antineutrino མ་ནིང་ལྡོག་རྡུལ། | phys. The antiparticle of a neutrino, distinguished from the neutrino by having clockwise rather than counterclockwise spin when observing in the direction of motion. | མ་ནིང་ཕྲ་རྡུལ་གྱི་ལྡོག་རྡུལ་ཏེ། འགུལ་སྐྱོད་ཀྱི་ཁ་ཕྱོགས་སུ་བལྟ་སྐབས་གཡོན་སྐོར་མ་ཡིན་པར་གཡས་སྐོར་གྱི་འཁྱིལ་འཁོར་དང་ལྡན་པས་མ་ནིང་ཕྲ་རྡུལ་ལས་ལོགས་སུ་ཕྱེ་ཡོད། |
antimatter ལྡོག་རྫས། | phys. Matter composed of atoms with negative nuclei and positive electrons. | མོ་ཁུར་ཅན་གྱི་ལྟེ་རྡུལ་དང་ཕོ་ཁུར་ཅན་གྱི་གློག་རྡུལ་ལྡན་པའི་རྡུལ་ཕྲན་གྱིས་གྲུབ་པའི་བེམ་གཟུགས། |
antilock brakes ཟྭ་ཟློག་སྒག་ཆས། | phys. A brake fitted to some road vehicles that prevents skidding and improves control by sensing and compensating for overbraking | འདྲེད་བརྡར་སྔོན་འགོག་བྱེད་པ་དང་། ཚད་ལས་བརྒལ་བའི་ཁ་སྒག་རང་བཞིན་ཚོར་རྗེས་ཁ་གསབ་བྱེད་པ་ལ་བརྟེན་ནས་ཚོད་འཛིན་ཇེ་ལེགས་སུ་གཏོང་བར་བྱེད་པའི་ཆེད་དུ་འགྲུལ་འཁོར་ལ་ལྷུ་སྒྲིག་བྱས་ཡོད་པའི་སྒག་ཆས་ཤིག |
Antihistamine ཧི་སི་ཊ་མིན་འཇོམས་སྨན། | biol. | |
antigen-presenting cells (APCs) འགོག་ཟུངས་སྐྱེད་རྫས་འདོན་པའི་ཕྲ་ཕུང་། | biol. Any of a range of cells which bind antigen and present it to an antigen-specific T cell. | འགོག་ཟུངས་སྐྱེད་རྫས་ལ་མཐུད་སྦྱོར་བྱས་རྗེས་འགོག་ཟུངས་སྐྱེད་རྫས་ངེས་ཅན་ལ་རྒོལ་བའི་ཊི་ཕྲ་ཕུང་གི་མདུན་སར་སྟོན་པར་བྱེད་པའི་ཕྲ་ཕུང་གི་རིམ་པ་ཅི་རིགས་པ་ཞིག |
antigen of a pathogen ནད་སྲིན་ཕྲ་མོའི་འགོག་ཟུངས་སྐྱེད་རྫས། | biol. | |
antigen འགོག་ཟུངས་སྐྱེད་རྫས། | biol. A harmful substance that causes the body to produce antibodies. | ལུས་པོས་འགོག་གཟུགས་སྐྱེད་སྐྲུན་བྱེད་པ་ལ་རྐྱེན་སློང་བྱེད་མཁན་གྱི་གནོད་འཚེ་ཅན་གྱི་རྫས་ཤིག |
antifreeze འཁྱགས་འགོག | phys. A liquid used in the radiator of an internal-combustion engine to lower the freezing point of the cooling medium. | ནང་འབར་འཕྲུལ་འཁོར་གྱི་གྲང་བཟོ་ཡོ་ཆས་ནང་གི་གྲང་བཟོ་གཤེར་ཁུའི་འཁྱགས་ཚད་ཇེ་དམའ་རུ་གཏོང་ཕྱིར་བེད་སྤྱོད་བྱེད་པའི་གཤེར་གཟུགས་ཤིག |
antielectron ལྡོག་མའི་གློག་རྡུལ། | phys. Subatomic particle having the same mass as an electron but with an electric charge of +1. | གློག་རྡུལ་ཞིག་དང་འདྲ་བའི་གདོས་ཚད་ཡོད་མོད་གློག་ཁུར་ནི་ཕོ་ཁུར་གཅིག་ཅན་ཡིན་པའི་ཕྲ་རྡུལ་ཞིག |
Antidiuretic hormone གཅིན་ཟློག་རྨེན་རྫས། | Biol. | (གཅིན་པ་སླ་པོ་འགོག་པའམ་ཟློག་པར་བྱེད་པའི་རྨེན་རྫས།) |
antidepressant ཡིད་མུག་འགོག་བྱེད། | chem. Any drug that prevents or relieves depression or stimulates the mood of a depressive patient. | ཡིད་མུག་གི་ནད་འགོག་པའམ་སངས་བར་བྱེད་པའམ། ཡང་ན། ཡིད་མུག་ཅན་གྱི་སེམས་ཁམས་ལ་སྐུལ་རྐྱེན་སྤྲོད་པའི་སྨན་རྫས་གང་རུང་རུང་ཞིག། |
anticorrelations གོ་ལྡོག་ལྟོས་འབྲེལ། | phil. An inverse correlation | གོ་རིམ་ལྡོག་པའི་ལྟོས་འབྲེལ་ཞིག |
anticipation སྔུན་བསུ། | neurosci. The action of anticipating something; expectation or prediction. | བྱ་དངོས་ཤིག་ལ་རེ་ཚོད་བྱེད་པའི་བྱ་བ་སྟེ། རེ་སྒུག་གམ་སྔོན་དཔག། |
antibody-mediated immunity response འགོག་གཟུགས་བརྒྱུད་པའི་ནད་འགོག་ཡ་ལན། | biol. | |
antibody-mediated immunity འགོག་གཟུགས་བརྒྱུད་པའི་ནད་འགོག་རང་བཞིན། | biol. Immunity conferred to an individual through the activity of B cells and circulating antibodies. | སྦི་ཕྲ་ཕུང་གི་བྱེད་སྒོ་དང་འཁོར་སྐྱོད་བྱེད་ཀྱིན་པའི་འགོག་གཟུགས་བརྒྱུད་ནས་སྲོག་ཆགས་ཤིག་ལ་ནད་འགོག་མ་ལག་སྩོལ་བ་ལ་ཟེར། |