྲ་གཟུགས་ཀྱི་བསྲེས་རྫས། |
Allosteric enzyme རྣམ་གཉིས་སྨིན་རྫས། | biol. | |
Allostasis ཐ་མལ་འཁོད་རིམ། རང་མལ་འཁོད་རིམ། | biol. | [ཐ་མལ་གནས་བབ་ལ་འཁོད་པའི་རིམ་པ།] |
Allopolyploid རིགས་མང་མང་རྐང་། | biol. | [རིགས་མི་གཅིག་པ་ནས་བྱུང་བའི་ཚོས་ཕུང་མང་རྐང་།] |
Allopatric speciation གཞིས་བྲལ་གྱེས་འགྱུར། | biol. | |
allopatric speciation གནས་ཆོད་ཉེ་རིགས་གྱེས་འགྱུར། | biol. Speciation that depends on an external barrier to gene flow (such as geographic isolation) to begin or complete the process of speciation. | རིགས་རྫས་ཀྱི་རྒྱུ་བ་ལ་ཕྱི་རོལ་གྱི་འགོག་རྐྱེན་ཞིག་ (ས་བབ་གནས་སྟངས་ལ་བརྟེན་ནས་ཁེར་རྐྱང་དུ་བུད་པ་ལྟ་བུ་) ཕོག་པ་ལ་བརྟེན་ནས་ཉེ་རིགས་གྱེས་འགྱུར་འགོ་འཛུགས་པའམ་ཆ་ཚང་བར་འགྱུར་བའི་ཉེ་རིགས་གྱེས་འགྱུར་ལ་གོ |
Allometry འཚར་འགྲོས་རིག་པ། | biol. | [འཚར་ལོངས་ཀྱི་འགྲོས་བརྟག་པའི་རིག་པ།] |
Allometric growth མི་མཉམ་འཚར་འགྲོས། | biol. | [ལུས་པོ་སྤྱི་དང་ཆ་ཤས་དབར་གྱི་མི་མཉམ་པའི་འཚར་ལོངས་ཀྱི་འགྲོས།] |
Allometric equation འཚར་འགྲོས་མཉམ་རྩིས། | biol. | |