Search:
TermEnglish DefinitionTibetan Definition
binding energy སྡུད་ནུས། phys. The energy equivalent to the mass defect when nucleons bind together to form an atomic nucleus. When a nucleus is formed some energy is released by the nucleons, since they are entering a more stable lower-energy state. Therefore the energy of a nucleus consists of the energy equivalent of the mass of its individual nucleons minus the binding energy. ལྟེ་ཆ་ཚུན་མཉམ་དུ་འབྱར་ནས་ལྟེ་རྡུལ་གྲུབ་པའི་སྐབས་སུ་བརླག་པའི་གདོས་ཚད་དང་མཉམ་པའི་ནུས་པ། ལྟེ་རྡུལ་གྲུབ་སྐབས་ལྟེ་ཆ་རྣམས་ཅུང་བརྟན་ཞིང་ནུས་པ་ཆུང་བའི་གནས་བབ་ལ་འགྲོ་བཞིན་ཡོད་པས། ལྟེ་ཆ་དེ་དག་གིས་ནུས་པ་གློད་ཀྱིན་ཡོད། དེར་བརྟེན། ལྟེ་རྡུལ་གྱི་ནུས་པ་ནི་ལྟེ་ཆ་དེ་དག་གི་གདོས་ཚད་དང་མཉམ་པའི་ནུས་པ་ནས་སྡུད་ནུས་འཐེན་པའི་ལྷག་མ་དེ་ཡིན།
binding སྡུད་སྦྱོར། biol. The action of fastening or holding together, or of being linked by chemical bonds. མཉམ་དུ་སྦྲེལ་བའམ་མཉམ་དུ་འཛིན་པའི་བྱ་བའམ། ཡང་ན། རྫས་ཀྱི་འཆིང་བས་ལྷན་དུ་སྦྲེལ་བ།
binary system གཉིས་ལུགས། math. A system in which information can be expressed by combinations of the digits 0 and 1. ཨང་ཀི་ ༠ དང་ ༡ གི་སྡེབ་ལུགས་ལ་བརྟེན་ནས་ཆ་འཕྲིན་མཚོན་པར་བྱེད་ཐུབ་པའི་མ་ལག་ཅིག
binary star ཟུང་སྐར། phys. A system of two stars that revolve around each other under their mutual gravitation. ཐུན་མོང་གི་འཐེན་ཤུགས་ཀྱི་འོག་ནས་ཕན་ཚུན་ལ་བསྐོར་བ་བྱེད་པའི་སྐར་མ་གཉིས་ཀྱི་མ་ལག་ཅིག་ལ་ཟེར།
binary pulsar ཟུང་བགྲོད་འཕར་སྐར། phys. A pulsar that exists as one member of a binary star system. ཟུང་སྐར་མ་ལག་ཅིག་གི་གྲུབ་ཆ་གཅིག་ལྟ་བུར་གནས་པའི་འཕར་སྐར་ཞིག་ལ་ཟེར།
binary fission ཟུང་གྱེས། biol. Fission in which two cells—usually of similar size and shape—are formed by the growth and division of one cell. ཕྲ་ཕུང་གཅིག་འཚར་འཕེལ་དང་ཆ་བགོས་ལ་བརྟེན་ནས་དབྱིབས་དང་ཆེ་ཆུང་མཚུངས་པའི་ཕྲ་ཕུང་གཉིས་སུ་གྱེས་བའི་གྱེས་འགྱུར་ལ་གོ
binary code ཟུང་གྲངས་མཚོན་བརྡ། ཟུང་བརྡ། phys. Code based on the binary number system (which uses a base of 2). In binary code, any number can be expressed as a succession of 1s and 0s. For example, the number 1 is 1, 2 is 10, 3 is 11, 4 is 100, 5 is 101, 17 is 10001, etc. These 1s and 0s can then be interpreted and transmitted electronically as a series of “on” and “off” pulses, the basis for all computers and other digital equipment. ཟུང་གྲངས་ཀྱི་ལུགས་ (༢ ཡི་གཞི་བེད་སྤྱོད་བྱེད་པ་ཞིག) གཞི་ལ་བཞག་པའི་མཚོན་བརྡ། ཟུང་བརྡའི་ནང་དུ་གྲངས་ཀ་ཅི་ཞིག་ཡིན་རུང་ ༡ དང་ ༠ སྡེབ་སྟེ་མཚོན་པར་བྱེད། དཔེར་ན། གྲངས་ཀ་ ༡ ནི་ ༡ དང་། ༢ ནི་ ༡༠། ༣ ནི་ ༡༡། ༤ ནི་ ༡༠༠། ༥ ནི་ ༡༠༡། ༡༧ ནི་ ༡༠༠༠༡ ལ་སོགས་པས་མཚོན། དེའི་རྗེས་སུ་ ༡ རྣམས་དང་ ༠ རྣམས་ནི་གློག་ཀླད་ཡོངས་དང་གྲངས་འབྲེལ་ཡོ་ཆས་གཞན་གྱི་གཞི་རྩར་གྱུར་པའི་ “གཏོང་བ་” དང་ “འགོག་པའི་” བསྟར་རིམ་གྱི་འཕར་འགུལ་གྱི་ངོ་བོར་གློག་ཆས་སྤྱད་དེ་ཀློག་འགྲེལ་དང་བརྒྱུད་གཏོང་བྱེད་པ་ཡིན།
binary ཟུང་གྲངས། ཟུང་ལྡན། math. Characterized by or consisting of two parts or components ཆ་ཤས་སམ་གྲུབ་ཆ་གཉིས་དང་ལྡན་པ།
bimetallic strip ལྕགས་ཤན་གཉིས་མ། phys. Two strips of different metals welded or riveted together. Because the two substances expand at different rates when heated or cooled, the strip bends; used in thermostats. ལྕགས་ལེབ་རིགས་མི་འདྲ་བ་གཉིས་ལྷན་དུ་ཚ་ལ་རྒྱབ་ཡོད་པའམ་གཟེར་རྒྱབ་ཡོད་པ་ཞིག ཚ་པོར་བཟོ་བའམ་གྲང་མོར་བཟོ་བའི་སྐབས་སུ་ལྕགས་རིགས་གཉིས་ཀའི་སྦོས་ཚད་མི་འདྲ་བ་ཡོད་པས་ལྕགས་ཤན་འདི་བཀུག་འགྲོ་བ་དང་། འདི་ཚ་གྲང་སྟངས་འཛིན་ཡོ་ཆས་སུ་སྤྱོད།
billiards རྦིད་དབྱུག་རྩེད་མོ། phys. Any of several games played on an oblong table by hitting small balls against one another or into pockets with a cue. སྒྲོག་ཙེ་ནར་མོ་ཞིག་གི་སྟེང་ནས་དབྱུག་ཤིང་གིས་གཞུས་པ་ལ་བརྟེན་ནས་སྤོ་ལོ་གཅིག་གིས་སྤོ་ལོ་གཞན་ཞིག་ལ་ཕོག་པར་བྱས་ཏེ་ཨི་ཁུང་དུ་འཛུལ་བར་བྱེད་པའི་རྩེད་མོ་དུ་མ་ཡོད་པའི་ཁྲོད་ཀྱི་གང་རུང་ཞིག
billiard ball རྦིད་དབྱུག་པོ་ལོ། phys. One of the balls used in playing billiards རྦིད་དབྱུག་རྩེད་མོ་རུ་བེད་སྤྱོད་བྱེད་པའི་སྤོ་ལོ་ཞིག
Bilirubin མཁྲིས་པའི་དམར་གཤེར། biol.
bile མཁྲིས་ཁུ། མཁྲིས་པ། biol. A bitter greenish-brown alkaline fluid which aids digestion and is secreted by the liver and stored in the gall bladder. མཆིན་པས་གློད་འདོན་བྱེད་ཅིང་མཁྲིས་སྣོད་དུ་གསོག་ཉར་བྱེད་པ་དང་། ཟས་འཇུ་བར་ཕན་གྲོགས་བྱེད་པའི་བུལ་ཚྭའི་རང་བཞིན་ཅན་གྱི་མདོག་ལྗང་སྨུག་གི་གཤེར་ཁུ་ཁ་ཏིག་ཅིག
bilateral symmetry གཞོགས་གཉིས་ཆ་མཚུངས། math. A form of symmetry in which the opposite sides along a midline is a duplicate of the other in terms of body parts or appearance དཀྱིལ་ཐིག་ཅིག་གི་གཞོགས་གཉིས་སུ་ཡོད་པའི་ལུས་པོའི་ཆ་ཤས་སམ་བཟོ་དབྱིབས་གཉིས་ཕན་ཚུན་གཅིག་མཚུངས་ཡིན་པའི་ཆ་མཚུངས་གནས་སྟངས་ཤིག
Big Crunch རྡིབ་འཁུམས་ཆེན་མོ། རྡིབ་ཆེན། phys. One of three possible end points of the expanding universe according to the Big Bang theory, when the expansion of spacetime initiated at the Big Bang decelerates to a stop and then contracts, causing the universe to collapse. གས་ཐོར་ཆེན་མོ་ལྟར་ན་རྒྱ་སྐྱེད་བཞིན་པའི་འཇིག་རྟེན་འདི་ལ་འབྱུང་སྲིད་པའི་འཇིག་སྟངས་གསུམ་ཡོད་པའི་ནང་གི་གཅིག་ལ་གོ་སྟེ། གས་ཐོར་ཆེན་མོས་འགོ་བཙུགས་པའི་མཁའ་དུས་ཀྱི་རྒྱ་སྐྱེད་ཚད་དེ་ཇེ་དལ་དུ་ཕྱིན་ཏེ་མཚམས་འཇོག་གི་ཡོད་པ་དང་། དེ་ནས་ཕྱིར་འཁུམ་སྟེ་འཇིག་རྟེན་འདི་ལ་རྡིབ་སྐྱོན་འབྱུང་དུ་འཇུག་གི་ཡོད།