Search:
TermEnglish DefinitionTibetan Definition
organ donor དབང་པོ་སྦྱིན་མཁན། biol. A person who donates an organ or organs from their body for transplantation. དབང་པོ་སྤོ་འཛུགས་བྱེད་པའི་ཆེད་དུ་རང་ཉིད་ཀྱི་ལུས་པོ་ནས་དབང་པོ་གཅིག་གམ་དུ་མ་སྦྱིན་མཁན་གྱི་གང་ཟག་ལ་གོ
organ འབུད་རོལ། (རོལ་ཆས་ཤིག) mus.
organ དབང་པོ། ལུས་ཀྱི་དབང་པོ། biol. A group of tissues that perform a specific function or group of functions. བྱེད་ལས་ངེས་ཅན་གཅིག་གམ་བྱེད་ལས་ཁག་ཅིག་སྒྲུབ་མཁན་གྱི་ཕུང་གྲུབ་ཀྱི་སྡེ་ཚན་ཞིག་ལ་གོ
orexin དང་སད་འཕྲིན་པ། neurosci. Either of two neuropeptide hormones synthesized in the hypothalamus that regulate sleep and wakefulness and whose dysfunction causes narcolepsy. ཀླད་སྦུག་འོག་མའི་ནང་དུ་སྦྱོར་སྡེབ་བྱེད་ཅིང་སད་གཉིད་གཉིས་ལ་ཚོད་འཛིན་བྱེད་མཁན་གྱི་དབང་རྩའི་སྤྲི་རྩི་གཉིས་ལས་གང་རུང་ཞིག་ལ་གོ་ཞིང་། འདི་ཡི་བྱེད་ལས་འཆོལ་བ་ལ་བརྟེན་ནས་གཉིད་འབོག་འབྱུང་གི་ཡོད།
Ordovician period མཚོ་རྒྱས་དུས་རབས། biol.
order pair རིམ་ཆ།
order གྲལ། biol. A principal taxonomic category that ranks below class and above family. ཚན་པའི་འོག་དང་ཁྱིམ་གྱི་སྟེང་དུ་ཡོད་པའི་དབྱེ་བསྡུ་རིག་པའི་ནང་གི་སྡེ་ཚན་གལ་ཆེན་ཞིག
orchestra རོལ་རྩེད་རུ་ཁག phys. A large group of musicians who play together on various instruments, usually including strings, woodwinds, brass instruments, and percussion instruments. སྤྱིར་བཏང་རྒྱུད་སྐུད་ཅན་གྱི་རོལ་ཆ་དང་། ཤིང་བཟོས་འབུད་རོལ། རག་གི་རོལ་ཆ། རྡུང་བྱའི་རོལ་ཆ་ལ་སོགས་པའི་རོལ་ཆ་སྣ་ཚོགས་མཉམ་དུ་འབུད་རྡུང་དཀྲོལ་གསུམ་བྱེད་མཁན་གྱི་རུ་ཁག་ཆེན་པོ་ཞིག་ལ་གོ
orbitofrontal cortex མིག་མདུན་ཀླད་ཤུན། neurosci. The area of the cerebral cortex located at the base of the frontal lobes above the orbits (or eye sockets), involved especially in social and emotional behavior. མིག་ཀོང་ཐོད་ཀྱི་མདུན་འདབ་ཀྱི་མཐིལ་དུ་ཆགས་པའི་ཀླད་ཆེན་ཀླད་ཤུན་གྱི་ས་ཁུལ་ལ་ཟེར་ཞིང་། འདི་ནི་ལྷག་པར་དུ་སྤྱི་ཚོགས་དང་འབྲེལ་བའི་གཤིས་སྤྱོད་དང་། སེམས་མྱོང་དང་འབྲེལ་བའི་གཤིས་སྤྱོད་གཉིས་ལ་འབྲེལ་བ་ཡོད་པ་ཡིན།
orbit སྐོར་བ། སྐོར་བ་རྒྱག་པ། འཁོར་ལམ། phys. The path through space of one celestial body about another. མཁའ་དབྱིངས་ཀྱི་དངོས་གཟུགས་ཤིག་གཞན་ཞིག་གི་མཐའ་རུ་སྐོར་བ་བྱེད་སའི་བར་སྣང་གི་འཁོར་ལམ།
oral cavity ཁའི་བུ་ག biol. The space in the mouth that contains the teeth, salivary ducts, and tongue. སོ་དང་། མཆིལ་མའི་སྦུ་གུ ལྕེ་བཅས་ཡོད་སའི་ཁ་ནང་གི་སྟོང་ཆ་ལ་གོ
optogenetics འོད་སྤྱད་རིགས་རྫས་རིག་པ། འོད་སྤྱད་རིགས་རྫས། biol. A technique in neuroscience in which genes for light-sensitive proteins are introduced into specific types of brain cells in order to monitor and control their activity precisely using light signals. འོད་བརྡ་ལ་བརྟེན་ནས་ཀླད་པའི་ཕྲ་ཕུང་ཁག་ཅིག་གི་བྱེད་ལས་ལ་བྱ་ར་དང་སྟངས་འཛིན་ཏག་ཏག་བྱེད་པའི་ཆེད་དུ། ཀླད་པའི་ཕྲ་ཕུང་རིགས་ངེས་ཅན་དུ་འོད་ལ་ཚོར་བ་སྐྱེན་པའི་སྤྲི་རྫས་དང་འབྲེལ་བ་ཡོད་པའི་རིགས་རྫས་ནང་འཇུག་བྱེད་པའི་དབང་རྩ་ཚན་རིག་གི་ཐབས་ཚུལ་ཞིག
Optimism རེ་བཟང་ཕུགས་བཅོལ། བཟང་རེ། SEE Learning
Optimism Bias བཟང་རེའི་ཕྱོགས་རིས། neurosci.
optimal ལེགས་ཤོས། འཚམས་ཤོས། ཡང་རྩེ། རྩེ་ཕུད། Most favorable or desirable; optimum. དགའ་ཤོས་སམ། ཡིད་ལ་འགྲོ་ཤོས་ཏེ། གནས་སྟངས་ཡག་ཤོས།