Search:
TermEnglish DefinitionTibetan Definition
Allopatric speciation གཞིས་བྲལ་གྱེས་འགྱུར། biol.
allopatric speciation གནས་ཆོད་ཉེ་རིགས་གྱེས་འགྱུར། biol. Speciation that depends on an external barrier to gene flow (such as geographic isolation) to begin or complete the process of speciation. རིགས་རྫས་ཀྱི་རྒྱུ་བ་ལ་ཕྱི་རོལ་གྱི་འགོག་རྐྱེན་ཞིག་ (ས་བབ་གནས་སྟངས་ལ་བརྟེན་ནས་ཁེར་རྐྱང་དུ་བུད་པ་ལྟ་བུ་) ཕོག་པ་ལ་བརྟེན་ནས་ཉེ་རིགས་གྱེས་འགྱུར་འགོ་འཛུགས་པའམ་ཆ་ཚང་བར་འགྱུར་བའི་ཉེ་རིགས་གྱེས་འགྱུར་ལ་གོ
Allometry འཚར་འགྲོས་རིག་པ། biol. [འཚར་ལོངས་ཀྱི་འགྲོས་བརྟག་པའི་རིག་པ།]
Allometric growth མི་མཉམ་འཚར་འགྲོས། biol. [ལུས་པོ་སྤྱི་དང་ཆ་ཤས་དབར་གྱི་མི་མཉམ་པའི་འཚར་ལོངས་ཀྱི་འགྲོས།]
Allometric equation འཚར་འགྲོས་མཉམ་རྩིས། biol.
allodynia རེག་ཟུག neurosci. Pain in response to normally innocuous stimuli. This is the result of molecular or structural changes in nerve cells. སྤྱིར་བཏང་ཕོག་ཐུག་མེད་པའི་སྐུལ་རྐྱེན་ལ་ཡ་ལན་གྱི་ཚུལ་དུ་བྱུང་བའི་ན་ཟུག འདི་ནི་དབང་རྩའི་ཕྲ་ཕུང་ནང་གི་འདུས་རྡུལ་ལམ་ཆགས་བཀོད་ཀྱི་འགྱུར་ལྡོག་ལ་བརྟེན་ནས་བྱུང་།
alligator ཨེ་ལི་གེ་ཊར། biol. Large aquatic reptile of the genus Alligator, in the same order as the crocodile. There are two species—a large type found in the S United States and a small type found in E China. ཀོར་ཀོ་ཌལ་དང་གྲལ་མཚུངས་ཤིང་ཨེ་ལི་གེ་ཊར་གྱི་རིགས་སུ་གཏོགས་པའི་ཆུར་གནས་ལྟོ་འགྲོའི་སྲོག་ཆགས་ཆེན་པོ་ཞིག་ལ་ཟེར། དེ་ལ་ཉེ་རིགས་གཉིས་ཡོད་དེ། གཅིག་ནི་ལྷོ་ཨ་མི་རི་ཀའི་ནང་དུ་ཡོད་པའི་གཟུགས་ཆེ་བའི་རིགས་ཤིག་དང། གཞན་དེ་ནི་རྒྱ་ནག་ཤར་ཕྱོགས་སུ་གནས་པའི་གཟུགས་ཆུང་ངུའི་རིགས་ཡིན་ནོ།།
allergy མི་འཕྲོད་ཉེས་སྐྱོན། biol. A condition in which exposure to a substance, such as pollen, latex, animal dander, or a particular food or drug, causes an overreaction by the immune system that results in symptoms such as sneezing, itching, rash, and difficulty breathing or swallowing. ཟེ་རྡུལ་ལམ། འགྱིག་ཞོ། སྲོག་ཆགས་ཀྱི་སྐོགས་ཞིབ། ཡང་ན་ཟ་མའམ་སྨན་རྫས་བྱེ་བྲག་པ་ཞིག་ལ་ཐུག་པའི་སྐབས་སུ། ནད་འགོག་མ་ལག་གིས་ཚད་ལས་བརྒལ་བའི་ཡ་ལན་སྤྲད་དེ་ཧབ་སྦྲིད་རྒྱག་པ་དང་། ཟ་འཕྲུག་ལངས་བ། ཐོར་པ་སིབ་སིབ་འབྱུང་བ། ཡང་ན། དབུགས་འབྱིན་རྔུབ་བམ་ཁྱུར་མིད་གཏོང་བར་དཀའ་ངལ་ཡོད་པ་ལྟ་བུའི་ནད་རྟགས་འབྱུང་བའི་ཉེས་སྐྱོན་ཞིག
allergen མི་འཕྲོད་སློང་རྐྱེན། biol. A substance, such as pollen, that causes an allergy. མི་འཕྲོད་ཉེས་སྐྱོན་སྐྲུན་མཁན་གྱི་རྫས་ཏེ་ཟེ་རྡུལ་ལྟ་བུ་ལ་གོ
Allelopathy སྲུང་འཇོམས། biol. [རང་ཉིད་སྲུང་ཞིང་གཞན་འཇོམས་པའི་ཆེད་དུ་རྫས་སོགས་གློད་པའི་བྱ་བ།]
allele frequency ཨེ་ལིལ་ཟློས་ཕྱོད། biol. the proportion of a particular ALLELE of a gene in a population, relative to other alleles of the same gene. ཚོགས་འདུས་ཤིག་གི་རིགས་རྫས་ཀྱི་ཨེ་ལིལ་ངེས་ཅན་ཞིག་དང་རིགས་རྫས་དེ་ག་རང་གི་ཨེ་ལིལ་གཞན་དབར་གྱི་བསྡུར་ཚད་ལ་གོ
allele ཨེ་ལིལ། biol. Any of the alternative forms of a gene or other homologous DNA sequence. རིགས་རྫས་ཤིག་གི་མངོན་རྣམ་གང་ཡང་རུང་བ་ཞིག་གམ། ཁུངས་མཐུན་པའི་ཌི་ཨེན་ཨེ་ཡི་བསྟར་རིམ་གཞན་གང་ཡང་ཞིག
all-or-nothing མཐའ་གཉིས་གང་རུང་ངེས་པ། phil.
All-or-none response ཀུན་ཡོད་ཀུན་མེད་ཡ་ལན། neurosci.
all-or-none principle ཀུན་ཡོད་ཀུན་མེད་རྩ་འཛིན། neurosci. In neurophysiology, the principle that any neuron propagates its characteristic neural impulse at full strength or not at all. དབང་རྩའི་ལུས་གནས་རིག་པའི་ནང་དུ་དབང་རྩ་ཕྲ་གཟུགས་གང་རུང་ཞིག་གིས་རང་གི་ཐུན་མིན་གྱི་དབང་རྩའི་འཕར་བརྡ་དེ་ནུས་ཤུགས་ཆ་ཚང་གི་ཐོག་ནས་གཏོང་བའམ། ཡང་ན་ཁྱོན་ནས་མི་གཏོང་བའི་རྩ་འཛིན།