biological knowledge སྐྱེ་དངོས་ཤེས་བྱ། | biol. | |
biological functions སྐྱེ་དངོས་བྱེད་ལས། | biol. | |
biological classification སྐྱེ་དངོས་ཀྱི་སྡེ་ཚན་དབྱེ་བསྡུ། | biol. The arrangement of organisms into taxa | སྐྱེ་དངོས་རྣམས་སྡེ་ཚན་དུ་སྒྲིག་པ་ལ་གོ |
biological cell སྐྱེ་དངོས་ཕྲ་ཕུང་། | biol. | |
biological basis of compassion སྙིང་རྗེའི་ལུས་རྟེན། | neurosci. | |
biological basis for emotion expressions མྱོང་ཚོར་རྣམ་འགྱུར་གྱི་ལུས་རྟེན། | neurosci. | |
biological balance སྐྱེ་དངོས་དོ་མཉམ། | biol. | |
biological age སྐྱེ་འཕེལ་ལོ་ཚད། | biol. One's present position in regard to the probability of survival. Determination of biological age requires assessment and measurement of the functional capacities of the life-limiting organ system, e.g., the cardiovascular system. | མི་ཞིག་གི་འཚོ་གནས་ཀྱི་སྲིད་ཆོད་གཞིར་བཞག་པའི་ད་ལྟའི་གནས་སྟངས། སྐྱེ་འཕེལ་ལོ་ཚོད་ཐག་གཅོད་བྱེད་པར་སྙིང་རྩ་མ་ལག་ལྟ་བུའི་ཚེ་སྲོག་ལ་གལ་ཆེ་བའི་དབང་པོའི་མ་ལག་གི་བྱེད་ལས་ནུས་པ་ཚད་འཇལ་དང་དེ་ལ་དཔྱད་ཞིབ་བྱེད་དགོས་པ་ཡིན། |
biogeography སྐྱེ་དངོས་ས་ཁམས་རིག་པ། | biol. A major branch of geography, concerned with the study and interpretation of geographical distributions of animals, plants and man, both extant and extinct. | རྩ་སྟོང་དུ་ཕྱིན་ཡོད་མེད་གཉིས་སུ་གཏོགས་པའི་སྲོག་ཆགས་དང། རྩི་ཤིང། མི་བཅས་ས་ཁམས་ཁག་ཏུ་ཁྱབ་ཚུལ་ལ་བརྟག་དཔྱད་དང་། ཁྱབ་ཚུལ་དེའི་འགྲེལ་སྟངས་གཙོ་བོར་འཛིན་པའི་ས་ཁམས་རིག་པའི་ཡན་ལག་གལ་ཆེན་ཞིག |
biogeochemical cycle སྐྱེ་དངོས་ས་ཁམས་རྫས་རྒྱུན་འཁོར་ལོ། | biol. The exchange of elements (e.g., oxygen, carbon, nitrogen, and so on) in the environment between storage pools such as the atmosphere, biota, oceans, soils, the earth’s crust, and human society. | ཕྱིའི་ཁོར་ཡུག་ཏུ་ཡོད་པའི་རླུང་ཁམས་དང་། སྐྱེ་དངོས། རྒྱ་མཚོ། ས། སའི་གོ་ལའི་ཤུན་པ། འགྲོ་བ་མིའི་སྤྱི་ཚོགས་ལྟ་བུའི་གསོག་ཉར་བྱེད་སའི་སྡེ་རྣམས་ཀྱི་དབར་དུ་རྩ་རྫས་ (དཔེར་ན། འཚོ་རླུང་དང་། ཁར་སྦོན། ཟེ་རླུང་ལ་སོགས་པ།) བརྗེ་ལེན་བྱེད་པ་ལ་ཟེར། |
Biogenic Amines སྐྱེ་སྐྲུན་ཨ་མིན། | neurosci. | [སྐྱེ་ལྡན་གྱིས་སྐྱེད་པའམ་སྐྲུན་པའི་ཨ་མིན།] |
Biogenic སྐྱེ་སྐྲུན། | biol. | [སྐྱེ་ལྡན་གྱིས་སྐྱེད་པའམ་སྐྲུན་པ།] |
biogas རྫབ་རླངས། | biol. Gaseous fuel, especially methane, produced by the fermentation of organic matter. | སྐྱེ་ལྡན་གྱི་དངོས་པོ་ཕབས་སྦྱོར་བྱས་པ་ལས་སྐྲུན་པའི་རླངས་གཟུགས་ཀྱི་བུད་རྫས་ཏེ་བྱེ་བྲག་ཏུ་མེ་ཐེན་ལ་གོ |
biofuel སྐྱེ་དངོས་བུད་རྫས། | biol. A fuel (as wood or ethanol) composed of or produced from biological raw materials. | སྐྱེ་ལྡན་གྱི་རྒྱུ་ཆ་ལས་གྲུབ་པའམ་། ཐོན་སྐྱེད་བྱས་པའི་ (ཤིང་ངམ་འབྲུ་ཆང་ལྟ་བུའི་) བུད་རྫས་ཤིག |
biofilm སྐྱེ་དྲེག | biol. Biofilm, aggregate of bacteria held together by a mucuslike matrix of carbohydrate that adheres to a surface. Biofilms can form on the surfaces of liquids, solids, and living tissues, such as those of animals and plants. | སྐྱེ་དྲེག་ནི་ངོས་ཤིག་ལ་དམ་པོར་འབྱར་ཡོད་པའི་བེ་སྣབས་འདྲ་བའི་ཁར་སྦོ་མངར་རྫས་ཀྱི་དྲ་འཛིངས་ཤིག་གིས་མཉམ་དུ་བཟུང་བའི་སྲིན་བུའི་ཕུང་གསོག་ཅིག་ལ་ཟེར། སྐྱེ་དྲག་ནི་གཤེར་གཟུགས་དང་། མཁྲེགས་གཟུགས། སེམས་ཅན་དང་རྩི་ཤིང་གི་ཕུང་གྲུབ་ལྟ་བུའི་སྐྱེ་ལྡན་ཕུང་གྲུབ་བཅས་ཀྱི་ངོས་སུ་ཆགས་ཐུབ་ཀྱི་ཡོད། |