centripetal acceleration ལྟེ་ཕྱོགས་མྱུར་སྣོན། | phys. Rate of change in velocity per unit of time while on a circular or curved course. | སྒོར་ལམ་ཞིག་གམ་གུག་ལམ་ཞིག་ཏུ་འགུལ་སྐྱོད་རྒྱག་པའི་སྐབས་སུ་དུས་ཡུན་རེ་རེའི་ནང་དུ་བྱུང་བའི་མྱུར་ཚད་ཀྱི་འགྱུར་བ། |
centripetal ལྟེ་ཕྱོགས། | phys. Moving or tending to move towards a centre. | ལྟེ་བའི་ཕྱོགས་སུ་འགུལ་བའམ་འགུལ་བར་རྩོམ་པ། |
centriole དཀྱིལ་སྦུག | biol. Either of a pair of cylinder-shaped bodies found in the centrosome of an animal cell. During mitosis, the centrioles move apart to help form the spindle, which then distributes the chromosomes in the dividing cell. | སྲོག་ཆགས་ཀྱི་ཕྲ་ཕུང་ཞིག་གི་དཀྱིལ་གཟུགས་ཀྱི་ནང་དུ་མདོང་དབྱིབས་སུ་ཡོད་པའི་གཟུགས་གཉིས་ཀྱི་གང་རུང་ལ་གོ་ཞིང་། ཕྲ་ཕུང་གཉིས་གྱེས་ཀྱི་སྐབས་སུ་དཀྱིལ་སྦུག་གཉིས་ཁ་བྲལ་ཏེ་ཕང་མ་གྲུབ་པར་རམ་འདེགས་བྱེད་པ་དང་། དེ་ལ་བརྟེན་ནས་གཉིས་གྱེས་སུ་འགྲོ་བཞིན་པའི་ཕྲ་ཕུང་ནང་གི་ཚོས་གཟུགས་བགོ་བར་བྱེད། |
centrifuge ལྟེ་ལྡོག་འཕྲུལ་ཆས། | phys. A machine with a rapidly rotating container that applies centrifugal force to its contents, typically to separate fluids of different densities (e.g. cream from milk) or liquids from solids. | སྐོར་བ་མྱུར་མོར་རྒྱུག་ཐུབ་པའི་སྣོད་ཅིག་དང་ལྡན་པའི་འཕྲུལ་ཆས་ཤིག་སྟེ། དེ་ཡིས་སྣོད་དེའི་ནང་དུ་བཅུག་པའི་དངོས་པོའི་སྟེང་དུ་ལྟེ་ལྡོག་ཤུགས་སྤྱད་དེ་སྟུག་ཚད་མི་འདྲ་བའི་གཤེར་གཟུགས་ཁག་ཁག་འབྱེད་པའམ་ (དཔེར་ན་འོ་མ་ནས་འོ་སྤྲིས་ལེན་པ་ལྟ་བུ།) ཡང་ན། སྲ་གཟུགས་ནས་གཤེར་གཟུགས་ཁག་རྣམ་པར་འབྱེད་པ་ཡིན། |
centrifugal force ལྟེ་ལྡོག་ཤུགས། | phys. Apparent outward force on a rotating or revolving body. | རང་སྐོར་རམ་གཞན་སྐོར་བྱེད་བཞིན་པའི་དངོས་པོ་ཞིག་གི་སྟེང་དུ་ཁ་ཕྱི་ལ་ཕྱོགས་ནས་མངོན་པའི་ཤུགས། |
centrifugal ལྟེ་ལྡོག | phys. Moving or tending to move away from a centre. | ལྟེ་བའི་ལྡོག་ཕྱོགས་སུ་འགུལ་བའམ་འགུལ་བར་རྩོམ་པ། |
centrally-programmed, patterned, rhythmic movements ལྟེ་བས་བཀོད་འདོམས་བྱས་པའི་འགྲོས་ལྡན་འགྱུར་ཁུག་ཅན་གྱི་འགུལ་སྐྱོད། | biol. | |
central vacuole དཀྱིལ་གྱི་སྦུག་སྟོང་། | biol. | |
central sulcus དཀྱིལ་སུལ། | neurosci. A fissure that separates the frontal and parietal lobes of the brain. | ཀླད་པའི་མདུན་འདབ་དང་གཙུག་འདབ་སོ་སོར་འབྱེད་མཁན་གྱི་སྲུབས་ཀ་ཞིག |
central sensitization དབུས་གནས་ཚོར་བསྐྱེད། | neurosci. Central sensitization can be defined as a state in which the central nervous system amplifies sensory input across many organ systems. | དབུས་གནས་ཚོར་བསྐྱེད་ནི་དབང་རྩ་ལྟེ་བའི་མ་ལག་གིས་དབང་ཚོར་ནང་འདྲེན་ཆ་འཕྲིན་ཞིག་དབང་པོའི་མ་ལག་མང་པོའི་ཁྱོན་དུ་ཇེ་ཆེར་སྤེལ་བའི་གནས་སྟངས་ཤིག་ལ་གོ |
central pattern generators ལྟེ་བའི་འགྲོས་རིམ་སྐྲུན་བྱེད། | biol. | |
central nucleus of amygdala ཁམ་ཙིག་ཀླད་ཞོའི་ལྟེ་ཁུལ་ཚོམ་བུ། | neurosci. | |
central nucleus ལྟེ་ཁུལ་ཚོམ་བུ། | neurosci. A nucleus in the amygdala, this receives sensory information from the primary sensory cortex, the association cortex and the thalamus. It projects fibres to the hypothalamus, midbrain, pons and medulla and is involved in coordinating the various components that make up the expression of emotional responses. | ཁམ་ཙིག་ཀླད་ཞོ་ནང་གི་ཚོམ་བུ་ཞིག་སྟེ། མཐོང་ཚོར་སྔ་རིམ་ཀླད་ཤུན་དང་། འབྲེལ་གནས་ཀླད་ཤུན། ཀླད་སྦུག་བཅས་ནས་དབང་ཚོར་ཆ་འཕྲིན་འབྱོར་གྱི་ཡོད་ཅིང་། ཀླད་སྦུག་འོག་མ་དང་། བར་ཀླད། ཀླད་ཟམ། རྗེ་ཞབས་བཅས་སུ་རྩ་རྒྱུས་ཀྱིས་མཐུད་ཡོད་ལ། སེམས་མྱོང་ལྡན་པའི་ཡ་ལན་གྱི་རྣམ་འགྱུར་གྱི་གྲུབ་ཆ་སྣ་ཚོགས་པ་འབྲེལ་མཐུད་བྱེད་པའི་བྱ་བ་བྱེད། |
central neuron ལྟེ་བའི་དབང་རྩ་ཕྲ་གཟུགས། | neurosci. A neuron confined entirely to the central nervous system. | དབང་རྩ་ལྟེ་བའི་མ་ལག་ཁོ་ནར་གཏོགས་པའི་དབང་རྩ་ཕྲ་གཟུགས་ལ་གོ |
central nervous system (CNS) དབང་རྩ་ལྟེ་བའི་མ་ལག | neurosci. One of the two main divisions of the nervous system of the body. It is made up of the brain and the spinal cord. The central nervous system carries impulses to and from the peripheral nervous system. It is the main network of coordination and control for the entire body. | ལུས་པོའི་ནང་དུ་དབང་རྩ་མ་ལག་གི་སྡེ་ཚན་གཙོ་བོ་གཉིས་ཡོད་པའི་ནང་གི་གཅིག་ཡིན་ཞིང་ཀླད་པ་དང་རྒྱུངས་པ་གཉིས་ཀྱིས་གྲུབ། དབང་རྩ་ལྟེ་བའི་མ་ལག་གིས་མཐའ་འཁོར་དབང་རྩ་མ་ལག་ནས་འཕར་བརྡ་ཕར་ཚུར་སྐྱེལ་འདྲེན་བྱེད། འདི་ནི་ལུས་པོ་ཡོངས་རྫོགས་ཀྱི་འབྲེལ་མཐུད་དང་ཚོད་འཛིན་གྱི་དྲ་བ་གཙོ་བོ་དེ་ཡིན། |