Search:
TermEnglish DefinitionTibetan Definition
anesthesia སྦྲིད་པ། neurosci. The lack of sensation, especially awareness of pain. It may occur due to an anesthetic drug or damage to nerve tissue. ཚོར་མྱོང་ཉུང་དྲགས་པ་སྟེ། ལྷག་པར་དུ་ཟུག་རྔུའི་ཤེས་ཚོར་ཉུང་དྲགས་པ་ལ་གོ་ཞིང་། དབང་རྩའི་ཕུང་གྲུབ་ལ་བྱུང་བའི་ཆག་སྐྱོན་ནམ་སྦྲིད་སྨན་ལ་བརྟེན་ནས་འབྱུང་སྲིད་པ་ཡིན།
aneroid barometer གཤེར་མེད་རླུང་གནོན་འཇལ་ཆས། phys. Instrument used to measure atmospheric pressure; based on the movement of the lid of a metal box, rather than on the movement of a liquid. གཤེར་གཟུགས་ཀྱི་འགུལ་སྐྱོད་གཞིར་འཇོག་པའི་ཚབ་ལ་ལྕགས་སྒམ་གྱི་ཁ་གཅོད་ཀྱི་འགུལ་སྐྱོད་གཞིར་བཞག་སྟེ་རླུང་ཁམས་ཀྱི་གནོན་ཤུགས་འཇལ་བའི་ཡོ་བྱད་ཅིག
anencephaly ཀླད་སྟོང་། neurosci. A type of birth defect in which most of the brain is missing; a term literally meaning “without a brain”; more specifically, it refers to the absence of the cerebrum, cerebellum, and flat bones of the skull. ཀླད་པའི་ཆ་ཤས་ཕལ་མོ་ཆེ་མ་ཚང་བའི་སྐྱེ་དུས་ཀྱི་ཆད་སྐྱོན་གྱི་རིགས་ཤིག ཚིག་འདིའི་སྒྲ་བཤད་ནི་ “ཀླད་པ་མེད་པ་” ཞེས་པའི་དོན་ཡིན་ཞིང་། དམིགས་བཀར་གྱིས་བརྗོད་ན། ཀླད་སྟོང་ནི་ཀླད་ཆེན་དང། ཀླད་སྙིང། ཀ་ལིའི་རུས་ལེབ་བཅས་མེད་པ་ལ་གོ་བ་ཡིན། (ཀླད་པ་མེད་པས་ན་ཀླད་སྟོང་ཟེར།)
anemia ཁྲག་ཟད། (སྐྱ་རྦབ།) biol. A condition in which the blood does not carry enough oxygen to the body tissues. It can be caused by too few red blood cells, not enough hemoglobin, or poorly formed red blood cells. ཁྲག་གིས་ལུས་པོའི་ཕུང་གྲུབ་ཁག་ཏུ་འཚོ་རླུང་འདང་ངེས་ཤིག་སྐྱེལ་འདྲེན་བྱེད་མི་ཐུབ་པའི་གནས་སྟངས་ཤིག་ལ་ཟེར། འདི་ནི་ཁྲག་དམར་ཕྲ་ཕུང་ཉུང་དྲགས་པའམ། ཁྲག་དམར་སྤྲི་རྫས་འདང་ངེས་མེད་པ། ཡང་ན་ལེགས་པར་མ་གྲུབ་པའི་ཁྲག་དམར་ཕྲ་ཕུང་ལ་བརྟེན་ནས་འབྱུང་གི་ཡོད།
Andromeda galaxy དགུ་ཚིགས་ཨན་ཌོ་མེ་ཌ། phys. A spiral galaxy, appearing to the naked eye as a fuzzy oval patch in the constellation Andromeda; it is a close neighbor to our own galaxy. མིག་རྗེན་པའི་སྣང་ངོར་སྐར་ཚོམ་ཨན་ཌོ་མེ་ཌའི་ནང་གི་སྒོང་དབྱིབས་ཀྱི་དུམ་བུ་སྤུ་ཟིང་ཟིང་ལྟ་བུར་མངོན་པའི་གཅུས་སྒྲིམ་ཅན་གྱི་དགུ་ཚིགས་ཤིག། འདི་ནི་ང་ཚོའི་དགུ་ཚིགས་ལ་ཐག་ཉེ་བའི་ཁྱིམ་མཚེས་ཤིག་ཡིན།
androgen ཕོའི་ཁྱད་རྫས། biol. A male sex hormone, such as testosterone, secreted by the testes. Androgens are responsible for the maintenance of sperm production, muscular development and aspects of sexual behaviour. Small amounts of androgens are also found in females, and are responsible in part for stimulating the growth of pubic hair. རླིག་འབྲས་ནས་གློད་པའི་ཕོ་འབྲས་རྨེན་གཤེར་ལྟ་བུ་ཕོའི་མཚན་མའི་རྨེན་རྫས་ཤིག་ལ་ཟེར་ཞིང་། འདི་ཡིས་ཁམས་དཀར་ཐོན་སྐྱེད་རྒྱུན་གནས་དང་། ཤ་གནད་འཚར་འཕེལ་དང། འཁྲིག་པའི་བྱ་སྤྱོད་ཀྱི་རྣམ་པ་བཅས་ཀྱི་རྒྱུ་བྱེད། ཕོའི་ཁྱད་རྫས་ཉུང་ཉུང་ཞིག་བུད་མེད་ཀྱི་ལུས་པོའི་ནང་དུའང་ཡོད་ཅིང་། དེ་ནི་བུད་མེད་ཀྱི་གསང་གནས་ཀྱི་སྤུ་ཡི་སྐྱེ་འཕེལ་ལ་སྐུལ་རྐྱེན་བྱེད་པའི་རྒྱུ་རྐྱེན་ཆ་ཙམ་ཞིག་ཡིན།
Andreev reflection ཨནཌ་རིབ་ཁུར་སྤོ། phys. [ཨནཌ་རིབ་ཀྱི་གློག་ཁུར་གནས་སྤོ།]
ancestor མེས་པོ་མེས་མོ། biol. Individual, population or species that is a direct progenitor of another; one or more generations in the past. སྒེར་རམ། ཚོགས་འདུས། ཡང་ན་ཉེ་རིགས་གཞན་ཞིག་གི་འབྱུང་རྩ་དངོས་ཡིན་པའི་སྒེར་རམ། ཚོགས་འདུས། ཡང་ན་ཉེ་རིགས་ལ་གོ། རབས་གཅིག་གམ་དུ་མའི་སྔ་རོལ་དུ་བྱུང་བ་ཡིན་དགོས།
anatomy ཕུང་གནས། རོ་བཀྲ། biol. The study of the structure of an organism. This requires dissection and histological examination of tissues. སྐྱེ་དངོས་ཤིག་གི་ཆགས་བཀོད་ལ་ཞིབ་འཇུག་བྱེད་པའི་རིག་པ་ལ་ཟེར་ཞིང་། འདིར་ཕུང་གྲུབ་ཀྱི་ཆགས་ཚུལ་གྱི་བརྟག་དཔྱད་དང་གཤག་དཔྱད་གཉིས་ཀ་ཚང་དགོས་ཀྱི་ཡོད།
anatomist ཕུང་གནས་རིག་པ་བ། biol. A scientist who specializes in anatomy. ཕུང་གནས་རིག་པའི་ཐོག་ཏུ་ཆེད་མཁས་ཡིན་པའི་ཚན་རིག་པ་ཞིག་ལ་ཟེར།
anatomical MRI ཕུང་གནས་སྡུད་དཔར། biol.
anatomical imaging ཕུང་གནས་དཔར་ལེན། biol.
anatomical chart རོ་བཀྲ། biol.
anatomical ཕུང་གནས་ཀྱི། biol. Relating to the anatomy. ལུས་ཀྱི་གནས་ལུགས་དང་འབྲེལ་བ་ཡོད་པ་ལ་ཟེར།
Anastigmatic lens ༡) གཡོ་འཁྲུལ་སེལ་ཤེལ། ༢) མིག་འཐོར་སེལ་ཤེལ། biol.