Search:
TermEnglish DefinitionTibetan Definition
Aromatic compound དྲི་ཅན་འདུས་རྫས། chem.
armature གློག་རྐང་། phys. Part of an electric motor or generator where an electromotive force is produce. Usually the rotating part. གློག་སྒུལ་འཕྲུལ་ཆས་སམ་གློག་འདོན་འཕྲུལ་ཆས་ཀྱི་གློག་རྒྱུན་སྒུལ་ཤུགས་བསྐྲུན་སའི་ཆ་ཤས། འཆར་ཅན་ལྟར་ན་སྐོར་བ་བྱེད་པའི་ཆ་ཤས་དེ་ཡིན།
Aristotelianism ཨེ་རི་སི་ཊོ་ཊལ་གྱི་རིང་ལུགས། phil. The philosophy of Aristotle and of those later philosophical movements based on his thought. ཨེ་རི་སི་ཊོ་ཊལ་གྱི་ལྟ་གྲུབ་དང་ཁོང་གི་བསམ་བློ་གཞིར་བཞག་པའི་ལྟ་གྲུབ་ཀྱི་འཕེལ་ཕྱོགས་ལ་གོ
Argumentationདགག་སྒྲུབ། Pedagog.
argument རྟགས་སྦྱོར། Phil.
argon གཉུག་རླུང་། རྩ་རྫས་ཨར་གོན། chem. The chemical element of atomic number 18, an inert gaseous element of the noble gas group. Argon is the commonest noble gas, making up nearly one per cent of the earth's atmosphere. རྡུལ་གྲངས་ ༡༨ ཡིན་པའི་སྙོམས་རླངས་རང་བཞིན་གྱི་རྩ་རྫས་ཏེ་བཟང་རླངས་སྡེ་ཚན་དུ་གཏོགས་པ་ཞིག གཉུག་རླུང་ནི་བཟང་རླངས་འབེལ་ཤོས་དེ་ཡིན་ཞིང་གོ་ལའི་རླུང་ཁམས་ཀྱི་བརྒྱ་ཆ་གཅིག་ཙམ་ཟིན་གྱི་ཡོད།
arginine ཨར་ཇི་ནིན། chem. A basic amino acid which is a constituent of most proteins. It is an essential nutrient in the diet of vertebrates. སྤྲི་རྫས་ཕལ་ཆེ་བའི་གྲུབ་ཆ་ཡིན་པའི་གཞི་རྩའི་ཨེ་མི་ནོ་སྐྱུར་རྫས་ཤིག འདི་ནི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཟ་མའི་ནང་དུ་ཡོད་དགོས་པའི་ངེས་མཁོའི་བཅུད་རྫས་ཤིག་རེད།
area per volume བོངས་ཚད་རེའི་རྒྱ་ཁྱོན། phys.
area centralis དབུས་ཁྱིམ། neurosci. The area centralis or central area is a small region, typically located in temporal retina, where neuron density peaks and neurons are smallest. It is the region of highest visual acuity and is used for the fixation of objects. དབུས་ཁྱིམ་མམ་དབུས་ཁུལ་ནི་དབང་རྩ་ཕྲ་གཟུགས་ཀྱི་སྟུག་ཚད་ཆེ་ཤོས་དང་བོངས་ཚད་ཆུང་ཤོས་ཡིན་པའི་ས་ཁུལ་ཆུང་ཆུང་ཞིག་སྟེ། རྣ་ལྟག་དྲ་སྐྱིའི་ནང་དུ་ཆགས་ཡོད་པ་དང་། འདི་ནི་མཐོང་ཚོར་གྱི་རྣོ་ངར་ཆེ་ཤོས་ཀྱི་ས་ཁུལ་དེ་ཡིན་ཞིང་དངོས་པོར་མིག་གིས་གཅེར་ནས་བལྟ་བར་སྤྱོད།
arcuate fasciculus གཞུ་དབྱིབས་ཆུན་པོ། neurosci. A major fibre pathway connecting WERNICKE'S AREA with BROCA'S AREA. Damage to the neurons in the pathway leads to CONDUCTION *APHASIA. ཝེར་ནི་ཁེའི་ཁུལ་དང་བྷརོ་ཀའི་ཁུལ་གཉིས་མཐུད་མཁན་གྱི་རྩ་རྒྱུས་རྒྱུ་ལམ་གལ་ཆེན་ཞིག་ཡིན་ཞིང་། རྒྱུ་ལམ་འདིའི་དབང་རྩ་ཕྲ་གཟུགས་ལ་སྐྱོན་ཤོར་ཚེ་སྨྲ་བ་འཆོལ་བའི་དཀའ་ངལ་འབྱུང་།
Arcuate artery གཞུ་དབྱིབས་འཕར་རྩ། Biol.
architecture of human mind མིའི་སེམས་ཀྱི་བཀོད་པ། neurosci.
architect ཁང་བཟོ་འཆར་འགོད་པ། phys.
Archimedes’ principle ཨར་ཁི་མེ་ཌེའི་རྩ་འཛིན། phys. Relationship between buoyancy and displaced fluid: An immersed object is buoyed up by a force equal to the weight of the fluid it displaces. འཕྱོ་ཤུགས་དང་གཏོར་བའི་རྒྱུག་གཟུགས་གཉིས་དབར་གྱི་འབྲེལ་བ། རྒྱུག་གཟུགས་སུ་བཅུག་པའི་དངོས་པོ་ཞིག་ནི་དེ་ཡིས་གཏོར་བའི་རྒྱུག་གཟུགས་དེའི་ལྗིད་ཚད་དང་མཚུངས་པའི་ཤུགས་ཤིག་གིས་ཡར་འདེགས་པར་བྱེད།
Archenteron གྲོད་སྦྲུམ་ཁོག་སྦུག Biol.