non free fall གཞན་ལྷུང་། | Phys. | (འཐེན་ཤུགས་ཙམ་མ་ཡིན་པར་ཤུགས་གཞན་དང་འབྲེལ་ནས་ལྷུང་བ།) |
noise སྐད་ཅོར། | phys. Scientifically speaking, sound associated with irregular vibrations. | ཚན་རིག་ལྟར་ན་ཆ་མི་སྙོམས་པའི་འདར་འགུལ་ལ་བརྟེན་ནས་བྱུང་བའི་སྒྲ། |
node of Ranvier རན་ཝིར་གྱི་ཚིགས། | neurosci. A constriction in the myelin sheath, occurring at varying intervals along the length of a nerve fiber. | དབང་རྩའི་ཉག་མ་ཞིག་གི་རྒྱུད་དུ་བར་མཚམས་ངེས་མེད་དུ་འབྱུང་བའི་བད་ཤུན་གྱི་འཁུམ་ཆ་ལ་གོ |
node རླབས་ཚིགས། ཚིགས། | phys. Any part of a standing wave that remains stationary; a region of minimal or zero energy. | ལངས་རླབས་ཀྱི་འགུལ་མེད་དུ་གནས་པའི་ཆ་ཤས་གང་ཡང་རུང་བ་ཞིག་སྟེ། ནུས་པ་ཉུང་ཤོས་སམ་ཀླད་ཀོར་ཡིན་པའི་ཁུལ། |
nocturnal མཚན་སྤྱོད། | biol. Most active at night rather than during the daytime. Owls, bats, and many other animals are nocturnal | ཉིན་ལས་མཚན་གྱི་དུས་སུ་ཧ་ཅང་གྲུང་པོ་ཡོད་པར་གོ དཔེར་ན། འུག་པ་དང། ཕ་ཝང། སྲོག་ཆགས་གཞན་མང་པོ་ཞིག་ནི་མཚན་སྤྱོད་སྲོག་ཆགས་ཡིན། |
nociceptor ཟུག་རྔུ་སྣེ་ལེན་པ། | neurosci. A sensory receptor that responds to pain. | ན་ཟུག་ལ་ཡ་ལན་སྤྲོད་མཁན་གྱི་དབང་ཚོར་སྣེ་ལེན་པ་ཞིག |
nociceptive pain མཐའ་རྩའི་ཟུག་རྔུ། | biol. | |
nocebo རྟོག་བཟོས་གནོད་སྨན། | biol. A harmless substance that when taken by a patient is associated with harmful effects due to negative expectations or the psychological condition of the patient. | ནད་པས་བཟུང་བའི་སྡུག་ཕྱོགས་ཀྱི་རེ་སྒུག་གམ། ཡང་ན་ནད་པའི་སེམས་ཁམས་ཀྱི་གནས་བབ་ལ་བརྟེན་ནས་གནོད་པའི་ཤུགས་རྐྱེན་བསྐྲུན་པར་བྱེད་པའི་གནོད་མེད་སྨན་རྫས་ཤིག |
Noble metal རིན་ཆེན་ལྕགས་རིགས། | chem. | [རྫས་སྦྱོར་ཐེབས་དཀའ་བའི་ལྕགས་རིགས་གསེར་དངུལ་སོགས།] |
noble gas བཟང་རླངས། | chem. Any of the elements in Group 18 of the periodic table, including helium, neon, argon, krypton, xenon, and radon, which are monatomic and with limited exceptions chemically inert. | རྩ་རྫས་རེའུ་མིག་གི་རུ་བསྟར་བཅོ་བརྒྱད་པར་ཡོད་པའི་རྩ་རྫས་ཧེ་ལིམ་དང་། ནི་ཨོན། ཨར་སྒོན། ཁུརེཔ་ཊོན། ཛེ་ནོན། རེ་ཌོན་བཅས་ལས་གང་རུང་རུང་ཞིག འདི་དག་ནི་རྡུལ་ཕྲན་རྐྱང་པའི་ངོ་བོར་གནས་ཡོད་ལ། རྫས་འགྱུར་གྱི་ཐད་ནས་ཕལ་ཆེར་བཏང་སྙོམས་ཡིན། |
no correlation ལྟོས་བྲལ། | phil. | (ལྟོས་འབྲེལ་བྲལ་བ།) |
NMDA receptor ཨེན་ཨེམ་ཌི་ཨེ་སྣེ་ལེན་པ། | neurosci. | |
Nivolumab ནི་ཝོ་ལུ་མབ། (འབྲས་སྨན།) | chem. | |
Nitrous oxide ཟེ་གཉིས་འཚོ་རླུང་རྐྱང་ལྡན། | chem. | |
nitrogenous bases ན་ཡི་ཊོ་རྗེན་གྱི་བུལ་རྫས། | chem. A basic compound that contains nitrogen, such as a purine or pyrimidine. | ན་ཡི་ཊོ་རྗེན་ཡོད་པའི་གཞི་རྩའི་འདུས་རྫས་ཏེ། པུ་རིན་ནམ་པི་རི་མི་ཌིན་ལྟ་བུ། |