| coenzyme སྨིན་རྫས་ལས་གྲོགས། | biol. Nonprotein organic compound produced by living cells, a cofactor that transfers atoms or small molecular fragments during a reaction; like the enzyme, it is not consumed by the reaction and may be reused. | སྲོག་ལྡན་ཕྲ་ཕུང་གིས་སྐྱེད་སྐྲུན་བྱས་པའི་སྤྲི་དཀར་མིན་པའི་སྐྱེ་ལྡན་འདུས་རྫས་ཤིག་ཏེ་རྫས་སྦྱོར་གྱི་སྐབས་སུ་རྡུལ་ཕྲན་ནམ་འདུས་རྡུལ་གྱི་ཟེགས་མ་གནས་སྤོ་བྱེད་པའི་རྐྱེན་གྲོགས་ཞིག་ཡིན་ཞིང་། སྨིན་རྫས་དང་མཚུངས་པར་རྫས་སྦྱོར་གྱི་སྐབས་སུ་མེད་པར་མི་འགྱུར་བས་བསྐྱར་སྤྱོད་བྱ་ཆོག |
| coelom ཁུ་ལམ། | biol. A fluid-filled cavity that forms the main bady cavity of vertebrate and most invertebrate animals. It is formed by the spliting of the mesoderm. | སྒལ་རུས་ཅན་གྱི་སྲོག་ཆགས་དང་སྒལ་རུས་མེད་པའི་སྲོག་ཆགས་ཕལ་མོ་ཆེའི་ལུས་པོའི་ཁོག་སྟོང་གཙོ་པོའི་གྲུབ་ཆར་གྱུར་པའི་གཤེར་གཟུགས་ཀྱིས་ཁེངས་པའི་ཁོག་སྟོང་དེ་ལ་གོ་ཞིང་། བར་ཤུན་ཁ་ཕྲལ་དུ་ཕྱིན་པ་ལས་གྲུབ། (ཁུ་བའམ་གཤེར་གཟུགས་ཡོད་པའི་འབུ་ཡི་ལུས་ཀྱི་བར་སྟོང་གི་ཆའམ་ལམ།) |
| coelacanths ཉ་སྒལ་ཚེར་ཅན། | biol. | |
| Coefficient ལྡབ་གྲངས། | Math. | |
| codon རིགས་རྫས་རྐྱང་བརྡ། | biol. A sequence of three nucleotides which together form a unit of genetic code in a DNA or RNA molecule. | ཌི་ཨེན་ཨེའམ་ཨར་ཨེན་ཨེ་འདུས་རྡུལ་ནང་གི་རིགས་རྫས་ཀྱི་གསང་བརྡའི་བརྩི་གཞི་གཅིག་མཉམ་སྦྲེལ་གྱི་སྒོ་ནས་འགྲུབ་པར་བྱེད་པའི་ཉིང་རྡུལ་གྲུབ་ཆ་གསུམ་གྱི་བསྟར་རིམ་ལ་གོ |
| codominance མཉམ་མངོན། | biol. A heterozygous condition in which both alleles at a gene locus are fully expressed in the phenotype. | རིགས་རྫས་ཀྱི་ས་ཁུལ་ཞིག་ཏུ་ཡོད་པའི་ཨེ་ལིལ་གཉིས་ཀ་ཆ་ཚང་བའི་སྒོ་ནས་རིགས་རྫས་མངོན་རྣམ་ཞིག་ཏུ་མངོན་ཡོད་པའི་རིགས་འདྲེས་ཀྱི་གནས་སྟངས་ཤིག་ལ་གོ (ཕ་མ་གཉིས་ཀྱི་ཨེ་ལིལ་གྱི་འབྲས་བུ་བུ་ཕྲུག་གི་སྟེང་དུ་ཐུན་མོང་སྟེ་མཉམ་དུ་མངོན་པ།) |
| coding salience འཕགས་ཆོས་བརྡ་སྒྲིག | neurosci. | |
| code གསང་བརྡ། | phys. A series of letters, numbers, or symbols assigned to something for the purposes of classification or identification. | བྱ་དངོས་ཤིག་སྡེ་ཚན་དབྱེ་འབྱེད་དམ་ངོས་འཛིན་བྱེད་པའི་ཆེད་དུ་སྤྱོད་པའི་ཡི་གེའམ། ཨང་གི ཡང་ན་མཚོན་རྟགས་བསྟར་མ་ཞིག་ལ་གོ |
| cochlear nucleus དུང་འཁྱིལ་ཚོམ་བུ། | neurosci. A small mass of nerve cell bodies in the medulla oblongata that receives impulses regarding sound stimuli from the cochlear nerve. | འཇོང་ཆུན་གྱི་ནང་དུ་ཡོད་ཅིང་དུང་འཁྱིལ་དབང་རྩ་ནས་སྒྲའི་སྐུལ་རྐྱེན་དང་འབྲེལ་བའི་འཕར་བརྡ་ལེན་མཁན་ཏེ་དབང་རྩའི་ཕྲ་ལུས་ཀྱིས་གྲུབ་པའི་ཚོམས་བུ་ཆུང་ཆུང་ཞིག |
| cochlear nerve དུང་འཁྱིལ་དབང་རྩ། དུང་རྩ། | neurosci. One of two divisions of the vestibulocochlear nerve that facilitate hearing by conducting stimuli to the brain. | ཀླད་པའི་ནང་དུ་སྐུལ་རྐྱེན་སྐྱེལ་གཏོང་བྱས་པ་ལ་བརྟེན་ནས་ཐོས་ཚོར་ལ་རམ་འདེགས་བྱེད་མཁན་གྱི་སྙོམས་བྱེད་དབང་རྩ་སྡེ་ཚན་གཉིས་ཡོད་པའི་ནང་གི་གཅིག་ལ་གོ |
| cochlea སྐྱོགས་དབང་། | biol. | |
| cocaine ཁོ་ཁེན། | chem. A powerful drug that is used in medicine to stop pain or is taken illegally for pleasure. | ཟུག་རྔུ་གཅོག་བྱེད་ཀྱི་སྨན་དུ་སྤྱོད་པའམ། ཡང་ན་སྐྱིད་སྣང་གི་ཆེད་དུ་ཁྲིམས་འགལ་གྱིས་སྤྱོད་པའི་སྨན་རྫས་ཤུགས་ཆེན་ཞིག། |
| cobalt ཀོ་བལཊ། | chem. The chemical element of atomic number 27, a hard silvery-white magnetic metal. | རྡུལ་གྲངས་ ༢༧ ཡིན་པའི་རྩ་རྫས་མཁྲེགས་ཤིང་དངུལ་དཀར་གྱི་ཁ་དོག་དང་ལྡན་པའི་ཁབ་ལེན་ལྕགས་རིགས་ཤིག |
| coast འབབ་བགྲོས། | phys. The easy movement of a vehicle without the use of power. | ནུས་པ་བེད་མ་སྤྱད་པའི་སྒོ་ནས་བྱུང་བའི་འགྲུལ་འཁོར་ཞིག་གི་ལས་སླ་པོའི་འགུལ་སྐྱོད་ལ་གོ |
| co-stimulation མཉམ་སྐུལ། | biol. The delivery of a 2nd signal from an antigen-presenting cell to a T cell, which rescues an activated T cell from anergy, allowing it to produce the lymphokines necessary for production of additional T cells | འགོག་ཟུངས་སྐྱེད་རྫས་དང་ལྡན་པའི་ཕྲ་ཕུང་ཞིག་གིས་ཊི་ཕྲ་ཕུང་ཞིག་ལ་བརྡ་འཕྲིན་གཉིས་པ་ཞིག་སྐྱེལ་འགྲེམ་བྱེད་པ་ལ་གོ འདི་ཡིས་སད་སློང་ཐེབས་པའི་ཊི་ཕྲ་ཕུང་དེ་བག་ལ་ཞ་བའི་གནས་ལས་བསྐྱབས་ཏེ་ཊི་ཕྲ་ཕུང་འཕར་མ་སྐྱེད་སྐྲུན་བྱེད་པར་མཁོ་བའི་ཆུ་སེར་སྒུལ་སྤྲི་སྐྱེད་སྐྲུན་བྱེད་དུ་འཇུག |