Search:
TermEnglish DefinitionTibetan Definition
chemotaxis རྗེས་འབྲེལ་ཕྱོགས་བསྐྱོད། biol. Orientation or movement of an organism or cell in relation to chemical agents. རྫས་སྦྱོར་གྱི་བྱེད་རྐྱེན་ཞིག་ལ་ལྟོས་ཏེ་བྱུང་བའི་སྐྱེས་དངོས་སམ་ཕྲ་ཕུང་ཞིག་གི་འགུལ་སྐྱོད་དམ། ཁ་ཕྱོགས་སྟོན་སྟངས་ལ་གོ
chemotactic signaling རྫས་འབྲེལ་ཕྱོགས་བསྐྱོད་བརྡ་གཏོང་། neurosci.
chemotactic cytokine ཁི་མོ་སྒུལ་སྤྲི། biol.
chemosynthesis རྫས་ཀྱི་སྦྱོར་སྡེབ། chem. The synthesis of organic compounds by bacteria or other living organisms using energy derived from reactions involving inorganic chemicals, typically in the absence of sunlight. སྤྱིར་བཏང་དུ་ཉི་འོད་མེད་པའི་གནས་སྐབས་སུ་སྲིན་བུ་དང་སྐྱེ་དངོས་གཞན་གྱིས་སྐྱེ་ལྡན་མིན་པའི་རྫས་སྦྱོར་ལས་བྱུང་བའི་ནུས་པ་བེད་སྤྱད་དེ་སྐྱེ་ལྡན་གྱི་འདུས་རྫས་སྦྱོར་སྡེབ་བྱེད་པ་ལ་གོ
Chemorepulsion རྫས་འབྲེལ་ཟློག་འབུད། Neurosci.
chemorepellent རྫས་འབྲེལ་འབུད་བྱེད། biol. Any substance that produces negative chemotaxis. ཕྱོགས་ལྡོག་པའི་རྫས་འབྲེལ་ཕྱོགས་བསྐྱོད་སྐྱེད་སྐྲུན་བྱེད་མཁན་གྱི་རྫས་ཤིག
chemoreceptor རྫས་རྡུལ་སྣེ་ལེན་པ། neurosci. A sensory nerve cell or sense organ, as of smell or taste, that responds to chemical stimuli. རྫས་རྡུལ་གྱི་སྐུལ་རྐྱེན་ལ་ཡ་ལན་བྱེད་མཁན་གྱི་དྲི་ཚོར་རམ་རོ་ཚོར་ལྟ་བུའི་ཚོར་ཤེས་དབང་པོའམ། ཚོར་བྱེད་དབང་རྩའི་ཕྲ་ཕུང་ཞིག
chemokines ཁི་མོ་སྒུལ་སྤྲི། biol. Any of various cytokines produced in acute and chronic inflammation that mobilize and activate white blood cells. གཉན་ཁ་གསར་རྙིང་གཉིས་ཀྱི་ནང་དུ་སྐྱེད་སྐྲུན་བྱེད་ཅིང་ཁྲག་དཀར་ཕྲ་ཕུང་བསྡུ་རུབ་ཀྱིས་སད་སློང་བྱེད་པའི་ས་ཡི་ཊོ་སྒུལ་སྤྲི་ཞིག
Chemoheterotroph རྫས་ནུས་གཞན་བརྟེན། biol. [རྫས་དང་ནུས་པ་གཉིས་ཀ་གཞན་ལ་བརྟེན་མཁན།]
chemoautotroph རྫས་སྦྱོར་རང་གསོ། biol. An organism, typically a bacterium, which derives energy from the oxidation of inorganic compounds. སྐྱེ་ལྡན་མིན་པའི་འདུལ་རྡུལ་དང་འཚོ་རླུང་གཉིས་སྡེབ་སྦྱོར་བྱས་པ་ལས་ནུས་པ་ལེན་མཁན་གྱི་སྐྱེ་དངོས་དང་བྱེ་བྲག་ཏུ་སྲིན་བུ་ལ་གོ
Chemoattraction རྫས་འབྲེལ་འཐེན་འགུགས། Neurosci.
chemoattractant རྫས་འབྲེལ་འགུགས་བྱེད། biol. A substance which attracts motile cells of a particular type. འགུལ་སྐྱོད་རྒྱག་པའི་ཁྱད་ཆོས་དང་ལྡན་པའི་ཕྲ་ཕུང་གི་རིགས་ངེས་ཅན་ཞིག་འཐེན་ནུས་པའི་བེམ་རྫས་ཤིག
chemistry of water ཆུའི་རྫས་སྦྱོར། biol.
chemistry of life ཚེ་སྲོག་གི་རྫས་སྦྱོར། biol.
chemistry རྫས་སྦྱོར་རིག་པ། chem. The branch of science concerned with the substances of which matter is composed, the investigation of their properties and reactions, and the use of such reactions to form new substances. བེམ་རྫས་ཀྱི་གྲུབ་ཆ་ཅི་ཞིག་ཡིན་པ་དང་། དེ་དག་གི་ཁྱད་ཆོས་དང་རྫས་སྦྱོར་ལ་ཞིབ་འཇུག རྫས་སྦྱོར་དེ་ལྟ་བུ་སྤྱད་དེ་དངོས་རྫས་གསར་པ་བཟོ་བ་བཅས་དང་འབྲེལ་བ་ཡོད་པའི་ཚན་རིག་གི་སྡེ་ཚན་ཞིག