central finger neuron ལྟེ་མཛུབ་ཕྲ་གཟུགས། | neurosci. | |
central dogma of molecular biology འདུས་རྡུལ་སྐྱེ་དངོས་རིག་པའི་ལྟ་བ་སྙིང་པོ། | biol. The principle that information passes from DNA to proteins (via RNA) and not in the reverse direction. | ཌི་ཨེན་ཨེ་ནས་སྤྲི་རྫས་ལ་ཆ་འཕྲིན་(ཨར་ཨེན་ཨེ་བརྒྱུད་དེ་)བརྒྱུད་གཏོང་བྱེད་པ་ལས་ཁ་ཕྱོགས་ལྡོག་སྟེ་བརྒྱུད་གཏོང་མི་བྱེད་པར་བརྗོད་པའི་རྩ་འཛིན་ལ་གོ |
central dogma ལྟ་བ་སྙིང་པོ། | biol. The principle that information passes from DNA to proteins (via RNA) and not in the reverse direction. | ཌི་ཨེན་ཨེ་ནས་སྤྲི་རྫས་ལ་ཆ་འཕྲིན་(ཨར་ཨེན་ཨེ་བརྒྱུད་དེ་)བརྒྱུད་གཏོང་བྱེད་པ་ལས་ཁ་ཕྱོགས་ལྡོག་སྟེ་བརྒྱུད་གཏོང་མི་བྱེད་པར་བརྗོད་པའི་རྩ་འཛིན་ལ་གོ |
central cortex དཀྱིལ་གྱི་ཀླད་ཤུན། | neurosci. | |
central canal དབུས་ཡུར། | biol. A thin tube in the centre of the spinal cord containing cerebrospinal fluid | རྒྱུངས་པའི་དཀྱིལ་དབུས་སུ་ཡོད་ཅིང་ཀླད་རྒྱུངས་གཤེར་ཁུ་གནས་སའི་སྦུ་གུ་ཕྲ་མོ་དེ་ལ་གོ |
central amygdala ཁམ་ཙིག་ཀླད་ཞོའི་ལྟེ་ཁུལ། | neurosci. | |
centimeter སེན་ཊི་མི་ཊར། | phys. A unit of length equal to one hundredth of a meter. | མི་ཊར་གཅིག་དུམ་བུ་བརྒྱ་ལ་བཏང་བའི་ཆ་ཤས་གཅིག་གི་རིང་ཚད་དང་མཉམ་པའི་བརྩི་གཞི་ཞིག |
centigrade thermometer བརྒྱ་ཟུར་དྲོད་ཚད་འཇལ་ཆས། | phys. A thermometer which shows the temperature at which water freezes as 0º, and that at which it boils as 100º. | དྲོད་ཚད་ཌིག་རི་ 0 སྐབས་སུ་ཆུ་འཁྱགས་པར་འགྱུར་ཞིང་། ཌིག་རི་ 100 ཡི་སྐབས་སུ་ཆུ་འཁོལ་བར་འགྱུར་བ་སྟོན་པའི་དྲོད་ཚད་འཇལ་ཆས་ཤིག |
Centers for Disease Control and Prevention ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས། | biol. | |
center of mass གདོས་ལྟེ། | phys. Point at the center of an object’s mass distribution, where all its mass can be considered to be concentrated. For everyday conditions, it is the same as the center of gravity. | དངོས་པོ་ཞིག་གི་གདོས་ཚད་བཀྲམ་ཚུལ་གྱི་ལྟེ་ཚེག་སྟེ་གནས་འདི་རུ་དེའི་གདོས་ཚད་ཐམས་ཅད་འདུས་ཡོད་པར་རྩིས་ཆོག ནམ་རྒྱུན་གྱི་གནས་སྟངས་ཀྱི་སྐབས་སུ་འདི་ནི་འཐེན་ཤུགས་ལྟེ་གནས་དང་གཅིག་པ་ཡིན། |
center of gravity འཐེན་ཤུགས་ལྟེ་གནས། | phys. Point at the center of an object’s weight distribution, where the force of gravity can be considered to act. | དངོས་པོ་ཞིག་གི་ལྗིད་ཚད་བཀྲམ་ཚུལ་གྱི་ལྟེ་ཚེག་སྟེ་གནས་འདི་ནས་འཐེན་ཤུགས་འབྱུང་བར་ངོས་བཟུང་ཆོག |
Centaurus སེན་ཊོར། | phys. A large southern constellation. It lies in the Milky Way and contains the stars Alpha and Proxima Centauri. | ལྷོ་ཕྱོགས་སུ་ཡོད་པའི་སྐར་ཚོམ་ཆེན་པོ་ཞིག་ལ་གོ་ཞིང་། དགུ་ཚིགས་སྐྱ་མོའི་ནང་དུ་ཡོད་པ་དང་སྐར་མ་ཨལ་ཕ་སེན་ཊོར་དང་ཉེ་སྐར་སེན་ཊོར་དེའི་ཁོངས་སུ་གཏོགས། |
Cenozoic era གསར་བསྐལ། ཚེ་སྲོག་གསར་སྐལ། | biol. That portion of the earth's history covering the past 65 million years (‘recent life’); the third era of the Phanerozoic eon, also known as the Age of Mammals. The first true primates appeared during the early Cenozoic. | འདས་པའི་ལོ་ས་ཡ་ ༦༥ ('ཉེ་དུས་ཀྱི་ཚེ་སྲོག་') རིང་གི་སའི་གོ་ལའི་ལོ་རྒྱུས་ཀྱི་ཆ་ཤས་དེ་ལ་གོ་ཞིང་མངོན་པའི་བསྐལ་ཆེན་ནང་གི་སྐལ་བ་གསུམ་པ་དེ་ཡིན་པ་དང་། ནུ་གསོས་སྲོག་ཆགས་ཀྱི་ལོ་རབས་ཞེས་ཀྱང་གྲགས། ཆེས་ཐོག་མའི་མཐོ་རིམ་སྲོག་ཆགས་དངོས་དེ་གསར་བསྐལ་གྱི་འགོ་སྟོད་དུ་བྱུང་། |
CeM ཁམ་ཙིག་ཀླད་ཞོའི་ལྟེ་ཁུལ་གྱི་དཀྱིལ་ཆ། | neurosci. | |
Celsius scale སེལ་ཤྶེ་ཚད་རྟགས། | phys. Temperature scale that assigns 0 to the melt-freeze point for water and 100 to the boil-condense point of water at standard pressure (1 atmosphere at sea level). | ཚད་ལྡན་གནོན་ཤུགས་ཀྱི་སྐབས་སུ་ (རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ལ་རླུང་གནོན་ ༡ ཡིན་སྐབས་) འཁྱག་ཚད་དང་བཞུ་ཚད་ ༠ དང་ཁོལ་ཚད་དང་གཤེར་ཕབ་དྲོད་ཚད་ ༡༠༠ ཡིན་པར་བརྩི་བའི་དྲོད་ཚད་ཀྱི་ཚད་འཇལ་ཞིག |