Search:
TermEnglish DefinitionTibetan Definition
tracheid ཡུ་ཆུང་། biol. [རྩི་ཤིང་གི་གཤེར་ལམ་ནང་གི་གློ་ཡུ་ལྟ་བུའི་ཆ་ཤས་ཆུང་ཆུང།]
trachea གློ་ཡུ། biol. The tube-shaped structure in vertebrate animals that leads from the larynx to the bronchi and carries air to the lungs. In mammals, the trachea is strengthened by rings of cartilage. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་གྲེ་བ་ནས་གློ་ཡུའི་རྩ་སྦུབས་གྱི་བར་དུ་ཡོད་པའི་སྦུ་གུའི་དབྱིབས་ཀྱི་བཀོད་པ་དེ་ལ་ཟེར་ཞིང་། དེ་ཡིས་གློ་བའི་ནང་རླུང་སྐྱེལ་འདྲེན་བྱེད། ནུ་གསོས་སྲོག་ཆགས་ཀྱི་གློ་ཡུ་ནི་ཕྲུམ་རུས་ཀྱི་ཨ་ལོང་མང་པོས་སྲ་བརྟན་དུ་བཏང་ཡོད།
tracer རྗེས་གཅོད་པ། biol. Any radioactive isotope introduced into the body to study metabolic processes, absorption, etc, by following its progress through the body with a gamma camera or other detector ནུས་སྒྱུར་གྱི་རྒྱུད་རིམ་དང་ཟས་ནུས་འཇིབ་ལེན་གྱི་བྱ་བ་ལ་བརྟག་དཔྱད་བྱེད་པའི་ཆེད་དུ་ལུས་པོའི་ནང་དུ་བཅུག་པའི་འགྱེད་འཕྲོའི་གནས་མཉམ་རྩ་རྫས་གང་རུང་རུང་ཞིག་ལ་གོ་ཞིང་། གྷ་མ་པར་ཆས་སམ་ཚོར་ཆས་གཞན་སྤྱད་དེ་རྗེས་གཅོད་པ་དེ་ལུས་པོའི་ནང་དུ་ཁྱབ་ཚུལ་ལ་བརྟག་པར་བྱེད།
Toxoplasmosis གཞུ་དབྱིབས་སྲིན་ནད། biol.
Toxoplasma གཞུ་དབྱིབས་ཕྲ་སྲིན། biol.
toxin ཉེས་དུག biol. Any poisonous substance produced by an organism. སྐྱེ་དངོས་ཤིག་གིས་སྐྱེད་སྐྲུན་བྱས་པའི་གནོད་འཚེ་ཅན་གྱི་བེམ་རྫས་གང་རུང་རུང་ཞིག
Toxic substance དུག་རྫས། biol.
toxic agents དུག་རྐྱེན། biol.
tower ལྕོག་མཁར། ལྕོག་ཁང། A tall, narrow building, either free-standing or forming part of a building such as a church or castle. ཡི་ཤུའི་ལྷ་ཁང་ངམ་ཕོ་བྲང་ལྟ་བུའི་ཁང་བརྩེགས་ཀྱི་ཆ་ཤས་སུ་གྲུབ་པའམ་ཡང་ན་ཁེར་རྐྱང་དུ་བཞེངས་པའི་ཁང་བརྩེགས་ཕྲ་ཞིང་རིང་བ་ཞིག
tourmaline གཏེར་རྫས་ཊོར་མ་ལིན། phys A mineral of variable color that consists of a complex borosilicate and is valued as a gem when transparent and cut སྦོ་རོན་དང་སི་ལི་ཀེཊ་འདུས་པའི་གོང་བུ་ཁ་དོག་སྣ་ཚོགས་པའི་གཏེར་རྡོ་ཞིག་ལ་གོ་ཞིང་། དྭངས་གསལ་ཡིན་ཞིང་ལེགས་པར་གཏུབས་རྗེས་རིན་ཆེན་དུ་ངོས་འཛིན་བྱེད།
touch receptor རེག་ཚོར་སྣེ་ལེན་པ། neurosci.
touch perception རེག་པའི་འདུ་ཤེས། neurosci.
touch cell རེག་ཚོར་ཕྲ་ཕུང་། neurosci.
touch རེག་ཚོར། neurosci. The faculty of perception through physical contact, especially with the fingers. ལུས་པོའི་རེག་ཐུག་གམ་བྱེ་བྲག་ཏུ་མཛུབ་མོའི་རེག་ཐུག་ལ་བརྟེན་ནས་བྱུང་བའི་འདུ་ཤེས་ཀྱི་ནུས་པ་ལ་གོ
totipotent ཀུན་འགྱུར་ནུས་པ། biol. Describes a cell that is capable of giving rise to all of the cell types of an organism; the zygote is a totipotent cell སྐྱེ་དངོས་ཤིག་གི་ཕྲ་ཕུང་གི་རིགས་ཐམས་ཅད་དུ་འཚར་འཕེལ་ཐུབ་པའི་ནུས་པ་དང་ལྡན་པའི་ཕྲ་ཕུང་ཞིག་འགྲེལ་བར་བྱེད། དཔེར་ན། ས་བོན་འདུས་སྒོང་ནི་ཀུན་འགྱུར་ནུས་པའི་ཕྲ་ཕུང་ཞིག་ཡིན།