valence shell བྲིན་སྐོགས། | biol. | |
valence shell electron བྲིན་སྐོགས་ཀྱི་གློག་རྡུལ། | biol. | |
valence of an emotion སེམས་མྱོང་ཞིག་གི་རིན་ཐོབ། | neurosci. | |
valence electron བྲིན་པའི་གློག་རྡུལ། | phys. An electron in one of the outer shells of an atom that takes part in forming chemical bonds. | རྡུལ་ཕྲན་གྱི་སྐོགས་རིམ་ཕྱི་མའི་ནང་དུ་ཡོད་ཅིང་། རྫས་སྦྱོར་གྱི་འཆིང་བ་འགྲུབ་པར་ཆ་ཤས་ལེན་པའི་གློག་རྡུལ། |
vagus nerve རྒྱུ་བའི་དབང་རྩ། | neurosci. A long nerve that passes from the brain to the face, trunk, and abdomen. It controls the muscles of the larynx (voice box), stimulates digestion, and regulates the heartbeat. The vagus nerve is a cranial nerve. | ཀླད་པ་ནས་གདོང་དང་། བྱང་ཁོག ཁོག་སྨད་བཅས་ཀྱི་དབར་དུ་རྒྱུ་བའི་དབང་རྩ་རིང་པོ་ཞིག དེ་ཡིས་གྲེ་བ་(སྒྲ་སྒམ་) ཡི་ཤ་སྒྲིམ་ལ་ཚོད་འཛིན་དང་ཟས་འཇུ་ལེན་ལ་སྐུལ་རྐྱེན་བྱེད་པ་མ་ཟད། སྙིང་གི་འཕར་ལྡིང་ལ་ཡང་སྟངས་འཛིན་བྱེད། རྒྱུ་བའི་དབང་རྩ་ནི་ཐོད་རུས་དབང་རྩ་ཞིག་རེད། |
Vague concepts ངེས་གསལ་མེད་པའི་གོ་བ། | phil. | |
vagina མོ་མཚན། | biol. The passage leading from the opening of the vulva to the cervix of the uterus in female mammals. | ནུ་གསོས་སྲོག་ཆགས་མོ་ཡི་མཚན་མའི་ཁ་ནས་བུ་སྣོད་ཀྱི་ཁ་ཡི་དབར་གྱི་སྦུབས་ལམ་དེ་ལ་གོ |
vacuum pump སྟོང་ཕུམ། | phys. A pump used for creating a vacuum. | སྟོང་སང་བཟོ་བྱེད་ཀྱི་ཕུ་མདའ། [རླུང་སྟོང་པ་བཟོ་བྱེད་ཀྱི་ཕུམ་མམ་ཕུ་མདའ།] |
vacuum སྟོང་སང། | phys Absence of matter; void. | བེམ་རྫས་མེད་པ་སྟེ་སྟོང་པ། |
vacuole སྦུག་སྟོང་། | biol. A membrane-bound organelle in the cytoplasm of most cells, especially plant cells, containing water and dissolved substances such as salts, sugars, enzymes, and amino acids. | ཕྲ་ཕུང་ཕལ་ཆེ་བ་དང་། བྱེ་བྲག་ཏུ་རྩི་ཤིང་ཕྲ་ཕུང་གི་ཕྲ་ཚི་རུ་ཡོད་པའི་སྐྱི་མོ་ཅན་གྱི་དབང་ཕྲ་ཞིག་སྟེ། དེའི་ནང་དུ་ཆུ་དང་། བཞུས་ཟིན་པའི་དངོས་རྫས་ཚྭ་དང་། ཀ་ར། སྨིན་རྫས། ཨེ་མི་ནོ་སྐྱུར་རྫས་བཅས་ཡོད་པ་ཡིིན། |
vaccine འགོག་སྨན། | biol. A substance used to stimulate the production of antibodies and provide immunity against one or several diseases, prepared from the causative agent of a disease, its products, or a synthetic substitute, treated to act as an antigen without inducing the disease. | འགོག་གཟུགས་སྐྱེད་སྐྲུན་བྱེད་པར་སྐུལ་རྐྱེན་བྱེད་ཅིང་ན་ཚ་གཅིག་གམ་དུ་མ་ལ་རྒོལ་བའི་ནད་འགོག་རང་བཞིན་སྐྱེད་པར་བྱེད་པའི་དངོས་པོ་ཞིག་ལ་གོ་ཞིང་། ན་ཚ་སྐྱེད་མཁན་དེའམ། དེའི་ཐོན་འབྲས། ཡང་ན་མིས་བཟོས་ཚབ་རྫས་བཅས་གང་རུང་ནས་བཟོས་པ་དང་། ན་ཚ་མ་སྐྱེད་པའི་སྒོ་ནས་འགོག་ཟུངས་སྐྱེད་རྫས་ཀྱི་བྱ་བ་བྱེད། |
vaccination-induced immunity སྨན་འཛུགས་ནད་འགོག | biol. | |
vaccination སྨན་འཛུགས། (འགོག་སྨན།) | biol. Treatment with a vaccine to produce immunity against a disease; inoculation. | འགོག་སྨན་བརྒྱབ་པའི་སྒོ་ནས་ན་ཚ་ཞིག་ལ་རྒོལ་བའི་ནད་འགོག་རང་བཞིན་སྐྱེད་པའི་བཅོས་ཐབས་ལ་གོ་ཞིང་། ནད་སོན་འདེབས་པ་ཡང་ཟེར། |
uvula ལྕེ་ཆུང་། | biol. A fleshy extension at the back of the soft palate which hangs above the throat. | ཡ་རྐན་སྙི་མོའི་རྒྱབ་ཕྱོགས་ནས་མགྲིན་པའི་ཐོད་དུ་འཕྱང་བའི་ཤ་ནར་ནར་དེ་ལ་གོ |
utricle རྣ་རྐྱལ་ཆེ་བ། | biol. The larger of the two parts of the membranous labyrinth of the internal ear. | རྣ་བའི་ནང་ངོས་ཀྱི་ཤུན་པ་ཅན་གྱི་རྣ་བའི་སྦུག་ཀྱོག་གི་ཆ་ཤས་གཉིས་ལས་ཆེ་བ་དེ་ལ་ཟེར། |