Parathyroid glands ཉེ་བའི་ཨོལ་སྒོའི་རྨེན་བུ། | biol. | |
parasympathetic nerves ཉེ་བའི་གཅེས་ཚོར་དབང་རྩ། | neurosci. | |
Parasitism གཞན་ཟའི་རང་བཞིན། | biol. | |
parasitic disease གཞན་ཟས་དྲངས་པའི་ནད། | biol. Parasitic infection describes the infection of a host with a particular parasite. Parasites are microorganisms that rely on other host organisms for their own survival. Many parasites do not cause any harm to their host, but some parasitic infections cause severe diseases, such as malaria. | གཞན་ཟའི་ནད་ནི་གཞན་ཟ་ངེས་ཅན་ཞིག་ལ་བརྟེན་ནས་གནས་བདག་ལ་བྱུང་བའི་གཉན་ཁ་ལ་གོ གཞན་ཟ་ནི་རང་གི་འཚོ་གནས་ཀྱི་ཆེད་དུ་གནས་བདག་སྐྱེ་དངོས་གཞན་ལ་བརྟེན་མཁན་གྱི་ཕྲ་དངོས་ཡིན་པ་དང་། གཞན་ཟ་མང་པོ་ཞིག་གིས་རང་གི་གནས་བདག་ལ་གནོད་པ་སྐྱེལ་གྱི་མེད། འོན་ཀྱང་། གཞན་ཟའི་གཉན་ཁ་ཁག་ཅིག་གིས་དུག་ཚད་འདར་བུ་(མ་ལེ་རི་ཡ་)ལྟ་བུའི་ནད་དྲགས་པོ་སྐྱེད་ཀྱི་ཡོད། |
parasite གཞན་ཟ། | biol. An organism that lives in or on another organism (its host) and benefits by deriving nutrients at the host’s expense. | སྐྱེ་དངོས་ཤིག་ (གནས་བདག) གི་ནང་ངམ་སྟེང་དུ་འཚོ་ཞིང་གནས་བདག་དེ་ནས་བཅུད་རྫས་བླངས་ཏེ་ཁེ་ཕན་ལེན་མཁན་གྱི་སྐྱེ་དངོས་ཤིག |
Paraphyletic རིགས་ཁུངས་ཉེ་གྱུར་གྱི། | biol. | |
Parapatric speciation ཉེ་གནས་གྱེས་འགྱུར། | biol. | |
parameter ཞུགས་གྲངས། ཚད་གཞི། | math. | |
paramecia འཇོང་སྲིན། | biol. A single-celled freshwater animal that has a characteristic slipper-like shape and is covered with cilia. | བསིལ་ལྷམ་གྱི་དབྱིབས་ལྟ་བུའི་ཐུན་མིན་གྱི་ཁྱད་ཆོས་ཡོད་ཅིང་རྫི་སྤུ་ཡིས་གཡོགས་པའི་ཕྲ་ཕུང་གཅིག་ལྡན་གྱི་སྲོག་ཆགས་ཆུ་གཙང་མར་གནས་མཁན་ཞིག |
paramagnetic ཁབ་འཐེན། | phys. Denoting or relating to a substance that in a magnetic field is slightly attracted towards points of higher field intensity | ཁབ་ལེན་ར་བ་ཞིག་ཏུ་འཇོག་སྐབས་ར་བའི་ཤུགས་ཚད་ཆེ་བའི་ཕྱོགས་སུ་ཅུང་ཙམ་འཐེན་པར་བྱེད་པའི་དངོས་རྫས་དེ་མཚོན་པའམ་དེ་དང་འབྲེལ་བ་ཡོད་པ། |
paralysis གྲིབ་སྐྱོན། | biol. Loss or impairment of the ability to move a body part, usually as a result of damage to its nerve supply. | ལུས་པོའི་ཆ་ཤས་ཤིག་ཏུ་ཡོད་པའི་དབང་རྩར་སྐྱོན་ཤོར་བ་ལ་བརྟེན་ནས་ཆ་ཤས་དེ་འགུལ་བའི་ནུས་པ་བརླག་པའམ་ཉམས་པ་ལ་གོ |
Paralympics རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་རྩེད་འགྲན། | phys. An international competition for athletes with disabilities. | དབང་པོ་སྐྱོན་ཅན་གྱི་རྩེད་འགྲན་པའི་ཆེད་དུ་ཚོགས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་རྩེད་འགྲན་སྡུར་ཞིག |
parallelogram rule གཤིབ་རིས་འགྲོ་ལུགས། | math., phys. A rule for finding the resultant of two vectors by constructing a parallelogram with two adjacent sides representing the magnitudes and directions of the vectors, the diagonal through the point of intersection of the vectors representing their resultant | ཉེ་མཐའ་གཉིས་ཀྱིས་ཕྱོགས་འབོར་དངོས་པོ་གཉིས་ཀྱི་འབོར་ཚད་དང་ཁ་ཕྱོགས་མཚོན་པའི་སྒོ་ནས་གཤིབ་རིས་ཤིག་བྲིས་ཏེ། ཕྱོགས་འབོར་དངོས་པོ་གཉིས་ཀྱི་སྣོལ་མཚམས་ནས་བྲིས་པའི་གཏད་ཐིག་གིས་དེ་གཉིས་ཀྱི་རྗེས་འབྲས་མཚོན་པར་བྱེད་པའི་ཕྱོགས་འབོར་དངོས་པོ་གཉིས་ཀྱི་གྲུབ་འབྲས་འཚོལ་བའི་ཐབས་ལམ་ཞིག |
parallelogram གཤིབ་རིས། | math. A quadrilateral having both pairs of opposite sides parallel to each other. | ཁ་གཏད་ཀྱི་གཞོགས་མཐའ་ཆ་གཉིས་ཀ་མཉམ་གཤིབ་ཡིན་པའི་མཐའ་བཞི་མ་ཞིག |
Parallel Universe ཐད་གཤིབ་འཇིག་རྟེན། | phys. | |