biotic factor སྐྱེ་ལྡན་གྱི་རྐྱེན། | biol. The influences which occur within an environment as a result of the activities of living organisms. | སྲོག་ལྡན་སྐྱེ་དངོས་ཀྱི་བྱེད་སྒོ་ལ་བརྟེན་ནས་ཁོར་ཡུག་ཅིག་ཏུ་བྱུང་བའི་ཤུགས་རྐྱེན་ལ་གོ |
bioterrorism སྐྱེ་དངོས་འཇིགས་སྐུལ་རིང་ལུགས། | biol. The use of infectious agents or other harmful biological or biochemical substances as weapons of terrorism. | གཉན་ཁ་རང་བཞིན་ཅན་གྱི་བྱེད་རྐྱེན་ནམ་ཡང་ན་གནོད་པ་ཅན་གྱི་སྐྱེ་དངོས་ཀྱི་རྫས་སམ་སྐྱེ་དངོས་རྫས་སྦྱོར་གྱི་དངོས་རྫས་འཇིགས་སྐུལ་གྱི་མཚོན་ཆར་བེད་སྤྱོད་བྱེད་པར་གོ |
biotechnology སྐྱེ་དངོས་འཕྲུལ་རིག | biol. The use of living organisms or biological processes for the purpose of developing useful agricultural, industrial, or medical products, especially by means of techniques, such as genetic engineering, that involve the modification of genes. | ཁེ་ཕན་ལྡན་པའི་ཞིང་ལས་སམ། བཟོ་ལས། ཡང་ན་སྨན་བཅོས་ཀྱི་ཐོན་རྫས་ཡར་རྒྱས་སུ་གཏོང་བའི་ཕྱིར་དུ་སྲོག་ལྡན་སྐྱེ་དངོས་སམ་སྐྱེ་དངོས་དང་འབྲེལ་བའི་རྒྱུད་རིམ་བེད་སྤྱོད་གཏོང་བ་ལ་གོ་བ་དང་། བྱེ་བྲག་ཏུ་རིགས་རྫས་ལ་འགྱུར་བ་གཏོང་བའི་རིགས་རྫས་སྒྱུར་སྒྲིག་ལྟ་བུའི་ཐབས་ལམ་བེད་སྤྱོད་གཏོང་བ་ལ་གོ |
biosphere སྐྱེ་འཁོར། | biol. The parts of the Earth and its atmosphere in which living organisms exist, along with all those organisms. | སྲོག་ལྡན་སྐྱེ་དངོས་ཐམས་ཅད་དང། སྐྱེ་དངོས་དེ་དག་གནས་སའི་སའི་གོ་ལ་དང་དེའི་རླུང་ཁམས་ཀྱི་ཆ་ཤས་བཅས་ཀྱི་ཐུན་མོང་གི་མིང་། |
Biorhythms སྐྱེ་དངོས་འཁོར་འགྲོས། | neurosci. | |
bioremediation སྐྱེ་དངོས་བཅོས་ཐབས། སྐྱེ་དངོས་གཙང་སེལ། | biol. The use of either naturally occurring or deliberately introduced microorganisms to consume and break down environmental pollutants, in order to clean a polluted site. | འབག་བཙོག་ཡིན་པའི་ཁོར་ཡུག་ཅིག་གཙང་མ་བཟོ་བའི་ཕྱིར་དུ་རང་བྱུང་གི་སྒོ་ནས་འབྱུང་བའམ་ཡང་ན་ཆེད་དམིགས་ཀྱིས་མཁོ་སྤྲོད་བྱས་པའི་སྐྱེ་དངོས་ཕྲ་མོ་སྤྱད་དེ་ཁོར་ཡུག་གི་འབག་རྫས་ལོངས་སུ་སྤྱད་དེ་མེད་པར་བཟོ་བ་ལ་གོ |
biopsy ཕུང་གྲུབ་གསོན་བཤེར། | biol. A biopsy is the process of taking a specimen of tissue from the body for the purpose of microscopic examination so as to determine what is wrong. The term biopsy is also applied, in common medical parlance, to the specimen itself. | ཕུང་གྲུབ་གསོན་བཤེར་ནི་ཕྲ་མཐོང་ཆེ་ཤེལ་གྱི་བརྟག་དཔྱད་ལ་བརྟེན་ནས་ལུས་པོར་སྐྱོན་གང་ཞིག་ཡོད་མེད་རྩད་གཅོད་བྱེད་པའི་ཆེད་དུ་ལུས་པོ་ནས་ཕུང་གྲུབ་ཀྱི་བརྟག་དཔེ་ཞིག་བླངས་པའི་རྒྱུད་རིམ་ལ་ཟེར་བ་ཡིན། གསོ་བ་རིག་པའི་སྤྱིར་བཏང་གི་བཤད་སྟངས་སུ་ཚིག་འདི་ཕུང་གྲུབ་ཀྱི་བརྟག་དཔེ་དེ་ལ་ཡང་བེད་སྤྱོད་བྱེད། |
biophysics སྐྱེ་དངོས་དངོས་ཁམས་རིག་པ། | biol. The study of the physics of biological structures. | སྐྱེ་དངོས་ཀྱི་ཆགས་བཀོད་ཀྱི་དངོས་ཁམས་གནས་ལུགས་ལ་དཔྱད་པའིི་རིག་པ། |
biomolecule སྐྱེ་དངོས་འདུས་རྡུལ། | biol. An organic molecule and especially a macromolecule (as a protein or nucleic acid) in living organisms. | སྲོག་ལྡན་སྐྱེ་དངོས་ཀྱི་ནང་དུ་ཡོད་པའི་སྐྱེ་ལྡན་འདུས་རྡུལ་ཞིག་དང། ཁྱད་པར་དུ་ (སྤྲི་རྫས་སམ་ལྟེ་ཉིང་སྐྱུར་རྫས་ལྟ་བུའི་) འདུས་རྡུལ་ཆེན་མོ་ཞིག་ལ་ཟེར། |
biome འཚོ་ཁམས། འཚོ་སྡེ། | biol. A large naturally occurring community of flora and fauna occupying a major habitat, e.g. forest or tundra. | ནགས་ཚལ་ལམ་མཐོ་སྒང་རྫ་ཐང་ལྟ་བུའི་སྡོད་གནས་ཆེན་པོའི་ཁུལ་དུ་རང་བྱུང་སྒོ་ནས་གནས་སྡོད་བྱེད་པའི་རྩི་ཞིང་དང་སྲོག་ཆགས་ཀྱི་ཚོགས་སྡེ་ཆེན་པོ་ཞིག |
biomass pyramid སྐྱེ་ཕུང་གནས་རིམ། | biol. A graphical representation to show the relative amounts of biomass at each trophic level. | བཅུད་རིམ་རེ་རེའི་ཐོག་ཏུ་ཡོད་པའི་སྐྱེ་ཕུང་གི་ལྟོས་བཅས་ཀྱི་ཁྱོན་འབོར་སྟོན་པའི་ཐིག་རིས་ཀྱི་མཚོན་དོན་ཞིག |
biomass conversion སྐྱེ་ཕུང་བརྗེ་སྒྱུར། | biol. Biomass conversion is the process of creating energy by burning materials of recent biological origin, such as wood waste. Typically, biomass conversion is used to generate electricity for sale to a utility. | སྐྱེ་ཕུང་བརྗེ་སྒྱུར་ནི་ཤིང་རོ་ལྟ་བུའི་སྐྱེ་ལྡན་ནས་ཐོན་པའི་དངོས་རྫས་མེར་སྲེག་གཏོང་བ་ལ་བརྟེན་ནས་ནུས་པ་སྐྱེད་སྐྲུན་བྱེད་པའི་རྒྱུད་རིམ་ལ་ཟེར་ཞིང་། སྤྱིར་བཏང་བྱས་ན། སྐྱེ་ཕུང་བརྗེ་སྒྱུར་ནི་བཀོལ་སྤྱོད་ཚོང་ལས་སྡེ་ཚན་ཞིག་ལ་བཙོང་བྱའི་གློག་ནུས་སྐྱེད་སྐྲུན་བྱེད་པར་སྤྱོད་ཀྱི་ཡོད། |
biomass སྐྱེ་ཕུང། | biol. The total mass of living matter within a given unit of environmental area. | ཁོར་ཡུག་གྱི་རྒྱ་ཁྱོན་ངེས་ཅན་ཞིག་ཏུ་ཡོད་པའི་སྐྱེ་ལྡན་ཀྱི་དངོས་པོའི་གདོས་ཚད་ཆ་ཚང་ལ་གོ |
Biomarker སྐྱེ་དངོས་མཚོན་བྱེད། | biol. | |
biomagnetism སྐྱེ་ལྡན་ཁབ་ལེན་རང་བཞིན། | phys. Magnetic material located in living organisms that may help them navigate, locate food, and affect other behaviors. | སྐྱེ་དངོས་ཀྱི་ལུས་པོའི་ནང་དུ་ཡོད་ཅིང་ཁ་ཕྱོགས་འཚོལ་བ་དང་། ཁ་ཟས་འཚོལ་སྒྲུབ། བྱ་སྤྱོད་གཞན་ལ་ཤུགས་རྐྱེན་སྤྲོད་པར་ཕན་གྲོགས་བྱེད་སྲིད་པའི་ཁབ་ལེན་དངོས་པོ། |