Search:
TermEnglish DefinitionTibetan Definition
overlapping gene ལྡབ་རྩེག་རིགས་རྫས། biol. Two or more genes in which the nucleotide sequence of part or all of one gene overlaps with that of the next gene. རིགས་རྫས་ཤིག་གི་ཉིང་རྡུལ་གྲུབ་ཆའི་ཕྲེང་རིམ་ཡོངས་རྫོགས་སམ་ཆ་ཤས་ཙམ་དེའི་འགྲམ་དུ་ཡོད་པའི་རིགས་རྫས་གཞན་ཞིག་གི་ཉིང་རྡུལ་གྲུབ་ཆ་དང་ལྷན་དུ་སྣོལ་ནས་ཡོད་པའི་རིགས་རྫས་གཉིས་སམ་དུ་མར་གོ
over weight ལྗིད་ཆེས་བ། biol. The condition of being obese; increased body weight caused by excessive accumulation of fat. རྒྱགས་དྲགས་པའི་རང་བཞིན་ཏེ། ཚིལ་ཚད་ལས་བརྒལ་བ་བསགས་པ་ལ་བརྟེན་ནས་ལུས་ཀྱི་ལྗིད་ཚད་ཆེ་རུ་སོང་བ།
ovary བསམ་སེའུ། biol. One of the paired female reproductive organs that produce eggs and female sex hormones in humans and other vertebrates. མི་དང་སྒལ་རུས་ཅན་གྱི་སྲོག་ཆགས་གཞན་གྱི་ནང་དུ་ཁམས་དམར་དང་བུད་མེད་ཀྱི་རྨེན་རྫས་སྐྱེད་སྐྲུན་བྱེད་མཁན་གྱི་བུད་མེད་སྐྱེ་འཕེལ་དབང་པོ་ཆ་གཅིག་ཡོད་པ་ལས་གང་རུང་ཞིག
output force ཕྱི་འདྲེན་གྱི་ཤུགས། phys. The force the machine exerts on a object འཕྲུལ་ཆས་ཤིག་གིས་དངོས་པོ་ཞིག་གི་སྟེང་དུ་བསྣན་པའི་ཤུགས།
output distance ཕྱི་འདྲེན་རྒྱང་ཐག phys. Distance output force is exerted through ཕྱི་འདྲེན་གྱི་ཤུགས་ཕོག་སྟེ་བགྲོད་པའི་རྒྱང་ཐག
output ཐོན་སྐྱེད། འབྲས་བུ། 1. An amount produced or manufactured during a certain time.2. The energy, power, or work produced by a system. ༡ དུས་ཡུན་ངེས་ཅན་ཞིག་ཏུ་ཐོན་སྐྱེད་དམ་བཟོ་སྐྲུན་བྱས་པའི་གྲངས་འབོར། ༢ མ་ལག་ཅིག་གིས་སྐྲུན་པའི་ནུས་པའམ། སྟོབས་སམ། ཡང་ན་ལས་ཀ
Outer planets ཕྱི་གཟའ། phys. (ཕྱི་གནས་གཟའ་སྐར།)
outer membrane སྐྱི་མོ་ཕྱི་མ། biol. The outermost of two protein-containing phospholipid bilayers that surround mitochondria, chloroplasts, nuclei, and also Gram-negative bacteria. ནུས་སྐྱེད་དབང་ཕྲ་དང་། ལྗང་རྫས་དབང་ཕྲ། ལྟེ་ཉིང་། གྷར་ཚོས་མི་ལེན་ཕྲ་ཕུང་ལྟ་བུའི་མཐའ་རུ་སྐོར་མཁན་གྱི་སྤྲི་རྫས་དང་ལྡན་པའི་འོད་མའི་ལི་ཚིལ་རིམ་པ་གཉིས་ལྡན་དེའི་རིམ་པ་ཕྱི་མ་དེ་ལ་གོ
Outcrossing ཕྱི་སྦྱོར། biol.
Out-group གཞན་སྡེ། གཞན་ཕྱོགས། SEE Learning
out of phase ངོ་མི་མཐུན་པ། phys. Term applied to two waves for which the crest of one wave arrives coincident with a trough of the second wave. Their affects tend to cancel each other. རླབས་གཅིག་གི་ཟེ་མགོ་རླབས་གཞན་དེའི་རླབས་གཤོང་ལ་ཐུག་པའི་གནས་སྐབས་ཀྱི་རླབས་གཉིས་ལ་སྤྱོད་པའི་ཚིག་ཅིག འདིའི་ཤུགས་རྐྱེན་གྱིས་རླབས་ཕན་ཚུན་མེད་པར་བཟོ་བ་ཡིན།
ought self དགོས་བདག phil.
otoliths (utricle and saccule) རྣ་རྡེའུ། biol. One of the small calcareous particles found in the inner ear of many vertebrates, especially fishes, which are involved in determining body orientation and sometimes in perceiving sound. སྒལ་རུས་ཅན་གྱི་སྲོག་ཆགས་གང་མང་དང་། ལྷག་པར་དུ་ཉ་ཡི་ནང་རྣ་ཡི་ནང་དུ་ཡོད་པའི་རྡོ་ཞོ་ཅན་གྱི་རྡུལ་གཅིག་ལ་གོ་བ་དང་། འདི་ནི་ལུས་པོའི་ཁ་ཕྱོགས་སྟོན་སྟངས་ལ་འབྲེལ་བ་ཡོད་པ་དང་མཚམས་རེར་སྒྲ་གོ་བར་ཡང་འབྲེལ་བ་ཡོད།
otic placode སྣའི་ཚལ་བུ། biol. An epidermal thickening, next to the hindbrain in the early embryo, from which the internal ear develops. ཐོག་མའི་སྦྲུམ་སྲིང་གི་དུས་སྐབས་སུ་རྒྱབ་ཀླད་ཀྱི་འགྲམ་ནས་ཇེ་མཐུག་ཏུ་འགྱུར་བའི་ཕྱི་པགས་ཤིག་ལ་གོ་ཞིང་། འདི་ལས་ནང་རྣ་འཚར་འཕེལ་འབྱུང་།
Other-orientated གཞན་ལ་ཕྱོགས་པའི། SEE Learning