ATP synthase ཨེ་ཊི་པི་སྦྱོར་སྨིན། | biol. An enzyme that catalyzes the synthesis of ATP from ADP and inorganic phosphate | ཨེ་ཌི་པི་དང་སྐྱེ་ལྡན་མིན་པའི་ཕོ་སི་ཕེཊ་གཉིས་སྤྱད་དེ་ཨེ་ཊི་པི་སྦྱོར་སྡེབ་བྱེད་པར་སྐུལ་མཁན་གྱི་སྨིན་རྫས་ཤིག |
atonia རྐྱོང་ཞ། | biol. A weakness or lack of normal tone in a tissue or organ. | ཕུང་གྲུབ་བམ་དབང་པོ་ཞིག་གི་ནང་དུ་རྒྱུན་ལྡན་གྱི་འགྲོས་མེད་པའམ་རྒྱུན་ལྡན་གྱི་འགྲོས་ལ་སྐྱོན་ཤོར་བ། |
atomizer ཟེགས་ཆས། | phys. A device for emitting water, perfume, or other liquids as a fine spray. | ཆུའམ། དྲི་ཞིམ། ཡང་ན་གཤེར་གཟུགས་གཞན་ཟེགས་མ་ཕྲ་མོའི་སྒོ་ནས་གཏོར་བྱེད་ཀྱི་ཡོ་ཆས། (ཟེགས་མ་བཟོ་བྱེད་ཀྱི་ཡོ་ཆས།) |
atomic theory རྡུལ་ཕྲན་གྱི་རྣམ་གཞག | phys. The theory that all matter is made up of tiny indivisible particles (atoms). According to modern interpretations of the theory, the atoms of each element are effectively identical, but differ from those of other elements, and unite to form compounds in fixed proportions. | དངོས་པོ་ཐམས་ཅད་ཆ་ཤས་ཡང་ཤས་སུ་བགོ་མི་ཐུབ་པའི་རྡུལ་ཕྲན་གྱིས་གྲུབ་པར་སྨྲ་བའི་རྣམ་གཞག རྣམ་གཞག་འདིའི་དེང་རབས་ཀྱི་འགྲེལ་སྟངས་ལྟར་ན་རྩ་རྫས་སོ་སོའི་རྡུལ་ཕྲན་ཕན་ཚུན་མཚུངས་ཤིང་རྩ་རྫས་གཞན་གྱི་རྡུལ་ཕྲན་ལས་མི་འདྲ་བ་ཡིན་པ་དང་། བསྡུར་ཚད་ངེས་ཅན་དུ་མཉམ་སྡེབ་ཀྱི་འདུས་རྫས་གྲུབ་ཀྱི་ཡོད། |
atomic number རྡུལ་ཕྲན་རྟགས་གྲངས། རྡུལ་གྲངས། | phys. Number associated with an atom, equal to the number of protons in the nucleus, or, equivalently, to the number of electrons in the electron cloud of a neutral atom. | ལྟེ་རྡུལ་དུ་ཡོད་པའི་ཕོ་རྡུལ་གྱི་ཁ་གྲངས་དང་མཉམ་པའམ་ཡང་ན་འདི་དང་གཅིག་མཚུངས་སུ། ཁུར་མེད་རྡུལ་ཕྲན་ཞིག་གི་གློག་རྡུལ་གྱི་སྤྲིན་པའི་ནང་དུ་ཡོད་པའི་གློག་རྡུལ་གྱི་ཁ་གྲངས་དང་མཉམ་པའི་རྡུལ་ཕྲན་དང་འབྲེལ་བའི་གྲངས་ཀ་ཞིག |
atomic nucleus རྡུལ་ཕྲན་གྱི་ལྟེ་རྡུལ། | phys. Positively charged center of an atom, containing protons and neutrons and almost the entire mass of the atom, but only a tiny fraction of its volume. | ཕོ་རྡུལ་དང་མ་ནིང་རྡུལ་བཅས་རྡུལ་ཕྲན་གྱི་གདོས་ཚད་ཕལ་ཆེ་བ་འདུས་མོད་བོངས་ཚད་ཀྱི་ཆ་ཤས་ཆུང་ངུ་ལས་མི་འཛིན་པའི་གློག་འཁུར་ཕོ་དང་ལྡན་པའི་རྡུལ་ཕྲན་གྱི་ལྟེ་བ། |
atomic mass unit (AMU) ཨེ་མུ། | phys. Standard unit of atomic mass. It is based on the mass of the common carbon atom, which is arbitrarily given the value of exactly 12. An amu of 1 is one-twelfth the mass of this common carbon atom. | རྡུལ་ཕྲན་གྱི་གདོས་ཚད་ཀྱི་ཚད་ལྡན་བརྩི་གཞི། འདོད་དབང་ལྟར་ཨེ་མུ་ ༡༢ ཏག་ཏག་ཡིན་པར་བརྩིས་པའི་སྤྱིར་བཏང་གི་ཁར་སྦོན་གྱི་གདོས་ཚད་གཞི་ལ་བཞག་པ་ཞིག་ཡིན་ཞིང་། ཨེ་མུ་ ༡ ནི་སྤྱིར་བཏང་གི་ཁར་སྦོན་རྡུལ་ཕྲན་འདིའི་གདོས་ཚད་ཀྱི་བཅུ་གཉིས་ཆ་ཡི་གཅིག་ཡིན། |
atomic mass number རྡུལ་ཕྲན་གྱི་གདོས་གྲངས། | phys. Number associated with an atom, equal to the number of nucleons (protons plus neutrons) in the nucleus. | རྡུལ་ཕྲན་ལ་འབྲེལ་བ་ཡོད་པའི་གྲངས་ཀ་ཞིག་སྟེ་འདི་ནི་ལྟེ་རྡུལ་དུ་ཡོད་པའི་ལྟེ་ཆའི་ (ཕོ་རྡུལ་དང་བར་རྡུལ་) ཁ་གྲངས་དང་མཚུངས། |
atomic mass རྡུལ་ཕྲན་གྱི་གདོས་ཚད། | phys. The mass of an isotope of an element measured in units formerly based on the mass of one hydrogen atom taken as a unit or on 1/16 (0.0625) the mass of one oxygen atom, but after 1961 based on 1/12 (0.0833) the mass of the carbon-12 atom. | ཡང་རྡུལ་གྱི་རྡུལ་ཕྲན་གཅིག་གི་གདོས་ཚད་གཞི་ལ་བཞག་ནས་ཚད་བཅལ་བའི་གནས་མཉམ་རྩ་རྫས་ཤིག་གི་གདོས་ཚད། སྔོན་ཆད། ཡང་རྡུལ་གྱི་རྡུལ་ཕྲན་གཅིག་གི་གདོས་ཚད་ནི་འཚོ་རླུང་རྡུལ་ཕྲན་གཅིག་གི་གདོས་ཚད་ཀྱི་1/16 (0.0625) ཡིན་པར་བརྩིས་ཡོད་མོད། ༡༩༦༡ ལོ་ནས་ཀར་བོན་(ནག་རྫས་)བཅུ་གཉིས་ཀྱི་གདོས་ཚད་ཀྱི་ 1/12 (0.0833) ཡིན་པར་གཞི་འཇོག་གི་ཡོད། |
atomic clock རྡུལ་ཕྲན་ཆུ་ཚོད། | phys. An apparatus for measuring or standardizing time that is based on periodic phenomena within atoms or molecules. | རྡུལ་ཕྲན་ནམ་འདུས་རྡུལ་ནང་གི་དུས་མཚམས་ཅན་གྱི་སྣང་ཚུལ་ལ་གཞི་བཞག་ནས་དུས་ཚོད་གཅིག་གྱུར་བཟོ་བའི་ཡོ་ཆས་སམ་དུས་ཚོད་འཇལ་བའི་ཡོ་ཆས་ཤིག |
atomic bonding རྡུལ་ཕྲན་གྱི་འཆིང་སྦྱོར། | phys. Linking together of atoms to form larger structures, such as molecules and solids. | རྡུལ་ཕྲན་མང་པོ་མཉམ་དུ་འབྱར་ནས་འདུས་རྡུལ་དང་སྲ་གཟུགས་ལྟ་བུའི་བཀོད་པ་ཆེན་པོ་འགྲུབ་པ། |
atom རྡུལ་ཕྲན། | phys. Smallest particle of an element that has all the element’s chemical properties. Consists of protons and neutrons in a nucleus surrounded by electrons. | རྩ་རྫས་ཀྱི་རྫས་ཀྱི་ཁྱད་ཆོས་ཆ་ཚང་ཡོད་པའི་ཕྲ་རྡུལ་ཆུང་ཤོས་ཏེ་ལྟེ་རྡུལ་དུ་ཕོ་རྡུལ་དང་བར་རྡུལ་ཡོད་ཅིང་དེའི་མཐའ་རུ་གློག་རྡུལ་གྱིས་སྐོར་ནས་གྲུབ་པ་ཞིག |
atmospheric pressure རླུང་ཁམས་གནོན་ཤུགས། | phys. Pressure exerted against bodies immersed in the atmosphere resulting from the weight of air pressing down from above. At sea level, atmospheric pressure is about 101 kPa. | རླུང་ཁམས་སུ་ཡོད་པའི་དངོས་པོའི་སྟེང་དུ་རླུང་གི་ལྗིད་ཚད་ཀྱིས་མནན་པ་ལ་བརྟེན་ནས་ཕོག་པའི་གནོན་ཤུགས། མཚོ་ངོས་སུ་རླུང་གནོན་ནི་ ༡༠༡ kPa ཙམ་ཡིན། |
atmosphere ༡ རླུང་ཁམས། རླུང་གི་གོ་ལ། ༢ རླུང་གནོན། | phys. 1. The envelope of gases surrounding the earth or another planet. 2. A unit of pressure equal to 101 325 pascals. | ༡ སའི་གོ་ལའམ་གཟའ་སྐར་གཞན་གྱི་མཐའ་ནས་སྐོར་བའི་རླངས་གཟུགས་ཀྱི་རིམ་པ། ༢ པ་སི་ཀལ་ ༡༠༡༣༢༥ དང་མཉམ་པའི་གནོན་ཤུགས་ཀྱི་བརྩི་གཞི་ཞིག |
Atlantic Current ཨེཊ་ལན་ཊིཀ་ཆུ་རྒྱུན། ཨེཊ་ལན་ཊིག་ཆུ་འཁོར། | phys. | |