Apical meristem རྩེ་མོའི་འབུས་སྣེ། | biol. | |
Apical dominance རྩེ་རྒྱས། | biol. | [རྩེ་མོའི་ཐེའུ་རྒྱས་པ།] |
apical dendrite རྩེ་མོའི་བརྡ་ལེན་རྩ་ཕྲན། | neurosci. A thick dendrite extending from the outer side of a pyramidal cell toward the surface of the cortex. | གཏོར་གཟུགས་ཕྲ་ཕུང་ཞིག་གི་ཕྱི་ངོས་ནས་ཀླད་ཤུན་གྱི་ཕྱི་ངོས་ཀྱི་ཕྱོགས་སུ་བརྐྱངས་པའི་བརྡ་ལེན་རྩ་ཕྲན་སྦོམ་པོ་ཞིག |
aphotic zone མུན་ཁུལ། | biol. The zone of an ocean or sea into which light does not penetrate and in which, therefore, photosynthesis cannot take place. It is usually below about 100 m. | འོད་རྒྱུད་འཕྲོ་མི་བྱེད་པའི་རྒྱ་མཚོ་དང་མཚོ་ཡི་ཁུལ་ལ་གོ་ཞིང་། དེ་རུ་འོད་མི་ཕོག་པས་འོད་སྦྱོར་འབྱུང་མི་ཐུབ། སྤྱིར་བཏང་མི་ཊར་ ༡༠༠ ཡི་འོག་ཏུ་ཡོད། |
aphid རྩི་ཤིག | biol. Any of various small, soft-bodied insects that feed by sucking sap from plants and sometimes damage crops or transmit plant viruses. Some ants feed on the sweet substances secreted by aphids. | རྩི་ཤིང་གི་ཚི་བཅུད་འཇིབ་རྔུབ་བྱས་ཏེ་འཚོ་ལ་ལུས་ཕུང་སྙི་ཞིང་ཆུང་བའི་འབུ་སྲིན་གང་རུང་རུང་ཞིག་ལ་ཟེར། མཚམས་རེར་དེ་ཡིས་ལོ་ཏོག་ལ་གནོད་སྐྱོན་བྱེད་པའམ་རྩི་ཤིང་གི་གཉན་སྲིན་རྣམས་བརྒྱུད་སྤེལ་བྱེད། འབུ་གྲོག་མ་འགའ་ཤས་ཀྱིས་རྩི་ཤིག་གིས་ཕྱིར་འདོར་བྱས་པའི་མངར་རྫས་དེ་ཟས་སུ་སྤྱོད། |
Aphelion ཉི་མར་འགྱངས་གནས། | phys. | |
aphasia སྨྲ་འཆོལ། | neurosci. A loss or impairment of the power of speech or writing, or of the ability to understand written or spoken language, due to a brain injury or disease. | ཀླད་པའི་རྨས་སྐྱོན་ནམ་ན་ཚ་ལ་བརྟེན་ནས་སྨྲ་བརྗོད་དམ་འབྲི་རྩལ་གྱི་ནུས་པའམ། སྨྲས་པའམ་བྲིས་པའི་སྐད་ཡིག་གི་དོན་རྟོགས་པའི་ནུས་པ་ཉམས་པའམ་བརླག་པ་ལ་ཟེར། |
apex སྣེ། ཡང་རྩེ། | biol. The tip of an organ with a pointed end. The apex of the heart is at the lower left side and the apex of the lung is at the top. The tooth apex is at the tip of each root. | མཐའ་སྣེ་རྣོ་པོ་ཞིག་ལྡན་པའི་དབང་པོ་ཞིག་གི་རྩེ་མོ་ལ་ཟེར་ཞིང་། སྙིང་གི་སྣེ་ནི་གཡོན་གྱི་འོག་ཕྱོགས་སུ་ཡོད་པ་དང་། གློ་བའི་སྣེ་ནི་སྟེང་དུ་ཡོད་ལ། སོའི་སྣེ་ནི་སོ་རེ་རེའི་ཡང་རྩེར་ཡོད་པ་ཡིན། |
Aperture ཤེལ་དམིག | phys. | [ཤེལ་གྱི་དམིག་བུ་སྟེ་བུ་ག་ཆུང་ཆུང་།] |
aortic valve སྲོག་རྩའི་སྐྱི་འདབ། | biol. A semilunar valve that regulates the flow of blood from the left ventricle into the aorta. | སྙིང་གི་སྦུབས་སྨད་གཡོན་མ་ནས་རྩ་ཆེན་གྱི་ནང་དུ་རྒྱུག་པའི་ཁྲག་གི་རྒྱུ་བ་སྟངས་འཛིན་བྱེད་མཁན་གྱི་ཟླ་ཕྱེད་དབྱིབས་ཀྱི་སྐྱི་འདབ་ཅིག |
aortic arch སྲོག་རྩའི་གུག | biol. The bend of the aorta between its ascending and descending portions. | རྩ་ཆེན་གྱི་གྱེན་རྒྱུ་དང་ཐུར་རྒྱུའི་ཆ་ཤས་གཉིས་དབར་གྱི་གུག་ཆ་ལ་ཟེར། |
aorta འཕར་རྩ་གཙོ་བོ། | biol. The main trunk of the systemic arteries, carrying blood from the left side of the heart to the arteries of all limbs and organs except the lungs. | སྙིང་གི་གཡོན་ཕྱོགས་ནས་གློ་བ་ཕུད་པའི་དབང་པོ་རྣམས་དང་། རྐང་ལག་བཅས་སུ་ཁྲག་སྐྱེལ་འདྲེན་བྱེད་མཁན་གྱི་སྒྲིག་འཛུགས་དང་ལྡན་པའི་འཕར་རྩའི་གཞུང་རྐང་གཙོ་བོ་དེ་ལ་གོ |
Anxiolytics སེམས་འཚབ་སྨན་བཅོས། | neurosci. | |
anxiety disorder སེམས་འཚབ་འཁྲུག་སྐྱོན། | neurosci. A disorder in which anxiety is the most prominent feature. The symptoms range from mild, chronic tenseness, with feelings of timidity, fatigue, apprehension, and indecisiveness, to more intense states of restlessness and irritability that may lead to aggressive acts, persistent helplessness, or withdrawal. | འཁྲུག་སྐྱོན་གང་ཞིག་གི་ཁྲོད་དུ་སེམས་འཚབ་དེ་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཡིན་པའི་འཁྲུག་སྐྱོན་ཞིག་ལ་ཟེར། དེའི་ནད་རྟགས་སུ་ཉམ་ཆུང་དང་། ངལ་དུབ། དངངས་སྐྲག ཚམ་ཚོམ་རང་བཞིན་བཅས་ཀྱི་ཚོར་བ་དང་མཉམ་དུ་དངངས་འཚབ་འབྲིང་ཙམ་བྱུང་བ་ནས་ཁྲོ་བའི་བྱ་སྤྱོད་དང་། ཕྱིར་ལྡོག་དཀའ་བའི་དབང་མེད་ཀྱི་ངང་ཚུལ། ཕྱི་ནུད་བཅས་སློང་སྲིད་པའི་འཚབ་འཚུབ་དང་ཁོང་ཁྲོ་སློང་བའི་རང་བཞིན་ཚབས་ཆེ་བའི་བར་འབྱུང་གི་ཡོད། |
antumbra གདུབ་སྒྲིབ། | phys. | |