Search:
TermEnglish DefinitionTibetan Definition
adeno-associated virus (AAV) རྨེན་སྦྲེལ་གཉན་སྲིན། biol.
adenine ཨེ་ཌི་ནིན། biol. A purine base found in DNA and RNA. ཌི་ཨེན་ཨེ་དང་ཨར་ཨེན་ཨེ་གཉིས་ཀྱི་ནང་དུ་ཡོད་པའི་པུ་རིན་གཞི་རྫས་ཤིག
additive primary color སྣོན་བྱེད་གཞི་མདོག phys. Three colors of light-red, blue, and green- that when added in certain proportions will produce any color of the spectrum. སྡུར་ཚད་ངེས་ཅན་ཞིག་ཏུ་སྡོམ་ཚེ་འོད་ཤལ་གྱི་ཁ་དོག་གང་ཡིན་ཡང་བསྐྲུན་པར་བྱེད་པའི་འོད་ཀྱི་ཁ་དོག་གསུམ་སྟེ། དམར་པོ་དང་། སྔོན་པོ། ལྗང་ཁུ་བཅས་སོ།།
Addition reaction ཁ་སྣོན་རྫས་འགྱུར། chem.
adaptive value བསྟུན་ནུས་རིན་ཐང་། biol. A measurement of the ability of a given genotype to survive and reproduce, relative to other genotypes in the population. ཚོགས་འདུས་ཤིག་གི་རིགས་རྫས་གྲུབ་ཆ་གཞན་དག་ལ་ལྟོས་ཏེ་རིགས་རྫས་གྲུབ་ཆ་ངེས་ཅན་ཞིག་འཚོ་གནས་དང་སྐྱེ་འཕེལ་ཅི་ཙམ་བྱེད་ཐུབ་མིན་གྱི་ནུས་པའི་ཚད་འཇལ་ཞིག་ལ་གོ
adaptive structural plasticity ཆགས་བཀོད་ཀྱི་བསྟུན་འགྱུར་མཉེན་གཤིས། Neurosci.
adaptive radiation བསྟུན་འགྱུར་ཁྱབ་འགྱེ། biol. Evolution of a number of divergent species from a common ancestor, each species becoming adapted to occupy a different environment. ཐུན་མོང་གི་མེས་པོ་ཞིག་ནས་ཉེ་རིགས་སྣ་ཚོགས་སུ་གྱེས་ཤིང་། ཉེ་རིགས་རེ་རེ་ནི་མི་འདྲ་བའི་ཁོར་ཡུག་རེ་རེར་བསྟུན་འགྱུར་གྱིས་འཚོ་བའི་འཕེལ་འགྱུར་ལ་གོ
adaptive immunity response བསྟུན་འགྱུར་ནད་འགོག་ཡ་ལན། biol.
adaptive བསྟུན་འགྱུར་ནུས་པའི། biol. Relating to or exhibiting adaptation. བསྟུན་འགྱུར་གྱི་ཁྱད་ཆོས་སྟོན་ཐུབ་པའམ་བསྟུན་འགྱུར་དང་འབྲེལ་བའི།
adapter བསྟུན་ཆས། phys. A converter of electric current to a desired form. གློག་རྒྱུན་ཞིག་རན་འཚམས་ཀྱི་རྣམ་པར་སྒྱུར་བྱེད་ཀྱི་ཡོ་ཆས་ཤིག
adaptation བསྟུན་འགྱུར། biol. Change or adjustment in structure or habits by which a species becomes better able to function in its environment, occurring through the course of evolution by means of natural selection. ཉེ་རིགས་ཤིག་རང་གི་ཁོར་ཡུག་ཏུ་འཚོ་གནས་ལེགས་པོ་བྱེད་ཐུབ་པའི་ཕྱིར་དུ་རང་གི་གཟུགས་པོའི་ཆ་ཤས་སམ་གོམས་གཤིས་ལ་བྱུང་བའི་འགྱུར་བའམ་སྙོམས་སྒྲིག་ལ་གོ་ཞིང་། འདི་ནི་རང་བྱུང་འདེམས་སྒྲུག་ལ་བརྟེན་ནས་འཕེལ་འགྱུར་གྱི་ཁྲོད་དུ་འབྱུང་གི་ཡོད།
adaptable བསྟུན་འགྱུར་རུང་བ། biol. Capable of adapting or of being adapted. བསྟུན་འགྱུར་ཐུབ་པའམ་བསྟུན་བསྒྱུར་རུང་བའི་ནུས་པ་དང་ལྡན་པ།
adapt བསྟུན་འགྱུར་བྱེད་པ། biol. To change one's ideas or behaviour to fit into a new situation གནས་སྟངས་གསར་པ་ཞིག་ཏུ་རན་འཚམ་ཡོང་བའི་ཆེད་དུ་རང་ཉིད་ཀྱི་ལྟ་ཚུལ་ལམ་གཤིས་སྤྱོད་ལ་འགྱུར་བ་གཏོང་བ།
acute-phase proteins གསར་རིམ་སྤྲི་རྫས། biol. A protein whose plasma concentrations increase during certain inflammatory disorders. ཚ་སྐྲང་གི་འཁྲུག་སྐྱོན་ངེས་ཅན་གྱི་སྐབས་སུ་རང་གི་ཁྲག་འདུར་གྱི་འདུས་ཚད་ཇེ་མང་དུ་འགྲོ་བའི་སྤྲི་རྫས་ཤིག
acute-phase གསར་རིམ། biol.