Anaerobic respiration རླུང་བྲལ་ནུས་སྐྲུན། | biol. | (འཚོ་རླུང་བྲལ་བའི་ནུས་སྐྲུན།) |
anaerobic respiration རླུང་མེད་ནུས་སྐྲུན། (འཚོ་རླུང་བྲལ་བའི་འབྱིན་རྔུབ་བྱ་བ།) | biol. A type of cell respiration that takes place in ANAEROBES, and in which energy is released from glucose and other foods without the presence of oxygen. | འཚོ་རླུང་མི་དགོས་པའི་སྐྱེ་དངོས་རྣམས་ཀྱི་ནང་དུ་འབྱུང་བའི་ཕྲ་ཕུང་གི་འབྱིན་རྔུབ་ཀྱི་རིགས་ཤིག འདིའི་སྐབས་སུ་འཚོ་རླུང་མི་དགོས་པའི་ཐོག་ནས་སྒུ་ལུ་མངར་རྫས་དང་ཟ་མ་གཞན་ནས་ནུས་ཤུགས་གློད་གཏོང་བྱེད་ཀྱི་ཡོད། |
anaerobic exercises རླུང་སྡོམ་ལུས་རྩལ། | biol. | |
anabolism འདུ་འགྱུར། | biol. The phase of metabolism in which complex molecules, such as the proteins and fats that make up body tissue, are formed from simpler ones. | ལུས་པོའི་ཕུང་གྲུབ་གྲུབ་བྱེད་ཀྱི་སྤྲི་རྫས་དང་ཚིལ་ཞག་ལྟ་བུའི་རྙོག་འཛིང་ཅན་གྱི་འདུས་རྡུལ་རྣམས་སྟབས་བདེ་བའི་གྲུབ་ཆ་ནས་འགྲུབ་པར་འགྱུར་བའི་ནུས་འགྱུར་གྱི་རིམ་པ་ལ་ཟེར། |
Anabolic steroid འདུ་འགྱུར་ཞག་རྫས། | biol. | [འདུ་འགྱུར་ཞག་རྡེ་འདུས་རྫས།] |
anabolic reaction འདུ་འགྱུར་གྱི་རྫས་སྦྱོར། | biol. A chemical reaction in which small molecules, such as amino acids, are combined to form larger molecules, such as proteins. | ཨེ་མི་ནོ་སྐྱུར་རྫས་ལྟ་བུའི་འདུས་རྡུལ་ཆུང་ཆུང་ལྷན་དུ་འདུས་ཏེ་སྤྲི་རྫས་ལྟ་བུའི་འདུས་རྡུལ་ཆེན་པོ་འགྲུབ་པར་བྱེད་པའི་རྫས་སྦྱོར་ལ་གོ |
anabolic འདུ་འགྱུར་གྱི། | biol. Relating to or promoting anabolism. | འདུ་འགྱུར་དང་འབྲེལ་བ་ཡོད་པའམ་འདུ་འགྱུར་སྤེལ་བའི། |
amyotrophic lateral sclerosis (ALS) ཤ་གནད་ཞ་རེངས། | neurosci. Degenerative nervous-system disorder causing muscle wasting and paralysis. The disease usually occurs after age 40, more often in men. Most victims die within two to five years from respiratory muscle atrophy. | ཤ་སྒྲིམ་རྒུད་པ་དང། གྲིབ་སྐྱོན་སློང་བར་བྱེད་པའི་དབང་རྩ་མ་ལག་གི་ཉམས་སྐྱོན་ཞིག སྤྱིར་བཏང་ལོ་ན་ ༤༠ བརྒལ་བའི་རྗེས་སུ་གཙོ་བོ་སྐྱེས་པ་ཕོ་ལ་འབྱུང་ཞིང་། དབུགས་འབྱིན་རྔུབ་ཀྱི་ཤ་སྒྲིམ་རིད་པ་ལ་བརྟེན་ནས་ནད་པ་ཕལ་ཆེ་བ་ལོ་གཉིས་ནས་ལྔའི་ནང་དུ་འཆི་འགྲོ་བ་ཡིན། |
Amylose ཨེ་མི་མངར་རྫས། | biol. | |
Amyloplast བག་གསོག་དབང་ཕྲ། | Biol. | (བག་ཚི་སྐྱེད་སྐྲུན་དང་གསོག་མཁན་གྱི་དབང་ཕྲ།) |
amyloid precursor protein (APP) ཨེ་མི་ལོ་ཡི་ཌི་སྔོན་བསུའི་སྤྲི་དཀར། | biol. A natural brain protein that is coded for on chromosome 21. This protein is related in some way to memory. | ཚོས་གཟུགས་ ༢༡ གྱི་སྟེང་དུ་བརྡ་སྒྲིག་བྱས་པའི་ཀླད་པའི་རང་བྱུང་གི་སྤྲི་རྫས་ཤིག སྤྲི་རྫས་འདི་དྲན་པ་དང་འབྲེལ་བ་ཡོད། |
amyloid plaques ཨེ་མི་ལོ་ཌ་དྲེག་སྙིགས། | biol. Abnormal protein coatings on nerve cells in the brain. They are found in the brains of patients with ALZHEIMER'S DISEASE and in individuals with DOWN SYNDROME. | ཀླད་པའི་ནང་གི་དབང་རྩ་ཕྲ་ཕུང་གི་སྟེང་དུ་རྒྱུན་ལྡན་མིན་པའི་སྒོ་ནས་སྤྲི་རྫས་ཀྱིས་གཡོག་པ་ལ་གོ་ཞིང་། ཨལ་རྫི་མར་གྱི་ནད་ཡོད་པའི་ནད་པ་དང་ཌའུན་རྟགས་འདུས་ཡོད་པའི་གང་ཟག་གི་ཀླད་པའི་ནང་དུ་ཡོད། |
amylase enzyme ཨེ་མི་སྨིན་རྫས། | biol. Enzyme secreted by the salivary glands and pancreas that functions to begin the conversion of starch and glycogen into disaccharides during digestion. | མཆིལ་རྨེན་དང་གཤེར་རྨེན་གྱིས་གློད་གཏོང་བྱས་ཤིང་། ཟས་འཇུ་ལེན་གྱི་སྐབས་སུ་བག་ཚི་དང་མངར་སྐྱེད་རྣམས་ཀ་ར་ཉིས་ལྡན་དུ་བརྗེ་སྒྱུར་འགོ་འཛུགས་པར་བྱེད་པའི་སྨིན་རྫས་ལ་གོ། |
amygdala ཁམ་ཙིག་ཀླད་ཞོ། | neurosci. An almond-shaped brain nucleus at the front of the temporal lobe. The amygdala is concerned with memory registration. | རྣ་ལྟག་འདབ་མའི་མདུན་ཕྱོགས་སུ་ཁམ་འབྲས་དབྱིབས་སུ་ཡོད་པའི་ཀླད་པའི་ཚོམ་བུ་ཞིག་ལ་ཟེར། ཁམ་ཙིག་ཀླད་ཞོ་ནི་དྲན་པ་ཐོ་འགོད་བྱེད་པ་དང་འབྲེལ་བ་ཡོད། |
AMU ཨེ་མུ། | phys. Abbreviation for atomic mass unit. | རྡུལ་ཕྲན་གྱི་གདོས་ཚད་ཀྱི་བརྩི་གཞིའི་བསྡུས་ཡིག |