Search:
TermEnglish DefinitionTibetan Definition
contradiction འགལ་བ། phil.
contractions of childbirth དཀུ་འཁུམས། biol. A rhythmic tightening in labor of the upper uterine musculature that contracts the size of the uterus and pushes the fetus toward the birth canal སྐྱེ་ཟུག་གི་སྐབས་སུ་བུ་སྣོད་སྟོད་ཀྱི་ཤ་སྒྲིམ་འགྲོས་ངེས་ཅན་གྱི་སྒོ་ནས་དམ་དུ་འགྲོ་བ་དེ་ལ་གོ་ཞིང་། དེ་ཡིས་བུ་སྣོད་ཇེ་ཆུང་དུ་གཏོང་ཞིང་སྦྲུམ་སྲིང་སྐྱེ་སྒོའི་ཕྱོགས་སུ་འབུད་པ་ཡིན།
contraction འདུ་འཁུམ། phys. The process of becoming smaller. ཇེ་ཆུང་དུ་ཕྱིན་པའི་རིམ་པ།
contraception མངལ་འགོག biol. Intentional prevention of ovulation, fertilization of an egg cell, or implantation of a fertilized egg in the uterine wall through the use of various drugs, devices, sexual practices, or surgical procedures. སྨན་རྫས་སམ། ཡོ་ཆས་སམ། འཁྲིག་སྤྱོད་བྱ་ཐབས་སམ། ཡང་ན་གཤག་བཅོས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་ཁམས་དམར་གློད་འདོན་ནམ། ཁམས་དཀར་དམར་འདྲེས་སྦྱོར་གྱི་བྱ་བའམ། ཁམས་དཀར་དམར་འདྲེས་བའི་གོང་བུ་དེ་བུ་སྣོད་ཀྱི་ངོས་སུ་འབྱར་བའི་བྱ་བ་བཅས་གང་རུང་ཞིག་ཆེད་དམིགས་ཀྱི་སྒོ་ནས་འགོག་པ་ལ་གོ
contour map སྒང་གཤོང་ས་ཁྲ། མཐའ་རིས་ས་ཁྲ། phys. A topographic map on which the shape of the land surface is shown by contour lines, the relative spacing of the lines indicating the relative slope of the surface. སའི་ཕྱི་ངོས་ཀྱི་ཆགས་དབྱིབས་ནི་མཐའ་རིས་ཀྱིས་གསལ་སྟོན་བྱེད་པའི་ས་བབ་སྟོན་པའི་ས་ཁྲ་ཞིག་སྟེ། ཐིག་རིས་དབར་གྱི་ལྟོས་བཅས་ཀྱི་བར་ཐག་གིས་སའི་ཕྱི་ངོས་ཀྱི་ལྟོས་བཅས་ཀྱི་གཟར་ཚད་མཚོན་པ་ཡིན།
contour མཐའ་རིས། phys. The outline of a figure, body, or mass. རིས་དབྱིབས་ཤིག་གམ། གཟུགས་པོ་ཞིག ཡང་ན་དངོས་པོ་ཞིག་གི་ཕྱི་ཐིག་ལ་གོ
Continuous Variable མུ་འབྲེལ་འགྱུར་གྲངས། མུ་འབྲེལ་འགྱུར་ཆོས། Res.
continuous spectrum རྒྱུན་ཤལ། (རྒྱུན་མཐུད་པའི་འོད་ཤལ།) phys. A spectrum appearing uninterrupted by lines or bands across a range of wavelengths. རླབས་ཐག་ཁྱབ་ཁུལ་ཞིག་གི་ཁྱོན་དུ་བར་ཐིག་གམ་དུམ་ཚན་གྱི་བར་སྟོང་མེད་པར་མངོན་པའི་འོད་ཤལ་ལ་གོ
continental drift གླིང་ཆེན་གྱི་འཕྱོ་བགྲོད། biol. The gradual movement of the continents across the earth's surface through geological time. ས་གཤིས་རིག་པའི་དུས་ཚོད་ཀྱི་ནང་དུ་སའི་གོ་ལའི་ཕྱི་ངོས་སུ་བྱུང་བའི་གླིང་ཆེན་རྣམས་ཀྱི་དལ་བུའི་གཡོ་འགུལ་ལ་གོ
contextual relationship སྐབས་དོན་གྱི་འབྲེལ་བ། neurosci.
contextual input སྐབས་འབྲེལ་གནད་དོན། neurosci.
contextual evaluation སྐབས་འབྲེལ་སྤུ་རིས།
contextual cue སྐབས་འབྲེལ་གྱི་བརྡ།
contextual སྐབས་འབྲེལ། Depending on or relating to the circumstances that form the setting for an event, statement, or idea. བྱུང་བ་ཞིག་གམ། བརྗོད་པ་ཞིག ཡང་ན་བསམ་བློ་ཞིག་འགྲུབ་པར་བྱེད་པའི་གནས་སྟངས་དང་འབྲེལ་བ་ཡོད་པའམ། གནས་སྟངས་དེ་ལ་བརྟེན་པ།
context of justification དག་སྐྱེལ་གྱི་སྐབས་འབྲེལ།