Search:
TermEnglish DefinitionTibetan Definition
Aquifex ཆུ་བཟོ་སྲིན་བུ། biol.
aquifer ཆུ་བྲག biol. A body of permeable rock which can contain or transmit groundwater. ས་འོག་གི་ཆུ་འཛིན་པའམ་རྒྱུད་གཏོང་བྱེད་ཐུབ་པའི་སིམ་ནུས་ཅན་གྱི་བྲག་རྡོ་ལ་གོ
aqueous solution ཆུ་རྟེན་བཞུ་ཁུ། chem. A solution with water as the solvent. བཞུ་བྱེད་དུ་ཆུ་བེད་སྤྱོད་བྱས་པའི་བཞུ་ཁུ་ལ་ཟེར།
aqueduct ༡. ཆུ་ཡུར། ༢. གཤེར་སྦུག biol. 1. A conduit used for carrying water over long distances. 2. A small duct in the body containing fluid. ༡. རྒྱང་ཐག་རིང་པོའི་སར་ཆུ་སྐྱེལ་འདྲེན་གྱི་ཆེད་དུ་སྤྱོད་པའི་སྦུབ་ཡུར་ཞིག ༢. ལུས་པོའི་ནང་གི་གཤེར་ཁུ་དང་ལྡན་པའི་སྦུ་གུ་ཕྲ་མོ་ཞིག
aquatic biome ཆུའི་འཚོ་ཁམས། biol. A complex community of aquatic plants and animals inhabiting a similar environment is called an aquatic biome. Aquatic biomes can be broken down into two general categories, freshwater biomes and marine biomes. ཕྱོགས་མཚུངས་པའི་ཁོར་ཡུག་ཅིག་ཏུ་འཚོ་གནས་བྱེད་ཀྱིན་པའི་ཆུ་གནས་སྲོག་ཆགས་དང་རྩི་ཤིང་གི་རྙོག་འཛིང་ཅན་གྱི་ཚོགས་སྡེ་ཞིག་ལ་ཆུའི་འཚོ་ཁམས་ཟེར་ཞིང་། ཁྱབ་ཆེ་བའི་སྡེ་ཚན་གཉིས་ཏེ་ཆུ་གཙང་འཚོ་ཁམས་དང་རྒྱ་མཚོའི་འཚོ་ཁམས་སོ།
aquaporin གཤེར་སྦུག་སྤྲི་རྫས། biol. Any of a family of proteins found in plasma membranes and forming a functional component of water channels. ཆུ་སེར་སྐྱི་མོའི་ནང་དུ་ཡོད་ཅིང་ཆུའི་རྒྱུ་ལམ་གྱི་བྱེད་ལས་གྱི་གྲུབ་ཆ་ཡིན་པའི་སྤྲི་རྫས་ཀྱི་སྡེ་ཚན་གང་རུང་རུང་ཞིག་ལ་ཟེར།
Aprosodia གདངས་ཚོར་ཉམས་སྐྱོན། neurosci. [སྒྲ་གདངས་དྲག་ཞན་དང་འབྲེལ་བའི་ཚོར་བ་སྟོན་མྱོང་མི་ཐུབ་པའི་དབང་རྩ་ཉམས་སྐྱོན།]
approximation རོབ་རྩིས། math. The process or result of making a rough calculation, estimate, or guess རགས་རིམ་གྱིས་རྩིས་རྒྱག་པའམ། རོབ་རྩིས་རྒྱག་པ། ཡང་ན། ཚོད་དཔག་བྱེད་པའི་རྒྱུད་རིམ་མམ་གྲུབ་འབྲས་ལ་གོ
Approximate truth ཕྱོགས་ཙམ་བདེན་པ། རོབ་ཚོད་བདེན་པ། Phil.
Appreciating inter-dependence རྟེན་འབྲེལ་ལ་བརྩི་མཐོང་བྱེད་པ། SEE Learning
appraisal དབྱེ་ཆོད། neurosci. An act of assessing something or someone. བྱ་དངོས་ཤིག་གམ་གང་ཟག་ཅིག་ལ་དཔྱད་ཞིབ་བྱེད་པའི་བྱ་བ།
applied statistics ཉེར་སྤྱོད་མཐའ་རྩིས། math.
applied force བཀོལ་ཤུགས། phys. An applied force is a force that is applied to an object by another object. བཀོལ་ཤུགས་ནི་དངོས་པོ་ཞིག་གིས་དངོས་པོ་གཞན་ཞིག་གི་ཐོག་ཏུ་སྤྲད་པའི་ཤུགས་ལ་གོ
appetite དང་ག ཡི་ག biol. A craving for the food necessary to maintain the body and to supply it with sufficient energy to carry on its functions. ལུས་ཕུང་འཚོ་སྐྱོང་བྱེད་པ་ལ་དགོས་ངེས་ཀྱི་ཟས་ལ་སྲེད་པ་དང། ལུས་ཕུང་གི་བྱེད་ལས་རྒྱུན་མཐུད་ཡོང་བ་ལ་ནུས་ཤུགས་འདང་ངེས་བའི་ཟས་མཁོ་སྤྲོད་བྱེད་པར་སྲེད་པ་ལ་ཟེར།
Appendicular skeleton ཡན་ལག་རུས་སྒྲོམ། biol.