acidity སྐྱུར་ཤེད། | chem. The level of acid in substances such as water, soil, or wine. | ཆུའམ། སའམ། རྒུན་ཆང་ལྟ་བུའི་དངོས་རྫས་ཀྱི་ནང་དུ་ཡོད་པའི་སྐྱུར་རྫས་ཀྱི་ཚད་གཞི་ལ་གོ |
Acidic hydrogen སྐྱུར་ལྡན་ཡང་རླུང་། | chem. | |
Acid value སྐྱུར་རྫས་ཚད་གཞི། | chem. | |
Acid salt སྐྱུར་ཚྭ། | chem. | |
Acid rock སྐྱུར་རྡོ། | chem. | |
acid rain སྐྱུར་ཆར། | chem. Rain containing high levels of acid, esp sulphuric and nitric acid, caused by the release of pollution from burning fuel into the atmosphere. | སྐྱུར་རྫས་སྤྱི་དང་བྱེ་བྲག་ཏུ་མུ་ཟིའི་སྐྱུར་རྫས་དང་ཟེ་ཚྭའི་སྐྱུར་རྫས་ཀྱི་འདུས་ཚད་མཐོ་བའི་ཆར་པ་ལ་གོ་ཞིང་། བུད་རྫས་མེར་བསྲེགས་པའི་འབགས་བཙོག་དེ་རླུང་ཁམས་སུ་གློད་པ་ལ་བརྟེན་ནས་བྱུང། |
acid སྐྱུར་རྫས། | chem. Any of a class of substances whose aqueous solutions are characterized by a sour taste, the ability to turn blue litmus red, and the ability to react with bases and certain metals to form salts. | ཆུ་རྟེན་བཞུ་ཁུའི་གནས་སྐབས་སུ་སྐྱུར་བྲོ་ཞིང་། རམས་ཚོས་སྔོན་པོ་དེ་དམར་པོར་བཟོ་བའི་ནུས་པ་དང་ལྡན་ལ། བུལ་རྫས་དང་ལྕགས་རིག་ཁག་ཅིག་དང་འདྲེས་སྦྱོར་བྱས་ཏེ་ཚྭ་འགྲུབ་པར་བྱེད་པའི་ནུས་པ་དང་ལྡན་པའི་བེམ་རྫས་ཀྱི་སྡེ་ཚན་ཞིག |
achromatic lens འདུམ་ཤེལ། (འདུམ་པར་བྱེད་མཁན་གྱི་ཤེལ།) | phys. A two-element lens – a doublet – that greatly reduces chromatic aberration in an optical system. | མཐོང་རིག་ཡོ་ཆས་ཀྱི་མ་ལག་ཅིག་གི་མདོག་འཁྲུག་རང་བཞིན་ཚད་མཐོན་པོའི་སྒོ་ནས་ཇེ་ཉུང་དུ་གཏོང་ཐུབ་པའི་གྲུབ་ཆ་གཉིས་ལྡན་གྱི་ཤེལ་ཏེ། དྭངས་ཤེལ་གཉིས་ལྡན་ཞིག |
Achene ཁ་ཟུམ་ས་བོན། | biol. | |
acetylcholinesterase ཨེ་སི་ཊིལ་ཁོ་ལི་ནེ་སི་ཊེ་རེ་སི་སྨིན་རྫས། | chem. An ENZYME that rapidly inactivates ACETYLCHOLINE by breaking it down to acetic acid and choline. Also known as cholinesterase. | ཨེ་སི་ཊིལ་ཁོ་ལིན་དེ་ཨེ་སི་ཊིག་སྐྱུར་རྫས་དང་ཁོ་ལིན་གཉིས་སུ་དུམ་བུར་བསལ་ནས་མགྱོགས་པོར་ཞི་བར་བྱེད་མཁན་གྱི་སྨིན་རྫས་ཤིག འདི་ལ་ཁོ་ལི་ནེ་སི་ཊེ་རེ་སི་རྨེན་རྫས་ཀྱང་ཟེར། |
acetylcholine receptor ཨེ་སི་ཊིལ་ཁོ་ལིན་སྣེ་ལེན་པ། | neurosci. An ion channel that opens when acetylcholine binds to it, so converting chemical diffusion into an electrical signal. Also known as the nicotinic acetylcholine receptor. | ཨེ་སི་ཊིལ་ཁོ་ལིན་འཆིང་སྡོམ་བྱེད་སྐབས་སུ་རང་ཉིད་ཁ་འབྱེད་པ་ལ་བརྟེན་ནས། རྫས་ཀྱི་ཁྱབ་འགྱེད་དེ་གློག་འབྲེལ་བརྡ་འཕྲིན་དུ་སྒྱུར་བར་བྱེད་པའི་གྱེས་རྡུལ་གྱི་རྒྱུ་ལམ་ཞིག་ལ་ཟེར་ཞིང་། ནི་ཁོ་ཊི་ནིག་ཨེ་སི་ཊིལ་ཁོ་ལིན་སྣེ་ལེན་པའང་ཟེར། |
acetylcholine ཨེ་སི་ཊིལ་ཁོ་ལིན། | chem. A neurotransmitter substance released into the synaptic gap at some nerve endings and neuromuscular junctions. Its function is to initiate a nerve impulse in an adjoining neuron or to initiate contraction in a muscle fibre. | དབང་རྩའི་མཇུག་སྣེ་འགའི་མཐུད་མཚམས་ཀྱི་བར་སྟོང་དང་། དབང་རྩ་དང་ཤ་སྒྲིམ་སྦྲེལ་མཚམས་སུ་གློད་པའི་དབང་རྩ་འཕྲིན་པའི་རྫས་ཤིག་ཡིན་པ་དང་། བྱེད་ལས་གཙོ་བོ་ནི་སྦྲེལ་མཐུད་བྱས་པའི་དབང་རྩ་ཞིག་ཏུ་དབང་རྩའི་འཕར་བརྡ་འགོ་འཛུགས་བྱེད་པའམ། ཡང་ན། ཤ་སྒྲིམ་ཉག་མའི་ནང་དུ་བསྡུ་སྐུམ་འགོ་འཛུགས་བྱེད་པ་ཡིན། |
Acetylation ཨེ་སི་ཊིལ་མཚམས་སྦྱོར། | Biol. | |
acetyl CoA ཨེ་སི་ཊིལ་སྨིན་གྲོགས་ཨེ། | chem. A compound, C25H38N7O17P3S, that functions as a coenzyme in many biological acetylation reactions and is formed as an intermediate in the oxidation of carbohydrates, fats, and proteins. | སྐྱེ་དངོས་ཀྱི་ནང་དུ་ཨེ་སི་ཊིལ་སྐྱེད་པའི་རྫས་སྦྱོར་མང་པོའི་ཁྲོད་དུ་སྨིན་གྲོགས་ཀྱི་བྱེད་ལས་སྒྲུབ་པའི་འདུས་རྫས་ C25H38N7O17P3S ལ་གོ་ཞིང་། ཁར་སྦོ་མངར་རྫས་དང་། ཞག་ཚིལ། སྤྲི་རྫས་བཅས་འཚོ་རླུང་དང་འདྲེས་སྦྱོར་བྱེད་པའི་སྐབས་སུ་འཚམས་སྦྱོར་རྒྱུ་རྫས་ཀྱི་ངོ་བོར་གྲུབ། |
acetyl chloride ཨེ་སི་ཊིལ་ཚྭ་རླུང་གྱེས་རྡུལ། | chem. A colourless, readily hydrolysable liquid with a pungent odour, used as an acetylating agent in organic synthesis. | ཁ་དོག་མེད་ཅིང་། ཆུའི་སེལ་སྦྱོར་བྱེད་སླ་ལ་ལན་ཚའི་དྲི་མ་དང་ལྡན་པའི་གཤེར་གཟུགས་ཤིག སྐྱེ་ལྡན་སྡུད་སྦྱོར་གྱི་ནང་དུ་ཨེ་སི་ཊིལ་སྐྱེད་རྫས་སུ་སྤྱོད། |