Search:
TermEnglish DefinitionTibetan Definition
autonomic རང་སྐྱོང། biol. Involuntary or unconscious; relating to the autonomic nervous system. རང་འགུལ་ལམ་ཚོར་ཤེས་དང་བྲལ་བ་སྟེ། རང་འགུལ་དབང་རྩ་མ་ལག་དང་འབྲེལ་བ་ཡོད་པའི།
automatic washing machine རང་འགུལ་འཁྲུ་ཆས། phys.
automatic རང་འགུལ། biol. Done or occurring spontaneously, without conscious thought or attention. ཚོར་ཤེས་དང་བཅས་པའི་བསམ་གཞིག་གམ་དོ་སྣང་སྤྲོད་མི་དགོས་པའི་སྒོ་ནས་རང་ཆས་སུ་འབྱུང་བའམ་སྒྲུབ་པའི།
autoimmunity རང་འགོག་རང་གཤིས། biol. A condition in which the body produces an immune response against its own tissue constituents. ལུས་པོས་རང་གི་ཕུང་གྲུབ་ཀྱི་གྲུབ་ཆའི་ཁ་གཏད་དུ་ནད་འགོག་ཡ་ལན་སྐྱེད་སྐྲུན་བྱེད་པའི་གནས་སྟངས་ཤིག
autoimmune disorder རང་འཚེ་ནད་འགོག་འཁྲུགས་སྐྱོན། biol. A collection of conditions in which the body's immune system attacks its own tissues, identifying them as foreign substances. Genetic factors may play a part in this abnormal function, but the causes are not clear. ལུས་པོའི་ནད་འགོག་མ་ལག་གིས་སོ་སོའི་ཕུང་གྲུབ་རྣམས་རྒྱུས་མེད་འདུས་རྫས་ལྟ་བུར་ངོས་བཟུང་ནས་རྒོལ་རྡུང་བྱེད་པའི་གནས་སྟངས་དུ་མའི་སྤྱི་མིང་། རིགས་རྫས་ཀྱི་རྒྱུ་རྐྱེན་གྱིས་འདི་ལྟ་བུའི་རྒྱུན་ལྡན་མིན་པའི་གནས་སྟངས་ལ་མཐུན་སྦྱོར་བྱས་ཡོད་སྲིད་མོད། རྒྱུ་གང་ཡིན་གསལ་ཁ་མེད།
autoimmune disease རང་འགོག་ནད་གཞི། biol. Disorders of the immune system that result in the inability to differentiate between ‘self’ and ‘non-self’ antigens, leading to the production of an auto-antibody (an antibody against oneself). Such diseases include Hashimoto's disease of the thyroid, systemic lupus erythematosus, rheumatoid arthritis and Crohn's disease. “རང་” དང་ “གཞན་” གྱི་འགོག་ཟུངས་སྐྱེད་རྫས་དབྱེ་འབྱེད་མི་ནུས་པར་གྱུར་ཏེ་རང་འགོག་འགོག་གཟུགས་ཐོན་སྐྱེད་བྱེད་པའི་ནད་འགོག་མ་ལག་གི་འཁྲུག་སྐྱོན་ཞིག འདིའི་ཁོངས་སུ་ཨོལ་མདུད་ཀྱི་ཧ་ཤི་མོ་ཊོའི་ནད་དང་རྨ་ཤུའི་པགས་ནད་། ཚིགས་གྲུམ། ཀི་རོན་གྱི་ནད་བཅས་ཚུད་ཡོད།
autocrine signaling རང་རྨེན་བརྡ་གཏོང། biol. A form of cell signaling in which a cell secretes an autocrine agent (e.g. hormone or chemical messenger) that binds to autocrine receptors on the same cell, leading to changes in the cell. རང་རྨེན་བརྡ་གཏོང་ནི་རང་རྨེན་བྱེད་རྐྱེན་ (དཔེར་ན། རྨེན་རྫས་སམ་རྫས་ཀྱི་འཕྲིན་པ་) གློད་གཏོང་བྱས་རྗེས་ཕྲ་ཕུང་དེ་གའི་སྟེང་གི་རང་རྨེན་སྣེ་ལེན་པ་ལ་འཆིང་སྦྱོར་བྱས་ཏེ་ཕྲ་ཕུང་དེའི་ནང་དུ་འགྱུར་བ་འགྲོ་འགོ་འཛུགས་སུ་འཇུག་པའི་ཕྲ་ཕུང་བརྡ་གཏོང་གི་རྣམ་པ་ཞིག
autocrine རང་རྨེན་གྱི། biol. Denoting or relating to a cell-produced substance that has an effect on the cell by which it is secreted. ཕྲ་ཕུང་རང་གིས་གློད་དེ་ཕྲ་ཕུང་རང་ཉིད་ལ་ཤུགས་རྐྱེན་སྤྲོད་པའི་དངོས་རྫས་ཤིག་མཚོན་པའམ། དངོས་རྫས་འདི་འདྲ་དང་འབྲེལ་བའི།
Autoclave རང་སྡོམ་གཙང་ཆས། biol. [རང་འགུལ་གྱིས་ཁ་བསྡམས་ཏེ་ནད་དུག་སེལ་བའམ་གཙང་མ་བཟོ་བར་བྱེད་པའི་ཡོ་ཆས།]
autobiographical self རང་ཤེས་བདག རང་མྱོང་གི་བདག neurosci.
autobiographical memory tasks རང་མྱོང་དྲན་གསོའི་བྱེད་སྒོ། neurosci.
autobiographical memory རང་མྱོང་དྲན་པ། neurosci. Memory for events that have occurred in one's life. མི་སྒེར་ཞིག་གི་མི་ཚེའི་ནང་དུ་བྱུང་ཚར་བའི་གནས་ཚུལ་དང་འབྲེལ་བའི་དྲན་པ།
autism spectrum disorder (ASD) རང་འཐིམ་འཁྲུག་སྐྱོན། neurosci. Autism spectrum disorder (ASD) is a group of developmental disabilities that can cause significant social, communication and behavioral challenges. རང་འཐིམ་འཁྲུག་སྐྱོན་ནི་སྤྱི་ཚོགས་དང། ཕན་ཚུན་འབྲེལ་ལམ། གཤིས་སྤྱོད་བཅས་ལ་དཀའ་ངལ་ཚབས་ཆེན་སྐྲུན་ཐུབ་པའི་འཚར་འཕེལ་གྱི་སྐྱོན་ཆའི་སྡེ་ཚན་ཞིག་ལ་ཟེར།
autism རང་འཐིམ། neurosci. A serious developmental disorder that impairs the ability to communicate and interact. འབྲེལ་ལམ་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ལ་ཉམས་སྐྱོན་གཏོང་མཁན་འཚར་འཕེལ་གྱི་འཁྲུག་སྐྱོན་ཚབས་ཆེན་ཞིག
Australopithecines ལྷོ་གླིང་སྤྲ་མི། Biol.