Search:
TermEnglish DefinitionTibetan Definition
Thermoreception དྲོད་སྣེ་ལེན། neurosci.
Thermophile དྲོད་དགའ། biol.
thermonuclear fusion དྲོད་མཆེད་ལྟེ་རྡུལ་འདུས་འགྱུར། phys. Nuclear fusion brought about by extremely high temperatures; in other words, the welding together of atomic nuclei by high temperature. ཧ་ཅང་མཐོ་བའི་ཚ་དྲོད་ཀྱིས་སྐྱེད་པའི་ལྟེ་རྡུལ་འདུས་འགྱུར། ཚིག་གཞན་དུ་སྨྲས་ན། དྲོད་ཚད་མཐོ་བའི་སྐབས་སུ་ལྟེ་རྡུལ་ལྷན་དུ་མཐུད་སྦྱོར་བྱེད་པ་ལ་གོ
thermonuclear combustion དྲོད་མཆེད་ལྟེ་རྡུལ་འབར་སྲེག phys.
thermometer དྲོད་ཚད་འཇལ་ཆས། phys. Device used to measure temperature, usually in degrees Celsius, degrees Fahrenheit, or kelvins. དྲོད་ཚད་བརྩི་གཞི་ཌིག་རི་སེལ་ཤྶེ་འམ། ཧྥ་རན་ཧེཊ། ཡང་ན་ཁེལ་ཝིན་དུ་ཚད་འཇལ་བྱེད་དུ་སྤྱོད་པའི་ཡོ་ཆས།
thermodynamics དྲོད་ཤུགས་རིག་པ། phys. Study of heat and its transformation to mechanical energy, characterized by two principal laws: First Law: A restatement of the law of conservation of energy as it applies to systems involving changes in temperature: Whenever heat is added to a system, it transforms to an equal amount of some other form of energy. Second Law: Heat cannot be transferred from a colder body to a hotter body without work being done by an outside agent. དྲོད་ནུས་དང་དེ་འགུལ་ནུས་སུ་བསྒྱུར་ཐབས་ཀྱི་རིག་པ་སྟེ་གཏན་ཁྲིམས་གཙོ་བོ་གཉིས་ཀྱིས་མཚོན་པར་བྱས་ཡོད། གཏན་ཁྲིམས་དང་པོ། ནུས་པ་ཉར་ཚགས་ཀྱི་གཏན་ཁྲིམས་ནི་དྲོད་ཚད་ལ་འགྱུར་ལྡོག་འགྲོ་བའི་མ་ལག་ལ་ཡང་ཁྱབ་ཀྱི་ཡོད་པས་དེའི་བསྐྱར་བརྗོད་ཅིག་སྟེ། མ་ལག་ཅིག་ཏུ་དྲོད་ནུས་སྣོན་སྐབས་དྲོད་ནུས་དེ་དོད་མཚུངས་པའི་ནུས་པའི་ངོ་བོ་གཞན་ཞིག་ཏུ་འགྱུར་བ་ཡིན། གཏན་ཁྲིམས་གཉིས་པ། ཕྱི་རོལ་གྱི་བྱེད་པོ་ཞིག་གིས་བྱ་བ་མ་བྱས་པར་དྲོད་ནུས་ནི་གྲང་ས་ཞིག་ནས་དྲོ་ས་ཞིག་ལ་སྤོ་མི་ཐུབ།
Thermoception དྲོད་ཚོར། neurosci.
thermal stimuli དྲོད་ཀྱི་སྐུལ་རྐྱེན། neurosci.
thermal radiation དྲོད་ཀྱི་འགྱེད་འཕྲོ། phys. Electromagnetic radiation emitted by all matter above a temperature of absolute zero because of the thermal motion of atomic particles. དྲོད་ཚད་ཚིགས་ཐུབ་ཀླད་གོར་ལས་བརྒལ་སྐབས་དངོས་པོ་ཚང་མས་འབྱིན་ངེས་པའི་གློག་ཁབ་ལེན་གྱི་འགྱེད་འཕྲོ་ཞིག འདི་ནི་རྡུལ་ཕྲ་རབ་ཀྱི་ཚ་དྲོད་གནས་སྤོ་ལ་བརྟེན་ནས་བྱུང་བ་ཡིན།
thermal properties ཚ་བའི་ཁྱད་ཆོས། phys.
thermal pressure དྲོད་ཀྱི་གནོན་ཤུགས། phys.
thermal pollution དྲོད་ཀྱི་འབགས་བཙོག། phys.
thermal physics ཚ་དྲོད་དངོས་ཁམས། phys.
thermal meter དྲོད་ཀྱི་ཡོ་ཆས། phys.
thermal equilibrium དྲོད་མཉམ། phys. State wherein substances in thermal contact have reached a common temperature. དྲོད་འཕྲད་བྱས་པའི་དངོས་པོ་རྣམས་ཐུན་མོང་གི་དྲོད་ཚད་ཅིག་ལ་སླེབས་པའི་གནས་བབ།