pair bond གཉིས་གཅུགས། | biol. The temporary or permanent association formed between two animals during courtship and mating. | སྲོག་ཆགས་གཉིས་འདུས་པའམ་ཕན་ཚུན་འགུག་ཐབས་བྱེད་པའི་སྐབས་སུ་གྲུབ་པའི་འཕྲལ་ཕུགས་གང་རུང་གི་འབྲེལ་བ་ལ་གོ |
paint gun ཚོས་མདའ། | phys. An airgun firing capsules of paint, used in the game of paintball. | རླུང་གི་གནོན་ཤུགས་ལ་བརྟེན་ནས་ཚོན་རྩིའི་མདེའུ་འཕེན་བྱེད་ཀྱི་མེ་མདའ་ཞིག་ལ་གོ་ཞིང་། ཚོན་རྩའི་རྡེལ་རིལ་ཞེས་པའི་རྩེད་མོ་རུ་བེད་སྤྱོད་བྱེད། |
pain ཟུག་རྔུ། | neurosci. | |
Paddle-wheel སྐྱ་འཁོར། | phys. | |
padded dashboard བར་བཙངས་མདུན་པང། | | |
Paclitaxel པེག་ལི་ཊེ་སེལ། (འབྲས་ནད་ཀྱི་སྨན་ཞིག) | chem. | |
Pacinian corpuscles པེ་སི་ནིན་རྩ་སྣེ། | biol. An encapsulated receptor found in deep layers of the skin that senses vibratory pressure and touch. | འདར་འགུལ་གྱི་གནོན་ཤུགས་དང་རེག་པ་ཚོར་བར་བྱེད་ཅིང་པགས་པའི་གཏིང་རིམ་ན་ཡོད་པའི་ཕྱི་ཐུམ་ཅན་གྱི་སྣེ་ལེན་པ་ཞིག |
pacemaker འགྲོས་ཆས། སྐུལ་ཆས། | biol. A device for stimulating the heart muscle and regulating its contractions. | སྙིང་གི་ཤ་སྒྲིམ་ལ་སྐུལ་རྐྱེན་སྤྲོད་པ་དང་དེའི་བསྡུ་འཁུམ་ལ་སྟངས་འཛིན་བྱེད་མཁན་གྱི་ཡོ་ཆས་ཤིག |
ozone layer ཨོ་ཛོན་རླུང་རིམ། | biol. A region of the atmosphere lying mostly in the stratosphere, between about 15 and 30 kilometers in altitude, containing a relatively high concentration of ozone that absorbs solar ultraviolet radiation in a wavelength range not screened by other atmospheric components. | མཐོ་ཚད་ཀི་ལོ་མི་ཊར་ ༡༥ ནས་ ༣༠ བར་དུ་ཡོད་པའི་རླུང་ཁམས་ཀྱི་ཆ་ཤས་ཤིག་ལ་གོ་ཞིང་། ཆ་ཤས་ཕལ་ཆེ་བ་དྲོད་སྙོམས་གོ་ལའི་ནང་ཁུལ་དུ་ཡོད་པ་དང་། དེའི་ནང་དུ་རླུང་ཁམས་ཀྱི་གྲུབ་ཆ་གཞན་གྱིས་ཚགས་རྒྱག་ཐུབ་མེད་པའི་ཉི་མའི་སྨུག་ཕྱིའི་འགྱེད་འཕྲོ་འཇིབ་བྱེད་ཨོ་ཛོན་གྱི་འདུས་ཚད་ཆེན་པོ་ཡོད་པ་ཡིན། |
Ozone hole ཨོ་ཛོན་བུ་ག | biol. | |
ozone ཨོ་ཛོན། | phys. A gas of oxygen molecules composed of three, rather than usual two, oxygen atoms. O3 is formed when the molecule of stable oxygen (O2) is split by UV radiation or electrical discharge. Found naturally in a thin layer in the upper atmosphere. | འཆར་ཅན་ལྟར་འཚོ་རླུང་གི་རྡུལ་ཕྲན་གཉིས་ཀྱིས་གྲུབ་པ་མིན་པར་རྡུལ་ཕྲན་གསུམ་གྱིས་གྲུབ་པའི་རླངས་གཟུགས་ཀྱི་འཚོ་རླུང་འདུས་རྡུལ་ཞིག སྨུག་ཕྱིའི་འགྱེད་འཕྲོའམ་གློག་གཏོང་ལ་བརྟེན་ནས་བརྟན་པོ་ཡིན་པའི་འཚོ་རླུང་འདུས་རྡུལ་ (O2) ཁ་ཕྲལ་དུ་བཏང་བ་ལས་ O3 གྲུབ་ཀྱི་ཡོད། སྟེང་ཕྱོགས་ཀྱི་རླུང་ཁམས་སུ་ཨོ་ཛོན་གྱི་བང་རིམ་སྲབ་མོ་ཞིག་རང་བྱུང་དུ་ཡོད། |
oxytocin ཨོག་སི་ཊོ་སིན། (རྨེན་རྫས།) | chem. A short polypeptide hormone, released from the posterior lobe of the pituitary gland, that stimulates the contraction of smooth muscle of the uterus during labor and facilitates ejection of milk from the breast during nursing. | པེ་ཅུ་རྨེན་བུའི་རྒྱབ་ཀྱི་འདབ་མས་གློད་འདོན་བྱས་པའི་མང་ཟློས་སྤྲི་རྩི་ཡིས་གྲུབ་པའི་རྨེན་རྫས་ཐུང་ཐུང་ཞིག་ལ་གོ་ཞིང་། བྱིས་པ་བཙའ་བའི་སྐབས་སུ་བུ་སྣོད་ཀྱི་འཇམ་ཤ་བསྡུ་འཁུམ་ལ་སྐུལ་སློང་བྱེད་པ་དང་། བྱིས་པར་ནུ་མ་སྣུན་པའི་སྐབས་སུ་ནུ་མ་ནས་འོ་མ་འབྱུང་བར་རམ་འདེགས་བྱེད། |
oxygenated hemoglobin འཚོ་རླུང་ལྡན་པའི་ཁྲག་དམར་སྤྲི་རྫས། | biol. | |
oxygenated blood འཚོ་རླུང་ལྡན་པའི་ཁྲག། | biol. Blood that has been exposed to oxygen in the lung; sometimes referred to as arteriolized blood. | གློ་བའི་ནང་ནས་འཚོ་རླུང་ཕོག་ཏུ་བཅུག་ཡོད་པའི་ཁྲག་ལ་གོ མཚམས་རེར་འཕར་རྩའི་ནང་གི་ཁྲག་ལ་ཡང་གོ |
oxygen འཚོ་རླུང་། | chem. A colourless, odourless reactive gas, the chemical element of atomic number 8 and the life-supporting component of the air. | རྡུལ་གྲངས་ ༨ ཡིན་པའི་རྩ་རྫས་ཏེ། ཁ་དོག་དང་དྲི་མ་མེད་ལ་རྫས་འགྱུར་སྐྱེན་པའི་རླངས་གཟུགས་ཤིག་ཡིན་པ་དང་། སྲོག་འཚོ་བར་རམ་འདེགས་བྱེད་པའི་རླུང་ཁམས་ཀྱི་གྲུབ་ཆ་དེ་ཡིན་ནོ། |