Search:
TermEnglish DefinitionTibetan Definition
passive transport རང་འཁྱེར། biol. The movement of a molecule across a biological membrane without any expenditure of metabolic energy. ནུས་སྒྱུར་གྱི་ནུས་པ་ཅི་ཡང་བེད་སྤྱོད་གཏོང་མི་དགོས་པར་སྐྱེ་དངོས་ཀྱི་སྐྱི་མོ་བརྒྱུད་ནས་འདུས་རྡུལ་ཕར་ཚུར་འགྲོ་འོང་བྱེད་པ་ལ་གོ
Passive learning ལྷོད་སྦྱོང་། (འཆད་ཁྲིད་ཤེས་སྦྱོང་།) pedagogy
passive immunity གཞན་སྐྱེད་ནད་འགོག biol. Immunity acquired by the transfer of antibodies from another individual, as through injection or placental transfer to a fetus. གང་ཟག་གཞན་ཞིག་གི་འགོག་གཟུགས་དེ་སྨན་ཁབ་རྒྱག་པའམ་ཤ་མ་རྒྱུད་ནས་སྦྲུམ་སྲིང་ལ་རྒྱུད་གཏོང་བྱེད་པ་ལྟ་བུ་ལ་བརྟེན་ནས་ཐོབ་པའི་ནད་འགོག་ནུས་པ་ལ་གོ
Pascal’s principle པ་སི་ཁལ་གྱི་རྩ་འཛིན། phys. Changes in pressure at any point in an enclosed fluid at rest are transmitted undiminished to all points in the fluid and act in all directions. ཁ་བཏུམས་ཤིང་འགུལ་མེད་ཀྱི་རྒྱུག་གཟུགས་ཤིག་གི་གནས་གང་རུང་རུང་ཞིག་ཏུ་འགྱུར་བ་བཏང་བའི་གནོན་ཤུགས་ནི་གནས་ཐམས་ཅད་ལ་ཇེ་ཆུང་དུ་མ་སོང་བའི་སྒོ་ནས་རྒྱུད་གཏོང་བྱེད་ཅིང་ཕྱོགས་ཐམས་ཅད་ལ་ཁྱབ་པར་བྱེད།
pascal (Pa) པ་སི་ཁལ། phys. SI unit of pressure. One pascal of pressure exerts a normal force of 1 newton per square meter. A kilopascal (kPa) is 1000 pascals. གནོན་ཤུགས་ཀྱི་རྒྱལ་སྤྱིའི་ཚད་ལྡན་བརྩི་གཞི། གནོན་ཤུགས་པ་སི་ཀལ་གཅིག་གིས་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་གཅིག་གི་ངོས་སུ་དྲང་ཤུགས་ནེའུ་ཊོན་ ༡ འདོན་པར་བྱེད། ཀི་ལོ་པ་སི་ཁལ་ (kPa) གཅིག་ནི་པ་སི་ཀལ་ ༡༠༠༠ ཡིན།
parvocellular neurosecretory cell ཟགས་ཐོན་ཕུང་ཆུང་དབང་རྩ་ཕྲ་ཕུང་། neurosci.
particle physics ཕྲ་རྡུལ་དངོས་ཁམས་རིག་པ། phys. The study of elementary particles. རྩ་རྡུལ་ལ་བརྟག་དཔྱད་བྱེད་པའི་རིག་པ།
particle physicist ཕྲ་རྡུལ་དངོས་ཁམས་རིག་པ་བ། phys.
particle collider ཕྲ་རྡུལ་བརྡབ་ཆས། phys. A particle accelerator used to bring about collisions between particles or atoms in order to study their behavior or create isotopes. རྡུལ་ལམ་རྡུལ་ཕྲན་གྱི་ཁྱད་ཆོས་ལ་བརྟག་དཔྱད་བྱེད་པའམ། ཡང་ན་གནས་མཉམ་རྩ་རྫས་སྐྲུན་པའི་ཆེད་དུ་ཕྲ་རྡུལ་ལམ་རྡུལ་ཕྲན་ཕན་ཚུན་རྡུང་ཁ་རྒྱག་ཏུ་འཇུག་བྱེད་ཀྱི་མྱུར་སྣོན་རྡུལ་ཆས་ཤིག
particle accelerator མྱུར་སྣོན་རྡུལ་ཆས། phys. A machine for accelerating charged elementary particles to very high energies, used for research in nuclear physics རྩ་རྡུལ་ལ་མྱུར་སྣོན་སྐྱེད་དེ་ནུས་པ་ཆེན་པོ་བཟོ་མཁན་གྱི་འཕྲུལ་ཆས་ཤིག་ལ་གོ་ཞིང་། ལྟེ་རྡུལ་དངོས་ཁམས་ཚན་རིག་གི་ཞིབ་འཇུག་ཏུ་བེད་སྤྱོད་བྱེད།
particle རྡུལ། phys. One of the fundamental components of matter. བེམ་གཟུགས་ཀྱི་གཞི་རྩའི་གྲུབ་ཆ་ཞིག
Participant མཉམ་ཞུགས་པ། Res.
Participant engagement འཛུལ་ཞུགས་པའི་མཉམ་ཞུགས། SEE Learning
partial tone གདངས་ཆ། phys. One of the many tones that make up one musical sound. Each partial tone (or partial) has only one frequency. The lowest partial of a musical sound is called the fundamental frequency. Any partial whose frequency is a multiple of the fundamental frequency is called a harmonic. The fundamental frequency is also called the first harmonic. The second harmonic has twice the frequency of the fundamental; the third harmonic, three times the frequency, and so on. རོལ་དབྱངས་ཀྱི་སྒྲ་གཅིག་བསྐྲུན་པར་བྱེད་པའི་གདངས་མང་པོའི་ནང་གི་གཅིག གདངས་ཆ་རེ་རེ་ལ་ཟློས་ཕྱོད་གཅིག་ཁོ་ན་ཡོད། རོལ་དབྱངས་ཀྱི་གདངས་ཆ་དམའ་ཤོས་དེ་ལ་གཞི་རྩའི་ཟློས་ཕྱོད་ཟེར། གཞི་རྩའི་ཟློས་ཕྱོད་ཀྱི་ལྡབ་གྲངས་ཀྱིས་གྲུབ་པའི་ཟློས་ཕྱོད་དང་ལྡན་པའི་གདངས་ཆ་ལ་མཚུངས་གདངས་ཟེར། གཞི་རྩའི་ཟློས་ཕྱོད་ལ་མཚུངས་གདངས་དང་པོ་ཡང་ཟེར། མཚུངས་གདངས་གཉིས་པའི་ཟློས་ཕྱོད་ནི་གཞི་རྩའི་ཟློས་ཕྱོད་ཀྱི་ཉིས་ལྡབ་ཡིན་པ་དང་། མཚུངས་གདངས་གསུམ་པ་ནི་གསུམ་ལྡབ་ཡིན་པ་ལ་སོགས་པའོ།
partial seizure ཆ་ཤས་འདར་རེངས། biol. A seizure that originates from a localized area of the cerebral cortex, involves neurologic symptoms specific to the affected area of the brain, and may progress to a generalized seizure. ཀླད་ཆེན་ཀླད་ཤུན་གྱི་ས་ཁུལ་ངེས་ཅན་ཞིག་ཏུ་འགོ་བཙུགས་པའི་འདར་རེངས་ལ་གོ་ཞིང་། གནོད་སྐྱོན་ཐེབས་པའི་ཀླད་པའི་ཆ་ཤས་དེ་དང་འབྲེལ་བའི་དབང་རྩའི་ནད་རྟགས་མངོན་གྱི་ཡོད་པ་དང་། ཡོངས་ཁྱབ་ཀྱི་འདར་རེངས་སུ་འགྱུར་སྲིད་པ་ཡིན།