nuclear fission ལྟེ་རྡུལ་གས་འགྱུར། | phys. Splitting of an atomic nucleus, particularly that of a heavy element such as uranium-235, into two lighter elements, accompanied by the release of much energy. | ལྕི་བའི་རྩ་རྫས་ U-235 ལྟ་བུའི་ལྟེ་རྡུལ་དེ་ཡང་བའི་རྩ་རྫས་གཉིས་སུ་གས་པ་དང་ལྷན་དུ་ནུས་པ་འབོར་ཆེན་གློད་པ་ཞིག། |
nuclear envelope ཉིང་སྐོགས། | phys. The double membrane, with perforations (pores), surrounding a cell nucleus. The outer membrane extends into the endoplasmic reticulum. The pores allow transport of macromolecules in both directions. | ཕྲ་ཕུང་གི་ལྟེ་ཉིང་གི་མཐའ་རུ་སྐོར་ཞིང་བུ་ག་དང་ལྡན་པའི་སྐྱི་མོ་རིམ་པ་གཉིས་ལྡན་དེ་ལ་གོ སྐྱི་མོ་ཕྱི་མ་དེ་གཤེར་ནང་དྲ་ཚོགས་ལ་མཐུད་ཡོད་པ་དང་། བུ་ག་དེ་དག་གིས་ཕྱི་ནང་གཉིས་སུ་འདུས་རྡུལ་རགས་པ་རྣམས་རྒྱུ་རུ་འཇུག |
nuclear energy ལྟེ་རྡུལ་ནུས་པ། | phys. Energy obtained as a result of nuclear fission or nuclear fusion. The nuclear fission of one uranium atom yields about 3.2 x 10-11 joule, whereas the combustion of one carbon atom yields about 6.4 x 10-19 joule. | ལྟེ་རྡུལ་འདུས་འགྱུར་རམ་ལྟེ་རྡུལ་གས་འགྱུར་ལ་བརྟེན་ནས་བྱུང་བའི་ནུས་པ། ཡུ་རེ་ནིམ་རྡུལ་ཕྲན་གཅིག་གས་འགྱུར་བྱས་པ་ལ་བརྟེན་ནས་ནུས་པ་འཇུལ་ 3.2 x 10-11 བསྐྲུན་ཐུབ་ལ། ནག་རྫས་རྡུལ་ཕྲན་གཅིག་འབར་བའི་སྐབས་སུ་ནུས་པ་འཇུལ་6.4 x 10-19 ལས་བསྐྲུན་མི་ཐུབ། |
nuclear combination ལྟེ་རྡུལ་འདུ་རུབ། | phys. | |
nuclear breakup ལྟེ་རྡུལ་གས་ཆག | phys. | |
nuclear binding energy ལྟེ་རྡུལ་སྡོམ་ནུས། | phys. | |
nova ནོ་ཝ། | phys. A star that, over a period of only a few days, becomes 103-104 times brighter than it was. Some 10-15 such events occur in the Milky Way each year. | ཉིན་འགའི་དུས་ཡུན་གྱི་ནང་དུ་བཀྲག་མདངས་ལྡབ་སྟོང་ནས་ཁྲི་ཡིས་འཕེལ་བའི་སྐར་མ་ཞིག དགུ་ཚིགས་སྐྱ་མོའི་ནང་དུ་ལོ་རེ་བཞིན་འདི་ལྟ་བའི་གནས་ཚུལ་བཅུ་ནས་བཅོ་ལྔ་བར་འབྱུང་བཞིན་ཡོད། |
notochord སྒལ་ཐིག | biol. A flexible rodlike structure that is present in the embryos of all chordates and in the adult forms of certain groups, such as the lancelets and hagfishes. The notochord develops into the spinal column in most vertebrates. | སྒལ་ཐིག་ཅན་གྱི་སྡེ་ཚང་མའི་སྦྲུམ་སྲིང་དང་། མདུང་ཉ་དང་ཧེག་ཉ་ལྟ་བུའི་སྡེ་ཚན་ཁག་ཅིག་གི་དར་མའི་གནས་སྐབས་སུ་ཡང་ཡོད་པའི་དབྱུག་དབྱིབས་འདྲ་ཞིང་མཉེན་ལྕུག་ལྡན་པའི་བཀོད་པ་ཞིག སྒལ་རུས་ཅན་གྱི་སྲོག་ཆགས་ཕལ་ཆེ་བའི་ནང་དུ་སྒལ་ཐིག་འདི་སྒལ་ཚིགས་སུ་འགྱུར་འགྲོ་བ་ཡིན། |
notion བསམ་ཚུལ། འདུ་ཤེས། འཆར་སྣང་། དོན་སྤྱི། བསམ་བློ། གོ་དོན། ལྟ་སྟངས། མནོ་བསམ། | Phil. | |
note དབྱངས་རྟགས། | phys. A written sign representing the pitch and duration of a musical note. | རོལ་མོའི་དབྱངས་ཤིག་གི་དབྱངས་རྟ་དང་རིང་ཐུང་མཚོན་བྱེད་ཀྱི་མཚོན་རྟགས་བྲིས་མ་ཞིག |
notation འགོད་སྟངས། | phys. A series or system of written symbols used to represent numbers, amounts, or elements in something such as music or mathematics. | གྲངས་ཀའམ་འབོར་ཚད། ཡང་ན་རོལ་མོའམ་ཨང་རྩིས་ལྟ་བུའི་ནང་གི་གྲུབ་ཆ་ཞིག་མཚོན་པར་སྤྱོད་པའི་མཚོན་རྟགས་ཀྱི་མ་ལག་ཅིག་གམ་བསྟར་རིམ་ཞིག |
not defined འགྲེལ་མི་ཐུབ་པ། | | |
northern lights བྱང་འོད། | phys. Glowing of the atmosphere caused by ions from above the atmosphere that dip into the atmosphere; also called northern lights. | རླུང་ཁམས་ཀྱི་ཕྱི་རོལ་དུ་ཡོད་པའི་གྱེས་རྡུལ་རླུང་ཁམས་སུ་འཛུལ་བ་ལ་བརྟེན་ནས་བྱང་ཕྱོགས་སུ་རླུང་ཁམས་འོད་ཆེམ་ཆེམ་དུ་གྱུར་བ་ལ་ཟེར། |
North Star བྱང་སྐར། | Phys. | |
north pole བྱང་སྣེ། | phys. The northern end of the earth's axis of rotation, a point in the Arctic Ocean. | སའི་གོ་ལའི་རང་འཁོར་སྲོག་ཤིང་གི་བྱང་ཕྱོགས་ཀྱི་སྣེ་སྟེ། བྱང་སྣེ་རྒྱ་མཚོའི་ནང་གི་ཚེག་ཅིག |