absolute pressure རྫོགས་པའི་གནོན་ཤུགས། | phys. The total pressure of a gas system measured with respect to zero pressure. | གནོན་ཤུགས་ཀླད་ཀོར་གཞིར་བཞག་སྟེ་ཚད་འཇལ་བྱས་པའི་རླངས་གཟུགས་མ་ལག་ཅིག་གི་ཁྱོན་བསྡོམས་ཀྱི་གནོན་ཤུགས་ལ་གོ |
absolute magnitude ཚུགས་ཐུབ་གསལ་ཆ། | phys. The magnitude of a star as it would appear to a hypothetical observer at a distance of 10 parsecs or 32.6 light-years. | རྒྱང་ཐག་གཞུ་ཁུག་སྐར་ཆ་ ༡༠ འམ་འོད་ལོ་༣༢.༦གི་སར་གནས་པའི་རྟོག་བཏགས་ཀྱི་རྟོག་ཞིབ་པ་ཞིག་ལ་མངོན་པའི་སྐར་མའི་གསལ་ཆ། |
absolute dating ངེས་ཏིག་ལོ་རྩིས། | phys. The determining of a specific date for an archaeological or palaeontological site or artefact, usually from its physical or chemical properties, as by radiocarbon dating. | འགྱེད་འཕྲོའི་ཁར་སྦོན་ལོ་རྩིས་ལྟ་བུ་སྤྱད་དེ་དངོས་པོའམ་རྫས་ཀྱི་ཁྱད་ཆོས་ལ་བརྟེན་ནས་གནའ་དངོས་ཤུལ་རྫས་རྙེད་ས་ཞིག་གམ། གདོད་མའི་སྐྱེ་དངོས་རྙེད་ས་ཞིག ཡང་ན་སྒྱུ་རྩལ་དངོས་རིགས་ཤིག་གི་ལོ་ཚོད་ཏག་ཏག་ཐག་གཅོད་བྱེད་པ་ལ་གོ |
Absolute configuration ཚུགས་ཐུབ་བཀོད་པ། | chem. | |
absolute ཚུགས་ཐུབ། | phys. A value or principle which is regarded as universally valid or which may be viewed without relation to other things. | ཀུན་ལ་ཁྱབ་པའམ་ཡང་ན་གཞན་ལ་ལྟོས་མེད་ཀྱི་སྒོ་ནས་བལྟ་ཆོག་པའི་རིན་ཐང་ངམ་རྩ་འཛིན་ལ་གོ |
absent-mindedness བློ་མེད་རང་བཞིན། | neurosci. Lost in thought and unaware of one's surroundings or actions. | བསམ་གཞིག་གི་ཀློང་དུ་འཐིམ་ནས་སོ་སོའི་ཁོར་ཡུག་གམ་བྱ་བ་ཇི་བཞིན་མི་རྟོགས་པའི་རང་བཞིན། |
absence seizure འབོགས་ཟིན། | neurosci. An epileptic seizure characterized by a sudden, momentary loss of consciousness. Occasionally it is accompanied by minor myoclonus of the neck or upper extremities, frequent blinking, slight symmetric twitching of the face, or loss of tonus. | གློ་བུར་ཞིག་གམ་ཡུད་ཙམ་གྱི་རིང་ལ་དྲན་པ་བརླག་པའི་རང་བཞིན་ཅན་གྱི་བརྒྱལ་གཟེར་འདར་རེངས་ཤིག་ལ་ཟེར། སྐབས་སྐབས་སུ་སྐེའམ་སྟོད་ཀྱི་འཐའ་སྣེ་ཡི་ཤ་གནད་ཀྱི་ཚོགས་ཤིག་ལ་བསྡུ་འཁུམ་དྲག་པོ་བྱུང་བ་དང། གློག་འོད་ཆེམ་ཆེམ་ཡང་སེ་བྱེད་པ། གདོང་ཧོབ་ཏེ་འཐེམ་འཁྱུག་བྱེད་པ། ཡང་ན་ཤ་གནད་ཀྱི་བྱ་འགུལ་བརླག་པ་བཅས་ཀྱང་འབྱུང་གི་ཡོད། |
Abscission བྲུལ། འདབ་ལོ་ལྷུང་བ། | biol. | |
Abscisic acid བྲུལ་སྐྱུར། | biol. | |
abortion མངལ་རླུག | biol. The expulsion or removal of the foetus from the uterus before the foetus is viable, usually before the 24th week of pregnancy in humans. | མངལ་གནས་ཕྲུ་གུ་མ་གྲུབ་པའི་སྔོན་དུ་བུ་སྣོད་ནས་སྦྲུམ་སྲིང་ཕྱིར་འབུད་པའམ་ཕྱིར་འདོན་པ་ལ་ཟེར་ཞིང་། རྒྱུན་ལྡན་སྦྲུམ་མ་ཆགས་རྗེས་ཀྱི་བདུན་ཕྲག་ ༢༤ པའི་སྔོན་དུ་འབྱུང་གི་ཡོད། |
Abomasum གྲོད་པུ། | biol. | |
ABO system ཨེ་བྷི་ཨོ་ཁྲག་སྡེ་མ་ལག | biol. | |
abnormal gene སྐྱོན་ཅན་རིགས་རྫས། | biol. | |
abiotic factor སྐྱེ་བྲལ་གྱི་རྐྱེན། | biol. Any factor, feature or process, not derived from or caused by living organisms, that might affect an organism in its environment. Examples are hours of daylight, climate and rock type. | སྐྱེ་དངོས་ཀྱིས་སྐྱེད་པའམ་སྐྱེ་དངོས་ནས་བྱུང་བ་མིན་མོད། སྐྱེ་དངོས་ཤིག་གམ་དེའི་ཁོར་ཡུག་ལ་ཤུགས་རྐྱེན་སྤྲོད་སྲིད་པའི་རྐྱེན་ནམ། ཁྱད་ཆོས། ཡང་ན་རྒྱུད་རིམ་ཞིག་ལ་གོ དཔེར་ན། ཉིན་མོའི་དུས་ཡུན་དང། གནམ་གཤིས། བྲག་རྡོའི་རིགས་ལྟ་བུའོ།། |
aberration of starlight སྐར་འོད་གཡོ་འཁྲུལ། | phys. Apparent displacement of a star from its true position, due to the combined effects of the speed of light and the speed of the Earth in orbit around the Sun | སྐར་མ་ཞིག་གནས་ས་དངོས་ལས་འཛུར་བའི་མངོན་སྣང་གི་གནས་སྤོ་དེ་ལ་གོ་ཞིང་། འོད་ཀྱི་མགྱོགས་ཚད་དང་ཉི་མའི་མཐའ་རུ་སའི་གོ་ལ་གཞན་སྐོར་བྱེད་པའི་མགྱོགས་ཚད་གཉིས་ཀྱི་ཐུན་མོང་གི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་། |