change of phase མངོན་རྣམ་གྱི་འགྱུར་བ། | phys. A transition between one state of matter and another. Melting is the change of state from solid to liquid, with freezing the reverse change. Boiling is the change of state from liquid to gas, with condensation the reverse change. Sublimation is the change of state from solid directly to gas or vice versa. During a change of state, the temperature remains constant as the latent heat is transferred. | བེམ་རྫས་མངོན་རྣམ་གཅིག་ནས་གཞན་དུ་འཕོ་འགྱུར་བྱེད་པ་ལ་གོ སྲ་གཟུགས་ནས་གཤེར་གཟུགས་སུ་འགྱུར་བ་ལ་བཞུ་བ་ཟེར་ཞིང་། དེའི་ལྡོག་ཕྱོགས་ནི་འཁྱག་འགྱུར་ཡིན། གཤེར་གཟུགས་ནས་རླངས་གཟུགས་སུ་འགྱུར་བ་ལ་ཁོལ་བ་ཟེར་ཞིང་། དེའི་ལྡོག་ཕྱོགས་ཀྱི་འགྱུར་བ་ནི་གཤེར་འགྱུར་ཡིན། སྲ་གཟུགས་ནས་ཐད་ཀར་རླངས་གཟུགས་སུ་འགྱུར་བའམ་འདིའི་ལྡོག་ཕྱོགས་ཀྱི་འགྱུར་བ་ལ་སྲ་རླངས་ཐད་འགྱུར་ཟེར། མངོན་རྣམ་གྱི་འགྱུར་བའི་སྐབས་སུ་དྲོད་ཚད་ལ་འགྱུར་བ་མེད་ཅིང་གབ་དྲོད་འཕོ་འགྱུར་བྱེད། |
chandelier cell དཔྱང་དྲ་ཕྲ་ཕུང་། | biol. | |
chambered nautilus ཚང་ལྡན་འགྲོན་བུ། | biol. | |
chain reaction བསྟར་ཆགས་འདྲེས་འགྱུར། | phys. Self-sustaining reaction that, once started, steadily provides the energy and matter necessary to continue the reaction. | འགོ་བཙུགས་རྗེས་འདྲེས་འགྱུར་རྒྱུན་མཐུད་པར་མཁོ་བའི་ནུས་པ་དང་བེམ་རྫས་གཉིས་ཀ་བརྟན་པོའི་ངང་མཁོ་སྤྲོད་བྱེད་པའི་རང་འཚོ་ཐུབ་པའི་འདྲེས་འགྱུར། |
cetaceans འོ་འཐུང་ཉ་ཆེན། | biol. A marine mammal of the order Cetacea; a whale, dolphin, or porpoise. | འོ་འཐུང་ཉ་རིགས་ཀྱི་གྲལ་དུ་གཏོགས་པའི་མཚོ་གནས་ནུ་གསོས་སྲོག་ཆགས་ལ་གོ ཉ་ཆེན་ཝེལ་དང་། ཌོལ་ཕིན། ཉ་ཆེན་ཤི་ཤུག |
cervix མངལ་ཁ། མངལ་སྒོ། | biol. The lower, narrow end of the uterus that forms a canal between the uterus and vagina. | བུ་སྣོད་དང་སྐྱེ་སྒོ་གཉིས་ཀྱི་དབར་དུ་བུ་ག་ཞིག་གྲུབ་པར་བྱེད་པའི་བུ་སྣོད་ཀྱི་མཇུག་སྣེ་ཕྲ་མོ་དེ་ལ་གོ |
cervicothalamic tract མཇིང་པ་ཀླད་སྦུག་བརྡ་ལམ། | biol. | |
cervical spine མཇིང་ཚིགས། | biol. The cervical spine, also known as the neck, is comprised of seven vertebral bodies (C1-C7) that make up the upper most part of the spine. These vertebrae connect the spine to the skull. | མཇིང་ཚིགས་ནི་སྒལ་ཚིགས་ཀྱི་མགོ་སྣེ་གྲུབ་བྱེད་ཀྱི་སྒལ་གཞུང་གི་ཚིགས་བདུན་པོ་ལ་གོ་ཞིང་འདི་ལ་མཇིང་པ་ཞེས་ཀྱང་བརྗོད། མཇིང་ཚིགས་འདི་དག་གིས་སྒལ་ཚིགས་དང་མགོ་རུས་མཐུད་སྦྱོར་བྱེད། |
cervical curve མཇིང་པའི་གུག | biol. | |
cerebrum ཀླད་ཆེན། | neurosci. The largest part of the vertebrate brain, filling most of the skull and consisting of two hemispheres divided by a deep groove and joined by a mass of nerve fibers. It consists of gray matter (the cerebral cortex) on the outside and white matter on the inside. Each hemisphere is divided into four sections, called the frontal, occipital, parietal, and temporal lobes. The cerebrum controls voluntary activity, processes complex sensory information, and is responsible for mental functions. | སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཀླད་པའི་ཆ་ཤས་ཆེ་ཤོས་དེ་ཡིན་ཞིང་ཀ་ལི་ཕལ་ཆེར་འདི་ཡིས་ཁེངས་བ་དང་། ཤུར་ཁ་གཏིང་ཟབ་ཅིག་གིས་དབྱེ་ཞིང་དབང་རྩའི་ཉག་མའི་ཚོགས་ཀྱིས་མཐུད་པའི་ཟླུམ་ཕྱེད་གཉིས་ཀྱིས་གྲུབ། དེའི་ཕྱི་ངོས་སུ་སྐྱ་རྫས་(ཀླད་ཆེན་ཀླད་ཤུན་)དང་ནང་ངོས་སུ་དཀར་རྫས་ཡོད། ཟླུམ་ཕྱེད་སོ་སོ་ཆ་ཤས་བཞི་སྟེ། མདུན་འདབ་དང་ལྟག་འདབ། གཙུག་འདབ། རྣ་ལྟག་འདབ་མ་བཅས་སུ་དབྱེ། ཀླད་ཆེན་གྱིས་ཆེད་སྒུལ་བྱེད་ལས་ལ་ཚོད་འཛིན་དང། རྙོག་འཛིང་ཆེ་བའི་དབང་ཚོར་གྱི་ཆ་འཕྲིན་དབྱེ་བསལ་བྱེད་པ་དང། སེམས་ཀྱི་བྱེད་ལས་ལ་ཡང་འགན་འཁྲི་བྱེད། |
cerebrovascular disease ཀླད་པའི་ཁྲག་རྩའི་ནད། | neurosci. Disease of the arteries that supply blood to the brain. Cerebrovascular disease is usually caused by atherosclerosis and can lead to a stroke. | ཀླད་པར་ཁྲག་འདྲེན་མཁན་གྱི་འཕར་རྩའི་ནད། སྤྱིར་བཏང་འཕར་རྩ་གྱོང་པོར་གྱུར་པ་ལ་བརྟེན་ནས་འབྱུང་ཞིང་། གཟའ་གྲིབ་འབྱུང་བའི་རྐྱེན་དུ་ཡང་འགྱུར་ཐུབ། |
cerebrospinal fluid ཀླད་རྒྱུངས་གཤེར་ཁུ། | neurosci. The extracellular fluid surrounding the brain and spinal cord that cushions them from physical shock. | ཀླད་པ་དང་རྒྱུངས་པའི་མཐའ་ནས་བསྐོར་ཞིང་དེ་གཉིས་རྡབ་སྐྱོན་ལས་སྐྱོབ་མཁན་གྱི་ཕྲ་ཕུང་ཕྱིིའི་གཤེར་ཁུ་དེ་ལ་གོ |
cerebral ventricle ཀླད་ཆེན་ཀླད་ཤག། | neurosci. One of a system of four communicating cavities within the brain that are continuous with the central canal of the spinal cord. They include two lateral ventricles in the cerebral hemispheres, each consisting of a triangular central body and four horns. | ཀླད་པ་ནས་འགོ་བཙུགས་ཤིང་རྒྱུངས་པའི་དཀྱིལ་སྦུག་དང་རྒྱུན་མཐུད་ནས་ཡོད་པའི་ཀླད་པའི་ནང་རོལ་དུ་བརྡ་ལན་སྤྲོད་སའི་ཁུང་བུ་བཞི་ཡིས་གྲུབ་པའི་མ་ལག་ཅིག་ཡོད་པའི་དེའི་ནང་གི་ཁུང་བུ་གཅིག་ལ་གོ དེའི་ཁོངས་སུ་ཀླད་ཆེན་གྱི་ཟླུམ་ཕྱེད་གཉིས་སུ་ཡོད་པའི་གཞོགས་ཤག་གཉིས་ཐེ་ཡོད་པ་དང་། གཞོགས་ཤག་རེ་རེ་ལ་ཟུར་གསུམ་ཅན་གྱི་དཀྱིལ་གཟུགས་ཤིག་དང་རྭ་བཞི་ལྡན་ཡོད་པ་ཡིན། |
cerebral peduncles ཀླད་རྒྱའི་རྐང་ཡུ། | neurosci. A mass of nerve fibres connecting the cerebral hemispheres to the midbrain. | ཀླད་ཆེན་ཟླུམ་ཕྱེད་གཉིས་ཀ་དང་བར་ཀླད་སྦྲེལ་མཐུད་བྱེད་མཁན་གྱི་དབང་རྩའི་རྩ་རྒྱུས་ཀྱི་ཕུང་ཚོགས་ལ་གོ |
cerebral hemisphere ཀླད་ཆེན་གྱི་ཟླུམ་ཕྱེད། | neurosci. Either of the two symmetrical halves of the cerebrum, as divided by the longitudinal cerebral fissure. | ཀླད་ཆེན་གཞུང་སྲུབས་ཀྱིས་ཆ་མཚུངས་པའི་དུམ་བུ་གཉིས་སུ་བགོས་པའི་ཀླད་ཆེན་གྱི་ཆ་ཤས་གཉིས་པོ་གང་རུང་ལ་གོ |