Search:
TermEnglish DefinitionTibetan Definition
concave mirror ཀོང་གཟུགས་མེ་ལོང་། phys. Mirror that curves inward like a “cave”. “བྲག་ཕུག་” ལྟར་ནང་ངོས་སུ་བཀུག་ཡོད་པའི་མེ་ལོང་།
computerized tracking system གློག་ཀླད་རྗེས་གཅོད་མ་ལག phys.
computer science གློག་ཀླད་ཚན་རིག phys. The study of computation and computer technology, hardware, and software. རྩིས་རྒྱག་པ་དང་། གློག་ཀླད་ཀྱི་འཕྲུལ་རིག་དང་མཁྲེགས་ཆས། མཉེན་ཆས་བཅས་ལ་སློབ་སྦྱོང་བྱེད་པའི་རིག་པ།
computed tomography (CT) དུམ་སྒྲིག་གློག་དཔར། phys. Tomography in which computer analysis of a series of x-ray scans made of a bodily structure or tissue is used to construct a three-dimensional image of that structure. The technique is used in diagnostic studies of internal bodily structures, as in the detection of tumors or brain aneurysms. ལུས་པོའི་ཆ་ཤས་ཤིག་གམ་ཕུང་གྲུབ་ཀྱི་གློག་པར་བསྟར་མ་ཞིག་སྤྱད་དེ་ཆ་ཤས་དེ་ཡི་ཕྱོགས་ངོས་གསུམ་ལྡན་གྱི་པར་རིས་སྐྲུན་པར་བྱེད་པའི་གློག་དཔར་ལ་གོ ཐབས་ལམ་འདི་ནི་འབྲས་ནད་དམ་ཀླད་པའི་རྩ་འབུར་ལྟ་བུའི་ལུས་པོའི་ནང་གི་ཆ་ཤས་ཀྱི་ནད་གཞི་བརྟག་དཔྱད་དུ་སྤྱོད།
compute རྩིས་རྒྱག་པ། math. To determine by mathematics, especially by numerical methods ཨང་རྩིས་རིག་པ་ལ་བརྟེན་ནས་ཐག་གཅོད་བྱེད་པ་སྟེ། ལྷག་པར་དུ་གྲངས་རྩིས་ཀྱི་ཐབས་ལམ་སྤྱད་དེ་ཐག་གཅོད་བྱེད་པ།
compulsive དབང་མེད།
compression བཙིར་གནོན། phys. (a) In mechanics, the act of squeezing material and reducing its volume. (b) In sound, the region of increased pressure in a longitudinal wave. ཀ) ཤུགས་རིག་གི་སྐབས་སུ། དངོས་རྫས་བཙིར་ནས་བོངས་ཚད་ཆུང་དུ་གཏོང་བའི་བྱ་བ་ལ་གོ ཁ) སྒྲ་ཡི་སྐབས་སུ། གནོན་ཤུགས་ཆེ་རུ་བཏང་བའི་གཞུང་རླབས་ཀྱི་ཆ་ཤས་ལ་གོ
compounded semi-annually ལོ་ཕྱེད་བརྩེགས་འབབ། math.
compounded annually ལོ་རེར་བརྩེགས་འབབ། math.
Compound microscope མང་འདུས་ཕྲ་ཤེལ། phys. [དྭངས་ཤེལ་མང་པོ་འདུས་པ་ལས་གྲུབ་པའི་ཕྲ་མཐོང་ཆེ་ཤེལ།]
compound light microscope འོད་སྤྱོད་མང་འདུས་ཕྲ་ཤེལ། biol.
Compound leaf འདབ་འདུས་ལོ་མ། biol.
compound interest སྡེབ་སྐྱེད། math. Interest computed on the accumulated unpaid interest as well as on the original principal. ཐོག་མའི་མ་འབོར་དང་སྤྲད་མ་ཚར་བའི་སྐྱེད་ཀ་གཉིས་ཀྱི་སྟེང་དུ་བརྩིས་པའི་སྐྱེད་ཀ
compound eye འདུས་མིག biol. The eye of most insects and some crustaceans, which is composed of many light-sensitive elements, each having its own refractive system and each forming a portion of an image. འབུ་སྲིན་ཕལ་ཆེ་བ་དང་ཤུན་སྐོགས་ཅན་གྱི་སྲོག་ཆགས་འགའ་ཞིག་གི་མིག་སྟེ་འོད་ལ་ཚོར་བ་སྐྱེན་པའི་གྲུབ་ཆ་མང་པོས་གྲུབ་ཅིང་། གྲུབ་ཆ་རེ་རེ་ལ་འཁྱོག་འཕྲོའི་མ་ལག་རེ་རེ་ཡོད་པས། གྲུབ་ཆ་རེ་རེ་ཡིས་པར་རིས་ཀྱི་ཆ་ཤས་རེ་རེ་གྲུབ་པར་བྱེད།
compound འདུས་རྫས། chem. Chemical substance made of atoms of two or more different elements combined in a fixed proportion. སྡུར་ཚད་ངེས་ཅན་ཞིག་གི་སྒོ་ནས་བསྡེབས་པའི་མི་འདྲ་བའི་རྩ་རྫས་གཉིས་སམ་དུ་མ་འདུས་པའི་རྡུལ་ཕྲན་ལས་གྲུབ་པའི་རྫས་ཀྱི་དངོས་པོ།