Search:
TermEnglish DefinitionTibetan Definition
nucleon ལྟེ་ཆ། (ལྟེ་རྡུལ་གྱི་ཆ།) phys. Principal building block of the nucleus; a neutron or a proton; the collective name for either or both. ལྟེ་རྡུལ་གྱི་གཞི་རྩའི་གྲུབ་ཆ་སྟེ་བར་རྡུལ་ལམ་ཕོ་རྡུལ། འདི་གཉིས་ལས་གང་རུང་གཅིག་གམ་གཉིས་ཀར་སྤྱོད་པའི་ཐུན་མོང་གི་མིང་།
nucleolus ཉིང་ཕྲ། biol. A small structure within the nucleus of a cell that contains RNA and protein and is the site where ribosomes are formed. ཕྲ་ཕུང་ཞིག་གི་ལྟེ་ཉིང་གི་ནང་རོལ་དུ་ཡོད་ཅིང་། ཨར་ཨེན་ཨེ་དང་སྤྲི་རྫས་གནས་སའི་བཀོད་པ་ཆུང་ཆུང་ཞིག་ལ་གོ་བ་དང་། རཻ་སྦོ་སོན་གྲུབ་སའི་གནས་དེ་རེད།
nucleic acid ཉིང་སྐྱུར། biol. Large chemical polymer that stores genetic information and mediates its transfer during protein synthesis; DNA and RNA are nucleic acids. རིགས་རྫས་ཀྱི་ཆ་འཕྲིན་གསོག་ཉར་བྱེད་པ་དང་། སྤྲི་རྫས་སྦྱོར་སྡེབ་ཀྱི་སྐབས་སུ་ཆ་འཕྲིན་དེ་དག་རྒྱུད་སྤྲོད་བྱེད་མཁན་གྱི་ཟློས་རྫས་ཆེན་པོ་ཞིག་ལ་གོ་ཞིང་། ཌི་ཨེན་ཨེ་དང་ཨར་ཨེན་ཨེ་གཉིས་ནི་ཉིང་སྐྱུར་ཡིན།
nuclease ཉིང་ཕྲ་སྨིན་རྫས། biol. Any of several enzymes, including the endonucleases and the exonucleases, that hydrolyze bonds between nucleotides in nucleic acids. ལྟེ་ཉིང་སྐྱུར་རྫས་ནང་གི་ཉིང་རྡུལ་གྲུབ་ཆ་དབར་གྱི་འཆིང་སྦྱོར་ཆུས་འཕྲལ་གཏོང་མཁན་ཏེ། ནང་གི་ཉིང་ཕྲ་སྨིན་རྫས་དང་ཕྱིའི་ཉིང་ཕྲ་སྨིན་རྫས་ལ་སོགས་པའི་སྨིན་རྫས་གང་ཡང་རུང་བ་ཞིག་ལ་གོ
nuclear weapon ལྟེ་རྡུལ་མཚོན་ཆ། phys. Weapons in which an explosion is caused by nuclear fission, nuclear fusion or a combination of both. ལྟེ་རྡུལ་གས་འགྱུར་རམ། ལྟེ་རྡུལ་འདུས་འགྱུར། ཡང་ན། འདི་གཉིས་མཉམ་དུ་བྱུང་བ་ལ་བརྟེན་ནས་གས་ཐོར་བསྐྲུན་པར་བྱེད་པའི་མཚོན་ཆ།
nuclear reactor ལྟེ་ནུས་བསྐྲུན་ཆས། phys. Apparatus in which controlled nuclear fission or nuclear fusion reactions take place. སྟངས་འཛིན་ཡོད་པའི་ལྟེ་རྡུལ་གས་འགྱུར་རམ་ལྟེ་རྡུལ་འདུས་འགྱུར་འབྱུང་སའི་ཡོ་ཆས།
nuclear reaction ལྟེ་རྡུལ་འདྲེས་འགྱུར། phys. Any reaction in which there is a change to an atomic nucleus. This may be a natural spontaneous disintegration or an artificial bombardment of a nucleus with an energetic particle, as in a nuclear reactor. རྡུལ་ཕྲན་གྱི་ལྟེ་རྡུལ་ལ་འགྱུར་བ་འགྲོ་བའི་འདྲེས་འགྱུར་ཞིག འདི་ནི་རང་བྱུང་གི་སྐད་ཅིག་མའི་ཐོར་བཤིག་ཡིན་ཆོག་ལ། ལྟེ་ནུས་བསྐྲུན་ཆས་ཀྱི་ནང་དུ་མིས་བྱེད་ལས་ལ་བརྟེན་ནས་ལྟེ་རྡུལ་ཞིག་ནུས་པ་ཆེ་བའི་རྡུལ་ཞིག་དང་ལྷན་དུ་གདོང་ཐུག་བརྒྱབ་པ་ཞིག་ཀྱང་ཡིན་ཆོག
nuclear power ལྟེ་རྡུལ་ནུས་སྟོབས། phys. Electric power or motive power generated by a nuclear reactor. ལྟེ་ནུས་བསྐྲུན་ཆས་ཀྱིས་བསྐྲུན་པའི་གློག་གི་སྟོབས་སམ་འགུལ་ཤུགས་ཀྱི་སྟོབས།
nuclear pore ཉིང་ཁུང་། biol. One of a series of channels spanning the nuclear envelope of eukaryotic cells that allow transport of material between the nucleus and the cytoplasm. ཉིང་ལྡན་ཕྲ་ཕུང་གི་ཉིང་སྐོགས་ཀྱི་ངོས་སུ་རྒྱུ་ལམ་བསྟར་མ་ཞིག་ཁྱབ་ཡོད་པའི་ནང་གི་གང་རུང་གཅིག་ལ་གོ་ཞིང་། ལྟེ་ཉིང་དང་ཕྲ་ཚི་གཉིས་ཀྱི་དབར་དུ་དངོས་རྫས་སྐྱེལ་འདྲེན་བྱེད་དུ་འཇུག
nuclear physics ལྟེ་རྡུལ་དངོས་ཁམས་རིག་པ། phys. The physics of atomic nuclei and their interactions, with particular reference to the generation of nuclear energy. རྡུལ་ཕྲན་གྱི་ལྟེ་རྡུལ་དང་། ལྟེ་རྡུལ་ཁག་གི་འབྲེལ་སྦྱོར། ལྷག་པར་དུ་ལྟེ་རྡུལ་གྱི་ནུས་པ་སྐྱེད་བསྐྲུན་ལ་དམིགས་པའི་དངོས་ཁམས་ཚན་རིག།
nuclear membrane ཉིང་སྐྱི། biol. The double-layered membrane enclosing the nucleus of a cell. Also called nuclear envelope. ཕྲ་ཕུང་ཞིག་གི་ལྟེ་ཉིང་བཏུམ་བྱེད་རིམ་པ་གཉིས་ལྡན་གྱི་སྐྱི་མོ། འདི་ལ་ལྟེ་ཉིང་གི་ཕྱི་ཐུམ་ཞེས་ཀྱང་ཟེར།
nuclear magnetic resonance imaging (NMRI) ལྟེ་རྡུལ་ཁབ་ལེན་མཉམ་འདར་གློག་པར། phys. A procedure in which radio waves and a powerful magnet linked to a computer are used to create detailed pictures of areas inside the body. གློག་ཀླད་ཅིག་ལ་སྦྲེལ་མཐུད་བྱས་པའི་རླུང་འཕྲིན་གྱི་རླབས་དང་ཤུགས་ཆེ་བའི་ཁབ་ལེན་སྤྱད་དེ་ལུས་པོའི་ནང་རོལ་གྱི་བཀོད་པའི་སྐོར་གྱི་དཔར་ཞིབ་ཚགས་པོའི་སྒོ་ནས་བསྐྲུན་པར་བྱེད་པའི་བྱ་ཐབས་རྒྱུད་རིམ་ཞིག
nuclear fusion ལྟེ་རྡུལ་འདུས་འགྱུར། phys. A type of nuclear reaction in which atomic nuclei of low atomic number fuse to form a heavier nucleus with the release of large amounts of energy. རྡུལ་གྲངས་དམའ་བའི་ལྟེ་རྡུལ་འགའ་ཤས་འདུས་འགྱུར་བྱེད་པ་ལ་བརྟེན་ནས་ལྕི་བའི་ལྟེ་རྡུལ་ཞིག་གྲུབ་ཅིང་ནུས་པ་ཕོན་ཆེན་པོ་ཞིག་འདོན་པའི་ལྟེ་རྡུལ་གྱི་འདྲེས་འགྱུར་ཞིག
nuclear fuel ལྟེ་རྡུལ་བུད་རྫས། phys. A material that will sustain a fission chain reaction so that it can be used as a source of nuclear energy. བསྟར་ཆགས་གས་འགྱུར་རྒྱུན་གནས་བྱེད་དུ་འཇུག་པ་ལ་བརྟེན་ནས་ལྟེ་རྡུལ་ནུས་པའི་འབྱུང་ཁུངས་སུ་སྤྱོད་ཆོག་པའི་དངོས་རྫས་ཤིག
nuclear force ལྟེ་རྡུལ་ཤུགས། phys. A strong attractive force between nucleons in the atomic nucleus that holds the nucleus together. རྡུལ་ཕྲན་གྱི་ལྟེ་རྡུལ་ནང་གི་ལྟེ་ཆའི་བར་དུ་ཡོད་ཅིང་ལྟེ་རྡུལ་དམ་པོར་འཛིན་མཁན་གྱི་འཐེན་ཤུགས་དྲག་པོ་ཞིག