Big Bang གས་ཐོར་ཆེན་མོ། | phys. Primordial explosion that is thought to have resulted in the creation of our expanding universe. | རྒྱ་སྐྱེད་དུ་འགྲོ་བཞིན་པའི་ང་ཚོའི་འཇིག་རྟེན་གྲུབ་པའི་རྒྱུ་རྐྱེན་དུ་འདོད་པའི་ཐོག་མའི་གས་ཐོར། |
Bifacial cambium ངོས་གཉིས་སྲབ་ཤུན་རིམ་པ། | biol. | |
bicoid concentration རྔ་ཟུང་གར་ཚད། | biol. | |
bicoid རྔ་ཟུང་། (རིགས་རྫས།) | biol. A maternal effect gene which is important for patterning of anterior parts (head and thorax) of Drosophila embryos. | རྩི་སྦྲང་གཤེར་དགའ་ཡི་སྦྲུམ་སྲིང་གི་མདུན་ངོས་ (མགོ་དང་བྲང་ཁོག) ཀྱི་བཀོད་རིས་གྲུབ་པར་གལ་ཆེ་བའི་སྐྱེད་མའི་ཤུགས་རྐྱེན་གྱི་རིགས་རྫས་ཤིག |
biceps muscle དཔུང་རྐང་ཉྭ་སྙིང་། དཔུང་རྐང་ཉྭ་ཟུང་། | biol. A large muscle at the front of the upper arm. | དཔུང་སྟོད་ཀྱི་མདུན་ངོས་སུ་ཡོད་པའི་ཤ་སྒྲིམ་ཆེན་པོ་ཞིག་ལ་ཟེར། |
bicep femoris སྦལ་ནག | biol. The large muscle at the back of the thigh that flexes the knee joint. | པུས་མོའི་ཚིགས་སྐུམ་པར་བྱེད་མཁན་བརླ་ཤའི་རྒྱབ་ངོས་ཀྱི་ཤ་སྒྲིམ་ཆེན་པོ་དེར་ཟེར། |
Bible བྷ་ཡི་བྷལ། | phil. The Christian scriptures, consisting of the Old and New Testaments. | ཡི་ཤུའི་ཞལ་ཆད་གསར་རྙིང་གཉིས་ཀྱི་གྲུབ་པའི་གསུང་རབ་ལ་གོ |
biased sampling ཕྱོགས་ལྷུང་དཔེ་འདེམས། | sci. method Any sampling procedure in which some events or elements have a greater or lesser chance of being selected than they should given their frequency in the population. | བྱུང་བའམ་གྲུབ་ཆ་ཁག་ཅིག་འདེམས་པའི་སྲིད་ཕྱོད་ནི་ཚོགས་འདུས་དེའི་ནང་གི་བྱུང་བའམ་གྲུབ་ཆ་དེ་དག་གི་འབྱུང་ཐེངས་དངོས་ལས་ཉུང་བའམ་མང་བ་ཡོད་པའི་དཔེ་འདེམས་ཀྱི་རྒྱུད་རིམ་ཞིག |
bias ཕྱོགས་ལྷུང་། | phil. A one-sided mental inclination; a prejudice | གཞོགས་གཅིག་ལ་གཟུར་བའི་སེམས་ཀྱི་འདུན་པའམ་ཡིད་རྟོན་ཏེ་ཕྱོགས་སུ་ལྷུང་བའི་འདོད་ཚུལ། |
Between-Subjects Manipulation བརྟག་ཡུལ་དབར་གྱི་སྒྱུར་བཀོལ། | Res. | |
betatron བྷི་ཊ་རྡུལ་ཆས། ཐེར་འབུམ་རྡུལ་ཆས། | phys. A particle accelerator for producing high-energy electrons (up to 340 MeV) for research purposes, including the production of high-energy X-rays. The electrons are accelerated by electromagnetic induction in a doughnut-shaped (toroidal) ring from which the air has been removed. This type of accelerator was first developed by D.W Kerst (1911-) in 1939; the largest such machine, at the University of Illinois, was completed in 1950. | བརྟག་དཔྱད་ཀྱི་ཆེད་དུ་ནུས་པ་ཆེ་བའི་(340 MeV བར་དུ་)གློག་རྡུལ་བསྐྲུན་བྱེད་ཀྱི་ཕྲ་རྡུལ་མྱུར་སྣོན་འཕྲུལ་ཆས་ཤིག འདིའི་ཁོངས་སུ་ནུས་པ་ཆེ་བའི་གློག་པར་འོད་རླབས་སོགས་བསྐྲུན་པ་འདུས། མཁའ་རླུང་ཕྱི་རུ་བཏོན་ཚར་བའི་ཨ་ལོང་གི་དབྱིབས་སུ་གྲུབ་པའི་སྦུ་གུ་རིང་པོ་ཞིག་ཏུ་གློག་ཁབ་ལེན་གྱི་ཁྱབ་འགྱེད་ལ་བརྟེན་ནས་གློག་རྡུལ་ལ་མྱུར་སྣོན་ཐེབས་སུ་འཇུག འདི་ལྟ་བུའི་མྱུར་སྣོན་བསྐྲུན་ཆས་ནི་ཁེརསཊ་ཡིས་ ༡༩༣༩ ལོར་བཟོས། རྡུལ་ཆས་ཆེ་ཤོས་དེ་ཨེ་ལེ་ནོ་གཙུག་ལག་སློབ་གཉེར་ཁང་ན་ཡོད་ཅིང་ ༡༩༥༠ ལོར་བཟོ་བསྐྲུན་གྲུབ། |
beta strand བྷི་ཊ་སྐུད་པ། བྷི་སྐུད། | phys. Element of a beta sheet. One of the strands that is hydrogen bonded to a parallel or antiparallel strand to form a beta sheet. | བྷི་ཊ་ལྷེབ་གཟུགས་ཀྱི་གྲུབ་ཆ་སྟེ། མཉམ་འགྲོའི་སྐུད་པ་ཞིག་གམ་ལྡོག་འགྲོའི་སྐུད་པ་ཞིག་ལ་ཡང་རླུང་འཆིང་སྦྱོར་བྱས་ཏེ་བྷི་ཊ་ལྷེབ་གཟུགས་གྲུབ་པར་བྱེད་པའི་སྐུད་པ་ཞིག་ལ་གོ |
beta sheet བྷི་ཊ་ལྷེབ་གཟུགས། བྷི་ལྷེབ། | biol. A secondary structure that occurs in many proteins and consists of two or more parallel adjacent polypeptide chains arranged in such a way that hydrogen bonds can form between the chains. | མཉམ་གཤིབ་ཀྱི་མང་ཟློས་སྤྲི་རྩིའི་ཕྲེང་བ་དུ་མ་ཡོད་པ་མ་ཟད་ཕྲེང་བ་དེ་དག་གི་དབར་དུ་ཡང་རླུང་འཆིང་བ་གྲུབ་ཐུབ་པའི་ངོ་བོར་གྲལ་སྒྲིག་ཅིང་སྤྲི་རྫས་མང་པོའི་ནང་དུ་ཡོད་པའི་བཀོད་རིམ་གཉིས་པ་ཞིག་ལ་ཟེར། |
beta ray བྷི་ཊ་འཕྲོ་ཟེར། | phys. Stream of beta particles (electrons or positrons) emitted by certain radioactive nuclei. | འགྱེད་འཕྲོའི་རང་བཞིན་ཅན་གྱི་ལྟེ་རྡུལ་ངེས་ཅན་ཁག་ཅིག་གིས་འཕྲོ་རུ་བཅུག་པའི་བྷི་ཊ་ཕྲ་རྡུལ་ (གློག་རྡུལ་ལམ་ལྡོག་མའི་གློག་རྡུལ་) གྱི་རྒྱུན། |
beta particle བྷི་ཊ་རྡུལ། | phys. Electron (or positron) emitted during the radioactive decay of certain nuclei. | ལྟེ་རྡུལ་ངེས་ཅན་ཁག་ཅིག་གི་འགྱེད་འཕྲོའི་ཟད་འགྱུར་གྱི་སྐབས་སུ་འཕྲོ་ཡོང་བའི་གློག་རྡུལ་ (ཡང་ན་ལྡོག་མའི་གློག་རྡུལ་) ། |