acute stress འཕྲལ་གནོན། (དྲག་གནོན།) | biol. Acute stress is the most common form of stress. It comes from demands and pressures of the recent past and anticipated demands and pressures of the near future. Acute stress is thrilling and exciting in small doses, but too much is exhausting. | དྲག་གནོན་ནི་གནོན་ཤུགས་ཀྱི་རིགས་ཡོངས་གྲགས་ཆེ་ཤོས་དེ་ཡིན་ཞིང་། འདི་ནི་འདས་མ་ཐག་པའི་དུས་སྐབས་ཀྱི་དགོས་འདུན་དང་གནོན་ཤུགས་གཉིས་དང་འབྱུང་བར་ཉེ་བའི་དུས་སྐབས་ཀྱི་དགོས་འདུན་དང་གནོན་ཤུགས་གཉིས་ལ་བརྟེན་ནས་འབྱུང་། དྲག་གནོན་ཕྲན་བུ་ནི་ངར་སེམས་སློང་ནུས་ཅན་དང་སྤྲོ་སེམས་འཁོལ་བ་ཅན་ཡིན་མོད། དྲག་གནོན་མང་དུ་བྱུང་ཚེ་ཐང་ཆད་ངེས། |
acute pain ཟུག་གཟེར། | biol. Severe pain, as may follow surgery or trauma or accompany myocardial infarction or other conditions and diseases. | གཤག་བཅོས་སམ་བརྡབ་སྐྱོན་གྱི་རྗེས་སུ་འབྱུང་བའི་ན་ཟུག་ལྕི་མོའམ། ཡང་ན་སྙིང་རྩ་འགག་ནད་དམ། གནས་སྟངས་དང་ན་ཚ་གཞན་དང་ལྷན་དུ་འབྱུང་བའི་ན་ཟུག་ལྕི་མོ། |
acute disease དྲག་ནད། ནད་གསར། | biol. A disease or disorder that lasts a short time, comes on rapidly, and is accompanied by distinct symptoms. | འབྱུང་མྱུར་ཞིང་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་གནས་པ་དང་། ནད་རྟགས་ཁྱད་པར་བ་ཡོད་པའི་ནད་དམ་འཁྲུག་སྐྱོན་ཞིག། |
actual self བདག་དངོས། | neurosci. | |
actual reward དངོས་ཐོབ་བྱ་དགའ། | neurosci. | |
actual experiments བརྟག་དཔྱད་དངོས། | neurosci. | |
Activity བྱེད་སྒོ། | SEE Learning | |
active transport གཞན་འཁྱེར། | biol. The movement of a chemical substance through a gradient of concentration or electrical potential in the direction opposite to normal diffusion, requiring the expenditure of energy: active transport across a cell membrane. | རྫས་ཤིག་གིས་ནུས་པ་བེད་སྤྱད་དེ་གར་ཚད་གྱི་གཟར་ཚད་དམ་གློག་རའི་ལས་ཚད་ཅིག་བརྒྱུད་དེ་སྤྱིར་བཏང་གི་ཁྱབ་འགྱེད་ཀྱི་ཁ་ཕྱོགས་ལས་ལྡོག་པའི་སྒོ་ནས་བྱུང་བའི་འགུལ་སྐྱོད་ལ་གོ ཕྲ་ཕུང་གི་སྐྱི་མོ་བརྒྱུད་ནས་གཞན་འཁྱེར་འབྱུང་། |
active site སྐྱེན་ས། | biol. Part of an enzyme molecule in its natural hydrated state which, by its three-dimensional conformation and charge distribution, confers upon the enzyme its substrate specificity. It binds to a substrate molecule, forming a transient enzyme-substrate complex. | ཆུ་རྡུལ་དང་ལྷན་དུ་རང་བྱུང་གི་ངོ་བོར་ཡོད་སྐབས་ཀྱི་སྨིན་རྫས་འདུས་རྡུལ་ཞིག་གི་ཆ་ཤས་ཤིག་སྟེ། དེའི་ཕྱོགས་ཆ་གསུམ་ལྡན་གྱི་ཆགས་དབྱིབས་དང་གློག་ཁུར་གྱི་བཀྲམ་ཚུལ་ལ་བརྟེན་ནས་གཞི་རྫས་ངེས་ཅན་ལ་འབྱར་བའི་ཁྱད་ཆོས་དེ་སྤྲོད་ཀྱི་ཡོད། སྐྱེན་ས་དེ་གཞི་རྫས་ལ་འབྱར་ཏེ་སྨིན་རྫས་དང་གཞི་རྫས་འདུས་པའི་གོང་བུ་ཞིག་འགྲུབ་པར་བྱེད། |
Active learning ཧུར་སྦྱོང་། (མཉམ་སྒྲུབ་ཤེས་སྦྱོང་། བཤད་སྦྱངས་ཤེས་སྦྱོང་།) | pedagogy | |
active immunity རང་སྐྱེད་ནད་འགོག | biol. The immunity which results from the production of antibodies by the immune system in response to the presence of an antigen. | འགོག་ཟུངས་སྐྱེད་རྫས་ཤིག་མངོན་པའི་ཡ་ལན་དུ་ནད་འགོག་མ་ལག་གིས་འགོག་གཟུགས་སྐྱེད་སྐྲུན་བྱེད་པ་ལ་བརྟེན་ནས་བྱུང་བའི་ནད་འགོག་ལ་གོ |
active galactic nuclei (AGN) ལས་ཞུགས་དགུ་ཚིགས་ལྟེ་ཉིང་། | phys. Zone in the central region of some galaxies where a mass of up to 100 million times that of the Sun is concentrated, emitting large and variable amounts of radiation. About one per cent of galaxies probably house an AGN. | ཉི་མ་ལས་གདོས་ཚད་ལྡབ་ས་ཡ་ ༡༠༠ ཙམ་གྱིས་ཆེ་བའི་གདོས་ཚད་འདུས་ཤིང་། ཕོན་ཆེ་ཞིང་འགྱུར་གཤིས་ཅན་གྱི་འགྱེད་འཕྲོ་ཕྱིར་འཕྲོ་བར་བྱེད་པའི་དགུ་ཚིགས་ཁག་ཅིག་གི་ལྟེ་ཁུལ་ལ་གོ དགུ་ཚིགས་བརྒྱ་ཆ་གཅིག་ཙམ་ཞིག་ལ་ཕལ་ཆེར་ལས་ཞུགས་དགུ་ཚིགས་ལྟེ་ཉིང་ཞིག་ཡོད་པ་ཡིན། |
active ཧུར་པོ། | neurosci. Engaged in action or activity; characterized by energetic work, motion, etc | བྱ་བའམ་བྱེད་སྒོར་ཞུགས་པ་སྟེ། ནུས་ཤུགས་ཅན་གྱི་ལས་ཀའམ་འགུལ་སྐྱོད་ལ་སོགས་པས་མཚོན། |
active བྱ་བར་ཞུགས་པ། | neurosci. Functioning or capable of functioning. | བྱེད་ལས་སྒྲུབ་བཞིན་པའམ་བྱེད་ལས་སྒྲུབ་པའི་ནུས་པ་དང་ལྡན་པ། |
Activator སད་བྱེད། | Biol. | |