amacrine cell རྩིད་མེད་ཕྲ་ཕུང་། | neurosci. A small nerve cell within the retina which has dendrites but no axon. | དྲ་སྐྱིའི་ནང་དུ་གནས་ཤིང་བརྡ་ལེན་རྩ་ཕྲན་མ་གཏོགས་བརྡ་སྐྱེལ་རྩ་ཕྲན་མེད་པའི་དབང་རྩ་ཕྲ་ཕུང་ཆུང་ཆུང་ཞིག |
am སྔ་དྲོ། | phys. | |
Alzheimer's disease ཨལ་རྫི་མར་གྱི་ནད། | biol. A disease that causes degeneration of parts of the brain. Symptoms include the gradual loss of memory and other mental abilities. Alzheimer’s disease most commonly affects elderly people. | ཀླད་པའི་ཆ་ཤས་ལ་ཉམས་སྐྱོན་བྱུང་བའི་ནད་ཅིག ནད་རྟགས་ཀྱི་གྲས་སུ་རིམ་གྱིས་དྲན་ཤེས་བརླག་པ་དང་། སེམས་ཀྱི་བྱེད་སྒོ་གཞན་རྣམས་ཉམས་པ་བཅས་ཚུད་ཡོད། ཨལ་རྫི་མར་ནི་ཕལ་ཆེ་བ་ལོ་ན་རྒན་པར་འབྱུང་གི་ཡོད། |
alveolus (alveoli) གློ་ལྦུ། གློ་མིག | biol. One of the many very small air bags in the lungs, with thin walls that allow oxygen to enter the blood. | གློ་བའི་ནང་གི་ཧ་ཅང་ཆུང་བའི་རླུང་རྐྱལ་མང་པོའི་ཁྲོད་ཀྱི་གཅིག་ལ་གོ་ཞིང། ཤུན་པ་སྲབ་མོ་ཡོད་པ་དེ་ཡིས་ཁྲག་གི་ནང་དུ་འཚོ་རླུང་འཛུལ་དུ་འཇུག་གི་ཡོད། |
alveolar Cell གློ་བའི་ཕྲ་ཕུང་། | biol. A cell lining the alveoli of the lung. | གློ་མིག་གི་ནང་ཤ་ཡིན་པའི་ཕྲ་ཕུང་ཞིག |
Alvarez event ཨལ་ཝ་རེཛ་བྱུང་བ། | biol. | |
Aluminum oxide འཚོ་རླུང་ལྡན་པའི་ཧ་ཡང་། | chem. | |
aluminum foil ཧང་ཤོག | phys. A thin aluminum sheet, widely used as a food wrapping, cooking sheet, and insulation backing. | བཟའ་ཆས་བཏུམ་པ་དང་། ཟ་མ་བཟོ་བ། བར་འཚང་ལ་རམ་འདེགས་བྱེད་པ་བཅས་ལ་ཡོངས་གྲགས་སུ་བེད་སྤྱོད་བྱེད་པའི་ཧ་ཡང་གི་ཤོག་བུ་སྲབ་མོ་ཞིག་ལ་ཟེར། (ཧ་ཡང་གི་ཤོག་བུ་ཞེས་པའི་བསྡུས་ཚིག) |
Altruistic tendency གཞན་ཕན་གྱི་བག་ཆགས། གཞན་ཕན་གྱི་གོམས་འདྲིས། | SEE Learning | |
altruism གཞན་ཕན་གྱི་བསམ་པ། | neurosci. Disinterested and selfless concern for the well-being of others. | གཞན་གྱི་བདེ་ཐབས་ལ་དམིགས་པའི་ཕྱོགས་རིས་མེད་ཅིང་རང་དོན་བློས་གཏོང་གི་གཞན་ཕན་སེམས་འཁུར། |
alternator སྤེལ་གློག་སྐྲུན་ཆས། | phys. A generator of alternating current. | སྤེལ་རྒྱུག་གློག་རྒྱུན་སྐྲུན་ཆས་ཤིག |
Alternative splicing རྣམ་མང་སྦྱོར་འབྱེད། | biol. | [རྣམ་པ་མང་བའི་སྦྱོར་འབྱེད།] |
Alternative Hypothesis དགག་ཕྱོགས་ཚོད་གཞག ཚོད་གཞག་གཞན། | Res. | |
alternation of generations སྐྱེ་རབས་འཕོ་སྤེལ། | biol. The regular alternation of forms or of mode of reproduction in the life cycle of an organism, such as the alternation between diploid and haploid phases, or between sexual and asexual reproductive cycles. | སྐྱེ་དངོས་ཤིག་གི་ཚེ་རྒྱུན་འཁོར་ལོའི་ནང་གི་སྐྱེ་འཕེལ་བྱེད་རིམ་གྱི་ཚུལ་ལམ་ངོ་བོ་ཡི་རྒྱུན་ལྡན་གྱི་འཕོ་སྤེལ་ལ་ཟེར། དཔེར་ན། ཆ་རྐང་དང་ཡ་རྐང་དབར་གྱི་འཕོ་སྤེལ་ལམ། ཡང་ན། ཁམས་འདུས་དང་ཁམས་བྲལ་སྐྱེད་འཕེལ་འཁོར་ལོ་གཉིས་དབར་གྱི་འཕོ་སྤེལ་ལྟ་བུའོ།། |
alternating current (AC) སྤེལ་རྒྱུག་གློག་རྒྱུན། སྤེལ་གློག | phys. Electric current that rapidly reverses in direction. The electric charges vibrate about relatively fixed positions, usually at the rate of 60 Hz. | སྐྱེན་པོའི་ངང་ཁ་ཕྱོགས་ལྡོག་པའི་གློག་རྒྱུན། ལྟོས་བཅས་ཀྱི་བརྟན་པོ་ཡིན་པའི་གནས་ས་ཞིག་གི་ཁུལ་དུ་གློག་ཁུར་གྱིས་སྤྱིར་བཏང་འདར་ཚད་ཧར་ཚི་ ༦༠ ཡི་སྒོ་ནས་འདར་འགུལ་བྱེད། |