Search:
TermEnglish DefinitionTibetan Definition
cerebral cortex ཀླད་ཆེན་ཀླད་ཤུན། neurosci. The extensive outer layer of gray matter of the cerebral hemispheres, largely responsible for higher brain functions, including sensation, voluntary muscle movement, thought, reasoning, and memory. ཀླད་ཆེན་ཟླུམ་ཕྱེད་གཉིས་ཀྱི་ཕྱི་ངོས་ཡོངས་སུ་ཁྱབ་པའི་སྐྱ་རྫས་ཀྱི་རིམ་པ་དེ་ལ་གོ་ཞིང་། ཚོར་ཤེས་དང་། ཆེད་སྒུལ་གྱི་ཤ་སྒྲིམ་འགུལ་སྐྱོད། བསམ་གཞིག རྒྱུ་མཚན་འདྲེན་པ། དྲན་པ་བཅས་ཚུད་པའི་ཀླད་པའི་ཚད་མཐོ་བའི་བྱེད་ལས་དང་འབྲེལ་བ་ཡོད་པ་ཡིན།
Cerebral aqueduct ཀླད་ཆེན་གཤེར་སྦུག neurosci.
cerebral Achromatopsia ཀླད་ཆེན་མདོག་ལོང་། neurosci. [ཀླད་ཆེན་གྱི་སྐྱོན་ལ་བརྟེན་ནས་ཁ་དོག་མི་མཐོང་བ།]
cerebellum ཀླད་སྙིང། neurosci. The part of the brain at the back of the skull in vertebrates, which coordinates and regulates muscular activity. ཤ་སྒྲིམ་གྱི་བྱེད་སྒོ་ལ་འབྲེལ་མཐུད་དང་སྟངས་འཛིན་བྱེད་མཁན་ཏེ་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཀླད་པའི་རྒྱབ་ཕྱོགས་སུ་ཡོད་པའི་ཀླད་པའི་ཆ་ཤས་དེ་ལ་གོ
cerebellar folia ཀླད་སྙིང་ལྟེབ་སུལ། neurosci. The narrow, leaflike gyri of the cerebellar cortex. ཀླད་སྙིང་ཀླད་ཤུན་སྟེང་གི་ཕྲ་ཞིང་ལོ་མའི་དབྱིབས་དང་འདྲ་བའི་ཟེ་རྒྱུད་དེ་ལ་གོ
cerebellar cortex ཀླད་སྙིང་ཀླད་ཤུན། neurosci. The thin gray surface layer of the cerebellum, consisting of an outer molecular layer and an inner granular layer. ཀླད་སྙིང་གི་ཕྱི་ངོས་སུ་ཡོད་པའི་སྐྱ་མདོག་གི་རིམ་པ་སྲབ་མོ་དེ་ལ་གོ་ཞིང་། ཕྱི་རོལ་འདུས་རྡུལ་གྱི་རིམ་པ་དང་ནང་རོལ་ཟེགས་རྡུལ་གྱི་རིམ་པས་གྲུབ།
Cerebellar ataxia ཀླད་སྙིང་འཆོར་ནད། neurosci. [ཀླད་སྙིང་ལ་སྐྱོན་ཞུགས་པ་ལ་བརྟེན་ནས་བྱུང་བའི་འཆོར་ནད།]
Cepheid variable star སེ་ཕ་ཡི་ཌི་འགྱུར་སྐར། phys. Any of a class of variable stars with regular cycles of variations in luminosity (most ranging from three to fifty days). There is a relationship between the periods of variation and the absolute magnitudes, which is used for measuring the distance of such stars དུས་ཡུན་ངེས་ཅན་གྱི་ནང་དུ་(ཕལ་ཆེ་བ་ཉིན་གསུམ་ནས་ཉིན་ལྔ་བཅུའི་བར་)བཀྲག་མདངས་ལ་འགྱུར་བ་འགྲོ་བའི་འགྱུར་སྐར་གྱི་སྡེ་ཚན་ཞིག་ཏུ་གཏོགས་པའི་འགྱུར་སྐར་གང་རུང་ལ་གོ བཀྲག་མདངས་ལ་འགྱུར་བ་འགྲོ་བའི་དུས་ཡུན་དང་ཚུགས་ཐུབ་ཚད་རིམ་གཉིས་ཀྱི་དབར་དུ་འབྲེལ་བ་ཞིག་ཡོད་ཅིང་། འབྲེལ་བ་བེད་སྤྱོད་བྱས་ཏེ་འདི་ལྟ་བུའི་སྐར་མའི་བར་ཐག་ཚད་འཇལ་བར་བྱེད།
cephalopod མཚོ་འབུ་རྐང་མགོ biol. Any of various ocean mollusks, such as an octopus, squid, or nautilus, having long arms or tentacles around the mouth, a large head, a pair of large eyes, and a sharp beak. Cephalopods have the most complex nervous system of all invertebrates. If attacked, they squirt a cloud of dark inky liquid to confuse predators. མཚོ་འབུ་ལག་བརྒྱད་དམ། མཚོ་འབུ་རལ་ཟིང་། ཡང་ན་འགྲོམས་བུ་ལྟ་བུའི་རྐང་ལག་རིང་ཞིང་ཁའི་གཡས་གཡོན་དུ་སྤུ་རྭ་དང་ལྡན་པ། མགོ་བོ་དང་མིག་ཟུང་ཆེ་ཞིང། མཆུ་ཏོ་རྣོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་མཚོ་གནས་ལུས་སྙི་སྲོག་ཆགས་གང་རུང་རུང་ཞིག་ལ་གོ སྒལ་རུས་མེད་པའི་སྲོག་ཆགས་ཀྱི་ཁྲོད་ནས་མཆོ་འབུ་རྐང་མགོ་ལ་དབང་རྩའི་མ་ལག་རྙོག་འཛིང་ཆེ་ཤོས་དེ་ཡོད། གལ་ཏེ་གཞན་གྱིས་ཚུར་རྒོལ་བྱས་ཚེ་གཤེར་གཟུགས་ནག་པོ་ཞིག་གློད་དེ་ཚུར་རྒོལ་པ་མགོ་རྨོངས་སུ་འཇུག
cephalization དབང་རྩ་ཕྱོགས་འདུས་བྱ་བ། neurosci. The concentration of sense organs, nervous control, etc., at the anterior end of the body, forming a head and brain, both during evolution and in the course of an embryo's development. འཕེལ་འགྱུར་གྱི་སྐབས་དང་སྦྲུམ་སྲིང་འཚར་འཕེལ་གྱི་རིམ་པ་གཉིས་ཀྱི་ནང་དུ་དབང་ཚོར་དབང་པོ་དང་དབང་རྩའི་ཚོད་འཛིན་སོགས་ལུས་པོའི་མདུན་སྣེ་རུ་སྤུངས་ཏེ་མགོ་བོ་དང་ཀླད་པ་གྲུབ་པ་ལ་གོ
centrosome དཀྱིལ་གཟུགས། དཀྱིལ་ཕུང་། biol. A small region of cytoplasm adjacent to the nucleus that contains the centrioles and serves to organize microtubules. ལྟེ་ཉིང་གི་ཉེ་འདབས་ཀྱི་ཕྲ་ཚིའི་ཁུལ་ཆུང་ཆུང་ཞིག་ལ་གོ་བ་དང་། དེའི་ནང་དུ་དཀྱིལ་སྦུག་ཡོད་ཅིང་དེ་ཡིས་སྦུག་ཕྲན་གོ་རིམ་སྒྲིག་པར་རོགས་བྱེད།
centromere region དཀྱིལ་ཆའི་ས་ཁུལ། དཀྱིལ་ཁུལ། biol. The region of the chromosome to which the spindle fiber is attached during cell division. ཕྲ་ཕུང་འབྱེད་རིམ་གྱི་སྐབས་སུ་འཕང་ཚི་འབྱར་སའི་ཚོས་གཟུགས་ཀྱི་ཁུལ་དེ་ལ་ཟེར།
centromere དཀྱིལ་ཆ། biol. The most condensed and constricted region of a chromosome, to which the spindle fiber is attached during mitosis. ཚོས་གཟུགས་ཤིག་གི་བཙུར་ཞིང་སྟུག་ཚད་ཆེ་ཤོས་ཀྱི་ཆ་ཤས་དེ་ལ་གོ་ཞིང་། ཕྲ་ཕུང་གཉིས་འགྱེའི་སྐབས་སུ་འཕང་ཚིས་གནས་འདི་ལ་སྦྲེལ་མཐུད་བྱེད།
centroid དབུས་ཚེག དབུས་གཟུགས། math. A mathematically calculated center of a complex or three-dimensional object རྩིས་ལ་བརྟེན་ནས་གཏན་ལ་ཕབ་པའི་དབྱིབས་རྙོག་འཛིང་ཅན་ནམ་ཕྱོགས་ཆ་གསུམ་ལྡན་གྱི་དངོས་པོ་ཞིག་གི་ལྟེ་བ།
centripetal force ལྟེ་ཕྱོགས་ཤུགས། phys. Center-directed force that causes an object to follow a curved or circular path. དངོས་པོ་ཞིག་གུག་ལམ་མམ་སྒོར་ལམ་ཞིག་ཏུ་གནས་པར་རྐྱེན་བྱེད་ཅིང་ཁ་ལྟེ་བར་ཕྱོགས་པའི་ཤུགས།