Basal lamina ༡) ཞབས་གནས་སྐྱ་རྫས། ༢) ཞབས་གནས་སྲབ་ཤུན། | neurosci. | |
basal ganglia ཞབས་གནས་རྩ་འདུས། | neurosci. A group of structures linked to the thalamus in the base of the brain and involved in coordination of movement. | ཀླད་པའི་ཞབས་མཐིལ་དུ་ཀླད་སྦུག་དང་སྦྲེལ་ནས་ཡོད་པའི་བཀོད་པའི་ཚོགས་ཤིག་ལ་ཟེར་ཞིང་། འགུལ་སྐྱོད་ཀྱི་འབྲེལ་མཐུད་དང་འབྲེལ་བ་ཡོད་པ་ཡིན། |
basal dendrite ཞབས་ཀྱི་བརྡ་ལེན་རྩ་ཕྲན། | neurosci. | |
basal cell ཞབས་གནས་ཕྲ་ཕུང་། | neurosci. | |
basal body ཞབས་གཟུགས། | neurosci. A cylindrical structure that forms the base of a flagellum or cilium; it contains sets of microtubules and is structurally similar to a centriole. | འབྲེང་རྔའམ་རྫི་རྔ་ཞིག་གི་ཞབས་ར་གྲུབ་པར་བྱེད་པའི་མདོང་དབྱིབས་ཅན་གྱི་བཀོད་པ་ཞིག་ལ་ཟེར་ཞིང་། དེའི་ནང་དུ་སྦུག་ཕྲན་གྱི་སྡེ་ཚན་དུ་མ་ཡོད་ཅིང་བཀོད་པའི་ཆ་ནས་དཀྱིལ་སྦུག་ཅིག་དང་འདྲ་མཚུངས་ཡིན། |
baryon ལྕི་རྡུལ། | phys. A hadron with half-integral spin. Nucleons comprise a subclass of baryons. According to currently accepted theory, baryons are made up of three quarks(antibaryons are made up of three antiquarks) held together by gluons | འཁོར་ཚད་ཕྱེད་ཀ་ཡིན་པའི་སྲ་རྡུལ། ལྟེ་ཉིང་གྲུབ་རྡུལ་ནི་ལྕི་རྡུལ་གྱི་ནང་གསེས་སྡེ་ཚན་ཞིག་གིས་གྲུབ། དེང་གི་ཆར་ཁས་ལེན་པའི་རྣམ་གཞག་ལྟར་ན། ལྕི་རྡུལ་ནི་ཁོག་རྡུལ་གསུམ་རྒུལ་ཨོན་རྡུལ་གྱིས་གསུམ་ལྷན་དུ་སྦྱར་ནས་གྲུབ། (ལྡོག་ཟླའི་ལྕི་རྡུལ་ནི་ལྡོག་ཟླའི་ཁོག་རྡུལ་གསུམ་གྱིས་གྲུབ།) |
barycenter གདོས་ལྟེ། | phys. The center of mass of a system. | མ་ལག་ཅིག་གི་གདོས་ཚད་ཀྱི་ལྟེ་བ། |
Baroreceptor གནོན་ཤུགས་སྣེ་ལེན་པ། | neurosci. | |
barometer རླུང་གནོན་འཇལ་ཆས། | phys. Device used to measure the pressure of the atmosphere. | རླུང་ཁམས་ཀྱི་གནོན་ཤུགས་འཇལ་བྱེད་ཀྱི་ཡོ་ཆས། |
bark ཤིང་ཤུན། | biol. The tough protective outer sheath of the trunk, branches, and twigs of a tree or woody shrub. | ཤིང་སྡོང་ངམ་སྡོང་ལྡུམ་གྱི་ལྕུག་ཕྲན་དང་། ཡལ་ག གཞུང་རྟ་བཅས་ལ་སྲུང་སྐྱོབ་བྱེད་པའི་ཤུན་སྐོགས་མཁྲེགས་པོ་དེ་ལ་གོ |
bare skeleton དངོས་རྗེན་གྱི་བཀོད་པ། རྗེན་སྒྲོམ། | biol. | |
barbell ཧྲང་དྲིལ། | phys. A metal rod to which heavy discs are attached at each end for weightlifting exercises | ལྕགས་ཧྲེང་ཞིག་གི་སྣེ་གཉིས་སུ་ལྕགས་སྒོར་ལྗིད་མོ་བཏེགས་ཏེ་གྱད་མིས་འདེགས་རྩལ་སྦྱངས་བར་བེད་སྤྱོད་བྱེད་པ་ཞིག |
bar magnet ཁབ་ལེན་ནར་མོ། | phys. A magnet in the shape of a bar with poles at its ends | ལྕགས་ཧྲེང་གི་དབྱིབས་སུ་ཡོད་ཅིང་རྩེ་མོ་གཉིས་སུ་ཁབ་ལེན་གྱི་སྣེ་གཉིས་ཡོད་པའི་ཁབ་ལེན་ལ་གོ |
bar graph ནར་རིས། | math. A graph consisting of vertical or horizontal bars whose lengths are proportional to amounts or quantities. | (བྱ་དངོས་ཤིག་གི་)གྲངས་འབོར་རམ་འབོར་ཚད་དང་སྡུར་ཚད་མཚུངས་པའི་ནར་རིས་དུ་མ་འཕྲེད་གཞུང་གང་རུང་དུ་བཀོད་པའི་ཐིག་རིས་ཤིག |
bands དུམ་ཚན། | neurosci. A range of frequencies or wavelengths in a spectrum. | འོད་ཤལ་ཞིག་གི་ཟློས་ཕྱོད་དམ་རླབས་ཐག་གི་ཁྱབ་ཚད། |