Search:
TermEnglish DefinitionTibetan Definition
uncertainty principle ངེས་མེད་རྩ་འཛིན། phys. The principle formulated by Heisenberg, stating that Planck’s constant, h, sets a limit on the accuracy of measurement at the atomic level. Accordingly, it is not possible to measure exactly both the position and the momentum of a particle at the same time, nor the energy and the time associated with a particles simultaneously. ཝར་ནར་ཧེ་སན་བྷར་གྱིས་གཏན་འབེབས་གནང་བའི་གཏན་ཁྲིམས་ཤིག་ཡིན་ཞིང་། འདིས་ཕི་ལནཁ་ཡི་བརྟན་གྲངས་ཀྱིས་ཚད་འཇལ་ཞིག་གི་མུ་མཐའ་འཇོག་པར་བཤད། ངེས་མེད་གཏན་ཁྲིམས་ལྟར་ན་དུས་ཚོད་གཅིག་པ་ཞིག་གི་སྐབས་སུ་རྡུལ་ཞིག་གི་གནས་ས་དང་འགུལ་ཚད་གཉིས་ཀ་ཏག་ཏག་ཚད་འཇལ་མི་ཐུབ་ལ། རྡུལ་དེའི་ནུས་པ་དང་ནུས་པ་དེ་ཡོད་པའི་དུས་ཡུན་གཉིས་ཀྱང་ཏག་ཏག་ཚད་འཇལ་མི་ཐུབ།
unbalanced force དོ་མི་མཉམ་པའི་ཤུགས། phys.
umbrella species ཁུལ་ཆེན་ཉེ་རིགས། གདུགས་ལྟ་བུའི་ཉེ་རིགས། biol. A species chosen to be the subject of particular conservation efforts because the protection of that species will also have the effect of giving protection to co-occurring species in the ecological community of its habitat. སྐྱེ་ཁམས་གཉེར་སྲུང་གི་བྱ་གཞག་ངེས་ཅན་ཞིག་གི་ཆེད་དམིགས་བརྗོད་དོན་དུ་འདེམས་པའི་ཉེ་རིགས་ཤིག་ལ་གོ་ཞིང་། ཉེ་རིགས་དེ་ལ་སྲུང་སྐྱོབ་བྱས་པ་དེ་ཡིས་དེ་གནས་སའི་ཁོར་ཡུག་གི་སྐྱེ་ཁམས་ཚོགས་སྡེ་རུ་ཡོད་པའི་མཉམ་གནས་ཀྱི་ཉེ་རིགས་གཞན་ལ་ཡང་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པ་ཡིན།
umbra ཧྲིལ་སྒྲིབ། phys. Darker part of a shadow where all the light is blocked. See also penumbra. འོད་ཚང་མ་བཀག་པའི་གྲིབ་ནག་གི་སྨུག་ནག་པའི་ཆ། ཆ་སྒྲིབ་ལ་ཡང་གཟིགས་རོགས།
umbilical cord ལྟེ་ཐག biol. A cord arising from the navel that connects the fetus with the placenta and through which respiratory gases, nutrients, and wastes pass མངལ་གནས་ཀྱི་ལྟེ་བ་ཐོན་ཏེ་མངལ་གནས་དང་ཤ་མ་གཉིས་ཀྱི་དབར་དུ་མཐུད་སྦྲེལ་བྱེད་མཁན་གྱི་ཐག་པ་ལ་གོ་ཞིང་། ལྟེ་ཐག་བརྒྱུད་ནས་དབུགས་འབྱིན་རྔུབ་ཀྱི་རླུང་དང་། ཟས་བཅུད། སྙིགས་མ་བཅས་བགྲོད་ཀྱི་ཡོད།
ultraviolet radiation སྨུག་ཕྱིའི་འགྱེད་འཕྲོ། phys. Electromagnetic radiation having wavelengths between that of violet light and long X-rays, i.e. between 400 nm and 4 nm. In the range 400-300 nm the radiation is known as the near ultraviolet. འོད་སྨུག་པོའི་རླབས་ཐག་དང་གློག་པར་རིང་པོའི་རླབས་ཐག་གཉིས་ཀྱི་དབར་དུ་ཡོད་པའི་གློག་ཁབ་ལེན་གྱི་འགྱེད་འཕྲོ་སྟེ། དེ་ནི་རླབས་ཐག་ 400 nm ནས་ 4 nm དབར་ཡིན། རླབས་ཐག་ 400 nm ནས་300 nm ཡིན་པའི་འགྱེད་འཕྲོ་ལ་ཉེ་བའི་སྨུག་ཕྱིའི་འོད་ཟེར།
ultraviolet (UV) light སྨུག་ཕྱིའི་འོད། phys Electromagnetic waves of frequencies higher than those of violet light. འོད་མུ་མེན་ལས་ཟློས་ཕྱོད་མཐོ་བའི་གློག་ཁབ་ལེན་གྱི་རླབས།
ultrasound ཐོས་བརྒལ་གྱི་སྒྲ phys. Sound with a frequency greater than 20,000 Hz,approximately the upper limit of human hearing. མིའི་ཐོས་ཚད་ཀྱི་ཡ་མཐའ་སྟེ་ཧར་ཚི་ ༢༠༠༠༠ ལས་མཐོ་བའི་ཟློས་ཕྱོད་དང་ལྡན་པའི་སྒྲ་ལ་གོ
ultrasonic wave བརྒལ་སྒྲའི་རླབས། phys. A sound wave that has a frequency above about 20,000 hertz. ཟློས་ཕྱོད་ཧར་ཚི་ཁྲི་གཉིས་ལས་མཐོ་བ་ཡོད་པའི་སྒྲ་རླབས།
ultrasonic ཐོས་བརྒལ་གྱི། phys. Term applied to sound frequencies above 20,000 Hz, the normal upper limit of human hearing. ཟློས་ཕྱོད་ཧར་ཚི་ ༢༠༠༠༠ སྟེ་སྤྱིར་བཏང་གི་མིའི་ཐོས་ཚད་ལ་བརྒལ་བའི་སྒྲ་ལ་སྤྱོད་པའི་ཚིག་ཅིག་ཡིན།
ultrahigh frequency (UHF) ཚད་མཐོའི་ཟློས་ཕྱོད། phys. A radio frequency in the range 3x109-0.3x109 Hz; i.e. having a wavelength in the range 10 cm to 1m. ཟློས་ཕྱོད་ཀྱི་ཁྱབ་ཚད་ 3x109ནས་ 0.3x109 Hz དབར་ཡིན་པ་སྟེ། རླབས་ཐག་གི་ཁྱབ་ཚད་10 cm ནས་1m དབར་ཡིན་པའི་རླུང་འཕྲིན་གྱི་རླབས།
ulna ལག་ངར་རུས་ཆུང་། biol. The thinner and longer of the two bones in the human forearm, on the side opposite to the thumb. མིའི་ལག་ངར་གྱི་རུས་པ་གཉིས་པོའི་ནང་གི་ཕྲ་ཞིང་རིང་བ་དེ་ལ་གོ་ཞིང་། མཐེ་བོང་གི་ལྡོག་ཕྱོགས་སུ་ཡོད།
UFO (unidentified flying object) ངེས་མེད་འཕུར་དངོས། phys.
Tyrosine ཊ་ཡི་རོ་སིན། neurosci.
typical མཚན་ཉིད་ལྡན་པ། Having the distinctive qualities of a particular type of person or thing. མིའམ་ཅ་དངོས་ཀྱི་རིགས་བྱེ་བྲག་པ་ཞིག་གི་ཐུན་མིན་གྱི་ཁྱད་ཆོས་དང་ལྡན་པ།